གསར་འགྱུར།新闻中心སྤྱི་བསྒྲགས།公告ཀླུ་ཆུའི་ཆེད་སྒྲིག碌曲专栏ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

༄༅།།ཁྱུང་པོ་གཡུ་ཁྲི།

 二维码 879
发表时间:2016-01-21 22:44作者:རིག་བསྟན་གྱིས 编辑:ཧེ་རམ་པ་གླང་བཞོན།来源:བོད་ཀྱི་ཡིག་གཟུགས་དྲ་བ།

    བསྟན་པ་སྔ་དར་དང་ཕྱི་དར་བར་གྱི་ཡིག་མཁན་ཆེན་མོ་ཞིག་ཡིན།  ཁོང་གིས་ས་ཞིང་ངམ་དཀྱིལ་འཁོར་འབྲི་ལུགས་ཀྱི་ཐིག་ཚད་འགོད་ཕྱོགས་བཞིན་བོད་ཡིག་དབུ་ཅན་ལ་ཆ་ཚད་གཏན་འབེབས་གནང་སྟེ་བོད་ཡིག་དབུ་ཅན་གྱི་ཡིག་གཟུགས་སྤྱིའི་ཆ་ནས་དེ་ལྟར་གནས།  ལྷ་སའི་རྒྱལ་རྩེ་དཔལ་མགོན་ཆོས་སྡེའི་ནང་བཞུགས་པའི་གསེར་བྲིས་བཀའ་འགྱུར་ཐེམ་སྤངས་མ་ནི་ཁྱུང་པོ་གཡུ་ཁྲིའི་ལུགས་ལྟར་བཞེངས་པའི་ཁྱུང་བྲིས་ཀྱི་དཔེ་མཚོན་ཡིན་པ་དང་།  རྒྱལ་དབང་ལྔ་པའི་དུས་སུ་བཞེངས་པའི་དཔལ་འབྲས་སྤུངས་ཀྱི་བཀའ་འགྱུར་གསེར་བྲིས་འཛམ་གླིང་གཡས་བཞག་ཞུ་བ་དེ་ནི་རྒྱལ་རྩེའི་བཀའ་འགྱུར་ཐེམ་སྤངས་མར་དཔེ་བླངས་ནས་བཞེངས་པ་ཁྱུང་བྲིས་ཀྱི་དཔེ་མཚོན་བྱེད་དུ་བྱེད་ཆོག   ཁོང་གི་གསུང་རྩོམ་ནི།  གསུང་རིན་ཆེན་སྒྲོན་བུ་དང་།  སྨྱུ་གུའི་བསྟན་བཅོས་འཕྲུལ་གྱི་སྒྲོན་མེ་སོགས་ཡོད།  ཁོང་གི་བྱས་རྗེས་གཙོ་བོ་ནི་དབུ་ཅན་ཐིག་ལ་དྲངས་ནས་ད་བར་དུ་ཡིག་གཟུགས་ལ་འགྱུར་བ་མ་བྱུང་བ་དེ་ཡིན་ནོ།།