གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

བོད་ཀྱི་ཡིག་མཁན་མཛུབ་སྨྱོ་ལགས་ཀྱི་ཡིག་གཟུགས་འགྲེམ་སྟོན་བརྡ་ཡིག

 二维码 265
发表时间:2016-10-09 22:56

བོད་ཀྱི་ཡིག་མཁན་མཛུབ་སྨྱོ་ལགས་ཀྱི་ཡིག་གཟུགས་འགྲེམ་སྟོན་བརྡ་ཡིག



   བོད་ཀྱི་ཡིག་མཁན་མཛུབ་སྨྱོའམ་རྒན་ལྷག་པ་ཚེ་རིང་ལགས་ནི་བོད་རང་སྐྱོང་ལྗོངས་ན་མིང་དུ་གྲགས་པའི་ཡིག་གཟུགས་སྒྱུ་རྩལ་པ་ཞིག་ཡིན་ལ། ད་ལྟ་ཀྲུང་གོའི་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་དང་།  བོད་ལྗོངས་ཡིག་གཟུགས་མཁས་པ་མཐུན་ཚོགས་ཀྱི་ཀྲུའུ་ཞི་སྐུ་གཞོན། བོད་ལྗོངས་ན་གཞོན་ཡིག་གཟུགས་མཁས་པ་མཐུན་ཚོགས་ཀྱི་ཀྲུའུ་ཞི་སྐུ་གཞོན་བཅས་ཀྱི་མཚན་གནས་བཞེས་ཤིང་གསར་རྩོམ་གྱི་གྲུབ་འབྲས་བླ་ན་མེད་པ་བཞག་ཡོད།

   ཁོང་གི་ཚུགས་ཆུང་དང་ཚུགས་ཐུང་། ཁྱུག དབུ་ཆེན། འབྲུ་ཚ་བཅས་ལ་རང་རང་གི་ཁྱད་ཆོས་ཐུན་མོང་མ་ཡིན་པ་ཞིག་ལྡན་ཁར། བརྩམས་ཆོས་དེ་དག་ནི་ཁོང་གི་ལྷག་བསམ་གྱི་ཀློང་ནས་རྡོལ་པའི་སྒྱུ་རྩལ་གྱི་གྲུབ་འབྲས་ཤ་རྟགས་ཡིན།  ཡིག་གཟུགས་ཀྱི་ཁྱད་ཆོས་ཐད་རང་བཞིན་སྤྲོས་བྲལ་དང་སྨྱུག་ཁ་གཤོགས་ཆེ་ཞིང་སྙོམས་ལ་མཛེས་ཉམས་དོད་པ། ལྷག་པར་དུ་ཡིག་གཟུགས་གང་ཆེ་དེ་འཚམས་གྱིས་འབྲི་ལེགས་པ། དམ་ལྷོད་སྙོམས་པ་བཅས་ཀྱི་རང་བཞིན་ཆགས་ཡོད། གཞན་ཡང་གནའ་ཡིག་སྨར་ཆེན་སྨར་ཆུང་དང་སྟག་གཟིགས་སྤུངས་ཡིག  གཟི་ཡིག་སོགས་ལའང་ཉམས་ཞིབ་ཟབ་མོ་གནང་ཡོད་པ་མ་ཟད། བོད་ཀྱི་ཡིག་གཟུགས་འཛིན་སྐྱོང་སྤེལ་གསུམ་བྱས་རྗེས་མི་དམན་པ་བཞག་ཡོད།

  ད་ཐེངས་ཁོང་གིས་༼  འཚོ་བར་ཟབ་འཇུག་དང་མི་དམངས་ཀྱི་ཁྲོད་དུ་རྐང་པ་འཛུགས་དགོས ༽ པའི་དུས་རབས་ཀྱི་བརྗོད་དོན་གཙོ་བོའི་བླང་བྱ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་ལག་ལེན་བསྟར་རྒྱུ། མི་དམངས་ལྟེ་བར་འཛིན་རྒྱུ་རྒྱུན་འཁྱོངས་ཀྱི་གསར་རྩོམ་ཁ་ཕྱོགས་སོགས་གང་ལེགས་དུ་མངོན་ཕྱིར།  ཡིག་གཟུགས་སྒྱུ་རྩལ་གྱི་འཚོ་བའི་ཁྲོད་ནས་བོད་ཀྱི་ཤེས་རིག་རྒྱུད་འཛིན་དར་སྤེལ་གྱི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་ཐེངས་གཅིག་ཟླ་འདིའི་ཚེས10ཉིན་གྱི་ཆུ་ཚོད་10དང་ཕྱེད་ནས་བཟུང་ཚེས12བར་བོད་ལྗོངས་ལྷ་ས་གྲོང་ཁྱེར་དངོས་མང་བཤམས་སྟོན་ཁང་ནས་སྤེལ་རྒྱུ་ཡིན་པས། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་དགའ་བསུ་དང་མཐོང་ཆེན་གནང་མཁས་ཀུན་གྱི་མཁས་དབང་དང་། རྒྱ་ཆེའི་མི་དམངས་ཕེབས་གནང་མཛད་དེ། སྒྱུ་རྩལ་འཚོ་བའི་རོ་བཅུད་མངར་མོ་རིམ་གྱིས་མྱང་བར་དགའ་བསུ་ཞུ།