གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

ཐེལ་གྱི་སྤྱོད་ཚུལ།

2019-09-11 00:11来源:སྐད་འཕྲིན།作者:སྤེན་ནོར།浏览数:236 


ཐེལ་གྱི་སྤྱོད་ཚུལ།

  བརྩམས་ཆོས་ཀྱི་ཡི་གེ་ལས་ཐེལ་ཆེ་ན་མི་རིང་བས་ཡི་གེའི་ཆེ་ཆུང་ལ་ལྟོས་ཏེ་ཐེལ་གདབ་བོ།

  ཞར་ཐེལ་དེ་བརྩམས་ཆོས་ཀྱི་དབུ་རང་མིན་པའི་སྟོད་ངོས་སྟོང་ཆར་འགོད་ལ་མིང་ཐེལ་མཇུག་ཏུ་འགོད། མིང་ཐེལ་གྱི་འོག་ཏུ་ཞར་ཐེལ་མི་གདབ་བོ།

ག   གྲུ་ནར་དང་། སྒོར་མོ་སྒོང་གཟུགས་ཅན་གྱི་ཞར་ཐེལ་བརྩམས་ཆོས་ཀྱི་ཟུར་བཞིར་མི་གདབ་བོ།

ང་།   ཞར་ཐེལ་གྲུ་བཞི་བརྩམས་ཆོས་ཀྱི་སྟོང་ཆར་མི་འབེབས། ད་ལྟ་ཞར་ཐེལ་བརྩམས་ཆོས་ཀྱི་དབུར་འདེགས་མཁན་མང་མོད། མགོ་ཐེལ་རྩོམ་པ་ཟིལ་གནོན་ཞེས་གཏན་ནས་མི་ཆོག་པ་ཡིན། སྔར་ཉེས་པ་ཅན་རྣམས་ལ་དཔྲལ་པར་ཐེལ་གྲུ་བཞི་འདེབས་པ་ཡིན་ནོ།


ཅ། མིང་ཐེལ་གཉིས་མཉམ་དུ་གདབ་ན་གྲུ་ཅན་དང་སྒོར་མོ་ལྷན་དུ་མི་གདབ་པར་དབྱིབས་མཚུངས་སུ་གདབ།

ཆ། མིང་ཐེལ་གཉིས་མཉམ་དུ་གདབ་ན་ཆེ་བ་དང་ཆུང་བ་མཉམ་དུ་མི་གདབ་བོངས་མཚུངས་པར་གདབ།

ཇ། མིང་ཐེལ་གཉིས་མཉམ་དུ་གདབ་ན་ཡིག་འབྲུ་ཆུང་བ་སྟེང་དུ་གདབ་ལ་ཆེ་བ་འོག་ཏུ་གདབ་ཀྱི། གོ་ས་འཛོལ་མི་རུང་།

ཉ། མིང་ཐེལ་གཉིས་མཉམ་དུ་གདབ་ན་ཡིག་གཟུགས་མཚུངས་པ་ལྷན་དུ་མི་གདབ་མི་མཚུངས་པར་གདབ། ཡང་ན་གཟུགས་མཚུངས་ཀྱང་གཅིག་ཤ་ཆེན་དང་།   ཅིག་ཤོས་ཁོང་གསེང་བྱེད་དགོས། དེ་ལ་གདགས་སྲིབ་ཀྱི་ངག་ཏུ་གྲགས།


ཏ། མིང་ཐེལ་གཉིས་མཉམ་དུ་གདབ་ན། བར་ཐག་མི་ཆེ་མི་ཆུང་བར་ཐེལ་གཉིས་ཀྱི་དབུས་སུ་ཐེལ་གཅིག་གི་ཁྱོན་ཙམ་སྟོང་པར་འཇོག་དགོས།

ཐ།   མིང་ཐེལ་གཉིས་བཏབ་རྗེས་སུ་སླར་ས་ཡིག་མི་འབྲི།

ད།   བརྩམས་ཆོས་གལ་ཆེན་ལ་དཀྱུས་མའི་ཐེལ་སྣག་མི་སྤྱོད།

ན། དམིགས་བསལ་མེད་ན། ས་ཡིག་དེ་རང་གི་སྒལ་སྟེང་ངམ་དེའི་གཤམ་ལས་གཡས་གཡོན་དུ་མིང་ཐེལ་མི་གདབ།


པ།   ཡི་གེའི་འགོར་ཐེལ་ཆེན་པོ་མི་གདབ།

ཕ། གཞུང་ཡིག་ལས་ས་ཡིག་ཆེ་མི་ཉན།བར་སྟོངས་ཆུང་སར་ས་ཡིག་མང་པོ་མི་འབྲི་ཞིང་། ཆེ་སར་ཤིན་ཏུ་ཉུང་ངུ་མིན། ཐེལ་ཡང་དེ་དང་བསྟུན་ཏེ་འབེབས། དེས་ན་ས་ཡིག་འགོད་ཤེས་ན་བརྩམས་ཆོས་སྤྱིའི་མཛེས་ཆོས་ལ་ནུས་པ་ཆེན་པོ་ཐོན་པ་ཡིན།

བ། ཡིག་གཟུགས་ཀྱི་བརྩམས་ཆོས་ལ་མིང་ཐེལ་གསུམ་ཡན་མི་གདབ། གཅིག་རྐྱང་བཏབ་ཀྱང་ལེགས།

མ། བརྩམས་ཆོས་ཀྱི་སྟོང་པ་གང་སར་ཐེལ་མི་གདབ། མང་ན་འཆལ་ཞིང་ཉུང་ན་བཙན། ལྷག་པར་ཐེལ་སྣག་ངན་ན་ཐེལ་ཐེལ་ཉུངན་ལེགས།


ཙ། མུ་འབྲེལ་བཞི་ཅན་གྱི་ཡིག་གཟུགས་བརྩམས་ཆོས་ལ་ཐེལ་གདབ་ན།   གཡས་ཀྱི་ཟུར་དུ་ཐེལ་ཆུང་གདབ་གཞན་གང་དུའང་མི་འཚམས།

ཚ། ཐེལ་གྱི་དབྱིབས་རྣམ་པ་སྣ་ཚོགས་པ་ཡོད་ཀྱང་། མིང་ཐེལ་དང་གཞིས་ཀའི་ཐེལ། ལྡུམ་པའམ་ཁྱིམ་གྱི་ཐེལ།   ཞལ་ཐེལ། གཟིགས་ཐེལ། དམ་ཉར་ཐེལ་བཅས་ཕལ་ཆེར་གྲུ་བཞི་ཁ་གང་མ་སྤྱོད་ལ། བརྩམས་ཆོས་ཀྱི་འགོ་ཐེལ་དང་། གཟིགས་ཐེལ། དམ་ཉར་ཐེར་རྣམས་ལ་གྲུ་བཞི་ནར་མོ་ཡང་སྤྱོད་དོ། སྒོར་མོ་ནི་མིང་ཐེལ་དང་། གཟིགས་ཐེལ་ལ་སྤྱོད་པ་མང་། དེ་མིན་ཞར་ཐེལ་གྱི་ཁོངས་སུ་གཏོགས་པ་རྣམས་ཀྱི་དབྱིབས་ངེས་མེད་སྣ་ཚོགས་པར་སྤྱོད་པ་སྤྲོ་བས་མི་ལང་ངོ་།

རྒན་སྤེན་ནོར་གྱི་གཡུ་ཁྲིའི་ཞལ་ལུང་ལས་བཤུས།


会员登录
登录
我的资料
留言
回到顶部