གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

༄༅།།དམུ་དགེ་བསམ་གཏན་རྒྱ་མཚོ།

 二维码 594
发表时间:2015-11-09 23:57作者:བོད་ཀྱི་ཡིག་གཟུགས་དྲ་བས་བརྒྱུད་འགོད་བྱས།来源:དྲ་ཐོག་ནས་བཏུས།

     ཁོང་ནི་སི་ཁྲོན་ཞིང་ཆེན་ཟུང་ཆུ་རྫོང་གི་དམུ་དགེ་ཞེས་བྱ་བའི་དགོན་འོག་སོག་པོ་རུ་ཟེར་བའི་རོང་སྡེ་གྲོང་སྨད་འཁོར་ལོ་ཚང་གི་ཡབ་བསོད་དར་དང་ཡུམ་ཨ་ཚེ་གཉིས་ཀྱི་སྲས་སུ་རབ་བྱུང་བཅོ་ལྔ་པའི་ཤིང་ཕག་སྟག་གི་ལོ་སྟེ་སྤྱི་ལོ་༡༩༡༤ལོར་སྐུ་འཁྲུངས། ཐལ་དགེ་བཤེས་རྗེ་བློ་བཟང་ཆོས་ལྡན་སོགས་ཀྱི་མདུན་ནས་ཀ་ཁའི་སྦྱོར་ཀློག་སོགས་སློབ་སྦྱངས་མཛད། ཨ་ཁུ་བློ་བཟང་བཀྲ་ཤིས་མདུན་ནས་ཡིག་དཀར་དང་ཡིག་ནག་གི་བྲིས་གཟུགས་དང་བརྡ་སྤྲོད་རིག་པ་བཅས་ལ་སློབ་གཉེར་མཐར་ཕྱིན་པར་མཛད། བླ་བྲང་བཀྲ་ཤིས་འཁྱིལ་གྱི་རྨད་བྱུང་ཐོས་བསམ་གླིང་གི་ཆོས་གྲྭའི་ནང་དུ་དཔེ་ཆ་སློབ་གཉེར་མཐར་ཕྱིན་པར་མཛད། དགེ་བཤེས་རྡོ་རམས་པའི་མཚན་སྙན་ཐོབ། དུས་འགྱུར་གྱི་བར་ཆད་སོང་རྗེས་ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དང་། སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་རྒྱུན་ལས་ཨུ་ཡོན། རྔ་བ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཀྱི་གོ་གནས་བཞེས་གནང་མཛད། རིན་པོ་ཆེ་ཁོང་ནི་རང་གི་མི་རིགས་དང་རིག་གནས་ལ་མཛད་རྗེས་ཤིན་ཏུ་ཆེ་བའི་མི་སྣ་ཁྱད་དུ་འཕགས་པ་ཞིག་ཡིན། མཐར་དགུང་ལོ་བརྒྱད་ཅུའི་ཐོག་རབ་བྱུང་བཅུ་བདུན་པའི་ཆུ་བྱ་ལོའི་ཧོར་ཟླ་༣ཚེས་༡༥ཉིན་དེ་སྤྱི་ལོ་༡༩༩༣ལོར་དགའ་ལྡན་ཡིད་དགའ་ཆོས་འཛིན་དུ་ཕེབས་ཚུལ་བསྟན་པ་ཡིན་ནོ། །   གསུང་རྩོམ་སྐོར། ཁོང་གི་གསུང་རྩོམ་ལྕགས་དཔར་མ་པོད་དྲུག་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་གིས་པར་བསྐྲུན་བྱས་ཡོད། ཡིག་གཟུགས་ཀྱི་བྲིས་དཔེ་ཡང་བྲིས་ཡོད།བསྟན་པ་ཡང་དར་གྱི་སྐབས་སུ་བྱོན་པའི་བྲིས་མཁན་གསར་པ་འགའི་ངོ་སྤྲོད།