设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

༄༅།།མི་སྒེར་གྱི་འགྲེམ་སྟོན་ཁང་སྐོར་གྱི་གསལ་བཤད།

 二维码 620
发表时间:2015-04-03 06:57作者:བོད་ཀྱི་ཡིག་གཟུགས་དྲ་བ།来源:བོད་ཀྱི་ཡིག་གཟུགས་དྲ་བ།

བོད་གངས་ཅན་གྱི་ཡིག་གཟུགས་སྒྱུ་རྩལ་ནི་བྲིས་རྒྱུན་གྱི་ཁུངས་མང་ཞིང་ལོ་རྒྱུས་ཀྱི་རྒྱུན་རིང་བས། དུས་ཡུན་རིང་བོའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཁྲོད་སྒྱུ་རྩལ་གྱི་ཚད་གཞི་ཧ་ཅང་མཐོན་པོ་ཞིག་ཏུ་སླེབས་ཡོད། རང་ཅག་ཕྱི་རབས་པ་དག་གིས་མེས་པོའི་ཤུལ་བཞག་ནོར་བུ་འདི་མུ་མཐུད་དུ་སློབ་སྦྱོང་དང་དར་སྤེལ་གཏོང་རྒྱུ་ནི་བོད་པ་སྤྱིའི་ལྡོག་ཏུ་མེད་པའི་འགན་འཁྲི་ཡིན་ལ། གཡོལ་ཏུ་མེད་པའི་འོས་འགན་ཞིག་ཀྱང་ཡིན། དེར་བརྟེན་བོད་ཀྱི་ཡིག་གཟུགས་དྲ་བས་དུས་རབས་ཀྱི་འགན་འཁྲི་འདི་དང་དུ་བླངས་ཐོག མི་རིགས་རང་གི་ཡིག་གཟུགས་སྒྱུ་རྩལ་ལ་རང་ནུས་གང་ཡོད་སྒོས་ཞབས་འདེགས་ཙམ་བསྒྲུབ་པའི་ལྷག་བསམ་གཙང་མ་མཐོ་རུ་བཏེགས་དེ་དྲ་བ་འདི་གསར་དུ་སྤེལ་ཞིང་མི་སྒེར་གྱི་ཡིག་གཟུགས་འགྲེམ་སྟོན་ཁང་གི་ལེ་ཚན་འདི་གསར་དུ་གཏོད་པ་ཡིན།

བོད་ཀྱི་ཡིག་གཟུགས་དྲ་བའི་སྟེང་མི་སྒེར་གྱི་ཡིག་གཟུགས་འགྲེམ་སྟོན་ཁང་འབྱེད་པར་ཁ་ཕྱོགས་ས་ནི་བོད་ཀྱི་ས་ཁུལ་སོ་སོ་ན་མཚན་སྙན་གྲགས་ངེས་ཅན་ལྡན་པའི་ཡིག་མཁན་རྣམས་ཡིན་ལ། ལྷག་པར་དུ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཡར་རྒྱས་གོང་འཕེལ་གཏོང་པར་དཀའ་སྤྱད་ཧུར་བརྩོན་བྱས་ནས་ལག་རྗེས་མི་དམན་པ་ཞིག་ཐོབ་ཡོད་པའི་ཡིག་གཟུགས་སྒྱུ་རྩལ་གྱི་རྐང་འཛིན་མི་སྣ་རྣམས་ཡིན། མིག་སྔར་འདིར་དངོས་སུ་གདན་ཞུ་བྱས་ནས་སྒེར་གྱི་ཡིག་གཟུགས་འགྲེམ་སྟོན་ཁང་ཕྱེ་ཡོད་པའི་ཡིག་མཁན་མང་པོ་མེད་ཀྱང་། བོད་ཀྱི་ཡིག་གཟུགས་དྲ་བ་ཡར་རྒྱས་སུ་འགྲོ་བའི་འགྲོས་དང་བསྟུན་ནས་རྒྱལ་ཁབ་ཕྱི་ནང་ཀུན་དུ་ཡོད་པའི་བོད་ཀྱི་ཡིག་མཁན་དག་གིས་ང་ཚོ་ཐུན་མོང་གི་དགའ་ཚལ་འདི་ནས་མི་སྒེར་གྱི་ཡིག་གཟུགས་འགྲེམ་སྟོན་ཁང་འབྱེད་པར་རེ་སྒུག་དང་ཡིད་ཆེས་བརྟན་པོ་བཅངས་ཡོད་པར་གདོན་མི་ཟ།

