སྤྱི་ཟླ7པའི་ཚེས9བའི་ཞོགས་པའི་ཆུ་ཚོད10པའི་ཐོག་ཀན་ལྷོའི་ཐེ་བོ་རྫོང་དུ་རྒྱལ་ཁབ་བཙུགས་ནས་ལོ་འཁོར་བདུན་ཅུ་ལོན་པའི་དུས་ཆེན་བསུ་བའི་ཡིག་གཟུགས་དང་རི་མོ། ཐང་ག་བཅས་འགྲེམ་སྟོན་གྱི་བྱ་འགུལ་སྤེལ་བ་ཡིན་སྟེ། ཐེངས་འདིར་རང་རྫོང་གི་སྒྱུ་རྩལ་བ40ལྷག་གི་བརྩམས་ཆོས་120ལྷག་འདུས་ཡོད་པ་དང་། བརྩམས་ཆོས100ཡུལ་དངོས་སུ་འགྲེམ་སྟོན་བྱས་པ་ལས་ཕུལ་བྱུང་གི་བརྩམས་ཆོས20ལ་གཟེངས་བསྟོད་གནང་བ་ཡིན། ཀན་ལྷོའི་ཁུལ་དཔོན་གཞོན་པའམ་ཐེ་བོའི་རྫོང་ཨུའི་ཧྲུན་ཅི་རིན་ཆེན་དོན་འགྲུབ་དང་། རྫོང་དཔོན་གཞོན་པ་བསོད་ནམས་དོན་འགྲུབ། རྫོང་ཨུའི་དྲིལ་བསྒྲགས་པུའུའི་པུའུ་ཀྲང་ཧྲིན་ལེ། སློབ་གྲྭ་ཆུང་འབྲིང་གི་སློབ་མ། ཡུལ་མི་ལྷན་རྒྱས་བཅས་མི300ལྷག་འགྲེམ་སྟོན་གྱི་ཡུལ་དངོས་སུ་ཞུགས།
༼ཡིག་གཟུགས་ཀྱི་སྐོར།༽
༼ཐང་གའི་སྐོར།༽
༼སྣུམ་ཚོན་རི་མོའི་སྐོར།༽
འགྲན་ཞུགས་མི་སྣ་ཡོངས་ཀྱིས་ལྷན་དུ་བསྒྲོན་པའི་མཉམ་པར།
|