གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

བོད་ཀྱི་ཡིག་གཟུགས་ལ་དཔྱད་འདེམས་འདི་ལྟར་བྱ་དགོས།

 二维码 725
发表时间:2019-09-15 13:06来源:《མགོ་ལོག་སྡེར་ནང་ས་བྲིས་》ལས

བོད་ཀྱི་ཡིག་གཟུགས་ལ་དཔྱད་འདེམས་འདི་ལྟར་བྱ་དགོས།


         ང་ཚོས་ཡིག་གཟུགས་གང་རུང་ཞིག་གི་མཛེས་ཆོས་ལ་དཔྱད་པ་བྱེད་སྐབས། བྲིས་དེའི་བྱང་ཚད་ལ་ལྟ་རྒྱུ་ནི་ཡིག་གཟུགས་དཔྱད་འདེམས་ཀྱི་ཚད་གཞི་དང་བོར་འཇོག་དགོས།   བྱ་བ་གང་ཞིག་བསྒྲུབས་ཀྱང་བྱང་ཚད་ཀྱིས་ཡོད་ཚད་ཞག་གཅོད་བྱེད་ཐུབ། ཁྱོད་རང་ལས་སུ་ཞུགས་པའི་བྱ་བ་གང་རུང་ལ་བྱང་ཚད་ཐོན་ཡོད་ཚེར་ཁྱོད་ནི་ལས་རིགས་དེའི་ཁྱབ་ཁོངས་ཀྱི་ཆེད་ལས་མཁས་པ་ཡིན། ཡིག་གཟུགས་ཀྱང་དེ་དང་གཉིས་སུ་མ་མཆིས།

           དེ་ནས་བྲིས་དེ་གཏད་ཁྱག་ཡིན་མིན་ལ་ལྟ་དགོས། དེ་ཡང་བྱང་ཚད་ལ་ཡང་དཀྱིད་ལུགས་བྱང་ཡོད་མེད་དང་། འབྲུ་མ་བྱང་ཡོད་མེད། ཧྲིལ་བྲིས་བྱང་ཡོད་མེད་སོགས་ལ་ལྟ་དགོས།

         དཀྱིལ་ལུགས་བྱང་མིན་ཟེར་བ་ནི་སྨྱུག་ཁམས་རེ་རེའི་ཡར་འགྱོགས་མར་གནོན་ཕར་འཐེན་ཚུར་བཀུག་སོགས་སྨྱུ་གུའི་འགྲོ་ལུགས་ལ་ཟེར།  

        འབྲུ་མ་བྱང་མིན་ཟེར་བ་ནི་ཡིག་འབྲུ་རེ་རེ་བྱང་མིན་ལ་ཟེར་བ་ཡིན་ཞིང་། ཡིག་འབྲུ་རེ་རེ་བཞིན་བྱང་ཚད་ལ་མ་ཐོན་ན་ཡིག་འབྲུ་རེ་རེའི་གནས་ཚུལ་གཅིག་མཐུན་དུ་འགྲོ་མི་ཐུབ་པས། ཕྱིས་སུ་ཡིག་གཟུགས་ཀྱི་བརྩམས་ཆོས་ལ་ཐད་གར་གྱི་ངན་རྐྱེན་ཐེས་སྲིད།   སྡེརུ་ནང་ས་བྲིས་ཀྱི་བྲིས་མཁན་གོང་མ་དག་གིས་འབྲུ་མ་བྱང་བ་ཟེར་བ་དེ།   དཔེར་ན་བྲིས་ཆོས་བཀའ་ཐང་པོད་གཅིག་གི་ནང་གི་དེབ་ངོས་མི་འདྲ་བ་གང་རུང་ནས་ཡིག་འབྲུ་རིགས་གཅིག་པ་བཅུ་བླངས་ནས་བསྡུར་ན་ཆེ་ཆུང་ཅུང་ཟད་ཀྱང་མེད་པར་བཤད། དེ་འདྲ་ཞིག་ལ་འབྲུ་བྱང་ཟེར།

           ཧྲིལ་བྲིས་བྱང་མིན་ཟེར་བ་ནི་གཟིགས་པ་པོའི་སྤྱན་ལམ་དུ་བྲིས་ཆོས་གང་རུང་ཐོན་ཚེ་དེའི་དཀྱིད་ལུགས་བྱང་བར་མ་ཟད་འབྲུ་མ་བྱང་བ་དང་ཆ་ཚད་འགྲིག་པ། བྲིས་ལམ་གཙང་བ། ཡིག་ཚོགས་དག་པ། གང་ནས་ཀྱང་སྐྱོན་བཙལ་རྒྱུ་མི་རྙེད་པ་ཞིག་ལ་ཟེར།

        བྲིས་དེ་གཏད་ཁྱག་ཟེར་བ་ནི་ཡིག་གཟུགས་དེ་དཔེར་ན་དབུས་བྲིས་ལྕགས་ཀྱུ་མ་ལྟ་བུ་ས་ཕྱོགས་དང་ཡུལ་དུས་སོགས་ཀྱི་ཕྱོགས་རེས་སུ་མི་འགྲོ་བར་མི་སུས་བལྟས་ཀྱང་རང་ཤུགས་ཀྱིས་མཛེས་ཉམས་ལྡན་ཞིང་ཡིད་དབང་འཕྲོག་ཐུབ་པ་དང་། སྡེར་ནང་ས་བྲིས་ལྟ་བུ་རང་ངོས་ཀྱི་ཁྱད་ཆོས་འབུར་དུ་ཐོན་ཞིང་། དཀྱིད་ལུགས་རེ་རེར་རང་གི་འགྲོ་ལམ་ཚད་ལྡན་ཡོད་པ་དང་། ཡིག་འབྲུ་རེ་རེར་རང་གི་གནས་བབས་དང་བསྟུན་ནས་འབྲི་ཚུལ་རེ་ཡོད་པས།   དུས་ནམ་ཀུན་ཏུ་གཅིག་གིས་གཅིག་ལ་རྐྱེན་ངན་མི་ཞུགས་ལ་ཡི་གེ་ཆེ་འབྲི་ཆུང་འབྲི་གང་བྱས་ཀྱང་ཡིག་གཟུགས་ལ་འགྱུར་བ་མེད་པ་ཞིག་ལ་ཟེར།

     གཙང་བ་སྐལ་བཟང་ཡེ་ཤེས་ཀྱི་《མགོ་ལོག་སྡེར་ནང་ས་བྲིས་》ལས་བཤུས།

会员登录
登录
我的资料
留言
回到顶部