བོད་ཀྱི་ཡིག་གཟུགས་དྲ་བའི་སྟེང་དུ་སྒེར་གྱི་ཡིག་གཟུགས་འགྲེམ་སྟོན་ཁང་ཞིག་འབྱེད་ཐུབ་པ་ནི་ཡིག་མཁན་རང་ཉིད་ཀྱིས་དུས་རབས་ཀྱི་འགན་འཁྲི་དང་དུ་བླངས་ནས་ཡིག་གཟུགས་སྒྱུ་རྩལ་ལ་འབད་པ་ལྷུར་ལེན་གྱིས་སློབ་གཉེར་བྱས་པའི་མཚོན་རྟགས་ཞིག་གམ། ཡང་ན་མེས་རྒྱལ་དང་མི་རིགས་ལ་བཅངས་བའི་ལྷག་བསམ་དང་བརྩེ་སེམས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་པ་མ་ཟད། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འདི་མུ་མཐུད་དུ་ཡར་རྒྱས་གོང་འཕེལ་གཏོང་ཕྱིར་མི་རིགས་ཀྱི་རེ་ལྟོས་བྱེད་སའི་ཕྱི་རབས་གསར་སྐྱེས་དག་ལ་ཕུལ་བའི་ཆེས་རིན་ཐང་བྲལ་བའི་ལེགས་སྐྱེས་རིགས་ཤིག་ཀྱང་ཡིན་སྲིད། དེར་བརྟེན། སྒེར་གྱི་འགྲེམ་སྟོན་ཁང་འབྱེད་པར་ཆོག་མཆན་ཐོབ་པའི་ཡིག་མཁན་དག་གིས་ཧ་ཅང་གཟབ་ནན་སྒོས་རང་གི་ཡིག་གཟུགས་ཀྱི་རྩལ་ཡོངས་སུ་ཐོན་པའི་བརྩམས་ཆོས་ལེགས་ཤོས་དག་བོད་པ་ཡོངས་ཀྱི་མིག་གི་དགའ་སྟོན་དུ་བཤམ་རྒྱུ་ནི་བོད་པ་ཀུན་གྱི་རེ་སྒུག་ཡིན་ལ། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་གྱི་དགོས་མཁོའང་ཡིན་སྲིད།

དང་པོ། སྒེར་གྱི་འགྲེམ་སྟོན་ཁང་འབྱེད་པའི་བྱ་བའི་བརྒྱུད་རིམ།

     

གཉིས་པ། འགྲེམ་སྟོན་ཁང་འབྱེད་མཁན་གྱིས་དོ་སྣང་བྱ་ཡུལ།

༡. ཆབ་སྲིད་དང་འགལ་བའི་ཡིག་གཟུགས་བརྩམས་ཆོས་འགོད་རྒྱུ་མིན།

༢. བརྩམས་ཆོས་ཀྱི་པར་རིགས་JPGཁོ་ན་ཡིན་དགོས་ལ། འབྱེད་ཚད་72ལས་དམའ་མི་རུང་ཞིང་།ཞེང་ལ་འབྱེད་ཚད་1020ལས་བརྒལ་མི་རུང་།

༣. ཤོག་ངོས་གྲ་དག་ཞིང་པར་དྲང་ཐད་ནས་བླངས་པ་ཁོ་ན་ཡིན་དགོས།

༤. རང་གི་བརྩམས་ཆོས་ལས་གཞན་བྲིས་སྐུར་མི་རུང་།

གསུམ། འགྲེམ་སྟོན་ཁང་འབྱེད་མཁན་གྱི་དབང་ཆ།

༡.དུས་ཚིགས་རེའི་རྗེས་ནས་འགྲེམ་སྟོན་ཁང་བརྩམས་ཆོས་ཁ་བསྣོན་བྱེད་པའི་དབང་ཆ་ཡོད།

༢.འགྲེམ་སྟོན་ཁང་དུ་བཀོད་པའི་བརྩམས་ཆོས་ངེད་དྲ་ཚིགས་ཀྱི་ཡིག་གཟུགས་ཁྲོམ་ཆེན་བརྒྱུད་ནས་ཚོང་འགྲེམ་བྱེད་པའི་དབང་ཆ་ཡོད།

༣.འགྲེམ་སྟོན་བྱས་ཟིན་པའི་བརྩམས་ཆོས་དྲ་ངོས་ནས་ཕྱིར་འཐེན་བྱེད་པའི་དབང་ཆ་ཡོད།

༤.རང་གི་འགྲེམ་སྟོན་ཁང་ཁ་པར་སོགས་སུ་གཞན་ལ་མཉམ་སྤྱོད་བྱེད་པའི་དབང་ཆ་ཡོད།

༥.བོད་ཀྱི་ཡིག་གཟུགས་དྲ་བའི་ཡིག་གཟུགས་འགྲན་བསྡུར་སོགས་ཀྱི་བྱ་འགུལ་ལ་དཔྱད་འདེམ་པ་བྱེད་དབང་ཡོད།

བཞི། འགྲེམ་སྟོན་ཁང་འབྱེད་མཁན་གྱི་འོས་འགན།

༡.འགྲེམ་སྟོན་ཁང་ཕྱེ་ཉིན་ནས་བཟུང་དྲ་ཚིགས་ཀྱི་མཚན་སྙན་གཅེས་འཛིན་དང་དར་རྒྱས་ལ་ཐུགས་ཁུར་གནང་རྒྱུ།

༢.ལོ་རེར་ཆེས་ཉུང་ནའང་ངེད་དྲ་བའི་ལེ་ཚན་ནང་དོན་ལྟར་གང་མཁོའི་ནང་དོན་ཐེངས་བཞི་དྲ་ངོས་སུ་འགོད་ཐུབ་དགོས།

༣ཡིག་གཟུགས་འགྲན་བསྡུར་སོགས་བྱ་འགུལ་སྐབས་སུ་དྲ་སྟེང་གི་དཔྱད་འདེམ་པའི་འགན་འཁུར་དགོས་ལ། དུས་ཚོད་ལྟར་དཔྱད་འདེམ་བྱ་བ་འགྲུབ་དགོས།