གུང་ཧོ་རྫོང་མཁར་བྱང་ལོ་དགུའི་ལུགས་ཀྱི་སློབ་གྲྭའི་དགེ་སློབ་ཡོངས་ནས་ཡིག་གཟུགས་དུས་ཆེན་ལ་རོལ་བ།
བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་ཕུལ་བའི་ལེགས་སྐྱེས་སྤེལ་ཐེངས་སོ་གསུམ་པ།
མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་མཁར་བྱང་ལོ་དགུའི་ལུགས་ཀྱི་སློབ་གྲྭས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་ཉིན་མོ་དགའ་བ་འབུམ་གྱིས་བསུས་པའི་བསྐལ་བཟང་གི་དུས་དང་བསྟུན་ཏེ། སློབ་གྲྭའི་མགོ་ཁྲིད་ཡོངས་དང་། བྲིས་པ་སྐལ་བཟང་ཚེ་རིང་གཙོ་བྱས་པའི་དགེ་སློབ་ཡོངས།དེ་མིན་ད་དུང་ནུབ་བྱང་མི་རིགས་སློབ་ཆེན་གྱི་དངོས་སྦྱོང་སློབ་མ་རྣམས་གཞི་གཅིག་ཏུ་འཛོམས་ནས། གདགས་གཞིར་ཐོན་མིའི་མཛུབ་རིས་ཞེས་པའི་ཡིག་གཟུགས་འགྲན་སྡུར་གྱི་བྱ་འགུལ་ཞིག་གཟབ་རྒྱས་ངང་སྤེལ། འགྲན་སྡུར་ཡུལ་དངོས་ནས་འགྲན་ཞུགས་པ་རྣམས་ཀྱིས་རང་ནུས་ཡོད་དགུ་བཏོན་ཏེ་རང་རང་གི་ཐུན་མོང་མ་ཡིན་པའི་བྲིས་རྩལ་ངོམས་ནས་ཀུན་གྱིས་སྤྱན་ལམ་དུ་བསྟར།
ཐོན་མིའི་ཕྱག་སོར་རྩལ་གྱིས་ལེགས་བསྐྲུན་པའི།།
གངས་ཅན་རིག་པའི་མཛོད་ཀྱི་རིན་ཆེན་ནོར།།
ཉམས་འགྱུར་སྟོང་ལྡན་བོད་ཡིག་གཟུགས་རིས་འདི།།
མི་ཉམས་གོང་ནས་གོང་དུ་འཕེལ་གྱུར་ཅིག།
|