设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།

ཡེ་ཤེས་མྱི་གཡང་གི་རི་མོ་དང་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན།

 二维码 1181
发表时间:2019-06-25 20:27作者:མྱི་གཡང་།རྩོམ་སྒྲིག་པ་རྟ་མགྲིན་མགོན་པོ།来源:བོད་ཀྱི་ཡིག་གཟུགས་དྲ་བ།


ཡེ་ཤེས་མྱི་གཡང་གི་རི་མོ་དང་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན།

དེ་ཡང་བོད་གངས་ཅན་གྱི་ཐུན་མོང་མ་ཡིན་པའི་མཁས་པའི་བྱ་བ་རྣམ་གསུམ་གྱི་ལུགས་དང་བོད་ཀྱི་སྲོལ་རྒྱུན་རྩོམ་རིག་རིག་གཞུང་གི་རྣམ་བཞག་ལྟར་མཆོད་བརྗོད་དང་བཅས་པ་སྙན་ཚིག་གཏམ་གྱི་སྦྱོར་བས་མདུན་བསུས་ཏེ་ཡུལ་ཤུལ་ཁུལ་འབྲི་སྟོད་རྫོང་འབྲི་ཀླུང་སྟོད་ཀྱི་བྲག་དཀར་འབྲོག་ལྗོངས་རྩྭ་ཐང་གི་ཕང་བ་རུ་ལང་ཚོའི་ལྟེ་ཁྲག་ཐོག་མ་འཕོས་ཤིང་།

ཆུང་དུས་ནས་བྱམས་ལྡན་གྱི་ཕ་མ་ཟུང་ཚེ་ལས་འདས་ཤིང་ཁོ་བོའི་འཚོ་བ་དང་ཁོར་ཡུག་ལ་དཀའ་སྡུག་གི་འགལ་རྐྱེན་ཚད་མེད་ཐེབས་པ་གྲགས། འཕྱིས་སུ་དབང་བོ་སྐྱོན་ཅན་གྱི་དྭ་ཕྲུག་འདི་ཉིད་ཚེ་སྐྱིད་ཅེས་པའི་བྱམས་སེམས་བརྩེ་བ་ཅན་གྱི་བུད་སྨད་ཅིག་གིས་གཉོར་སྐྱོངས་བྱས། ཁོ་མོས་མ་འོངས་དྭ་ཕྲུག་འདི་ཡི་མདུན་ལམ་གྱི་ཆེད་དུ་ཁོ་མོ་དཀའ་ཁག་ཇི་འདྲའི་ཆེ་རུང་སློབ་གྲྭ་བསྐྱལ་ཏེ་སློབ་སྦྱོང་གི་གོ་སྐབས་ཐོག་མ་བསྐྲུན། དེ་ནས་ཁོ་བོ་ཡང་སྐྱེས་སྟོབས་ཀྱི་རྣམ་རིག་བཀྲ་ཞིང་སྦྱངས་སྟོབས་ཀྱི་བརྩོན་འགྲུས་དེ་བས་ཀྱང་ལྷག་ཏུ་ལྡན་པས་སློབ་འབྲས་གཡུར་ཟ་འཐོབ་ནས་རྒྱལ་ཁབ་ཀྱི་ལས་གནས་ལ་དངོས་སུ་ཐོན། ཁོ་བོས་ཡུལ་ཤུལ་ཁུལ་མི་རིགས་དགེ་འོས་སློབ་གླིང་ནས་མགོ་བརྩམས་ཏེ་བོད་ཀྱི་ཐུན་མོང་རིག་གནས་དང་ཁྱད་པར་དུ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་སྐོར་གྱི་རིག་གནས་ལ་བརྩོན་པ་ལྷུར་ལེན་བྱས་པ་དང་སྦྲགས། ཁམས་ཀྱི་བོད་ཀྱི་ཡིག་གཟུགས་མཁས་ཅན་འདན་མ་བཀྲ་དགའ་སོགས་ཀྱི་སྐུ་མདུན་ནས་ཀརྨ་སྒར་བྲིས་ཀྱི་བྲིས་རྒྱུན་ལུགས་ལ་སྦྱངས་བརྩོན་བྱས་པ་དང་། ལྷག་པར་དུ་དབུ་མེད་ཀྱི་ཡིག་གཟུགས་སྣ་ཚོགས་ལ་སྦྱངས་པ་མཐིལ་ཕྱིན་གནང་བ་རེད་། དེ་ནས་སྤྱི་ལོ་༡༩༩༩ལོའི་ཟླ་༧པའི་ནང་འབྲི་སྟོད་རྫོང་རིག་གནས་ཁང་དུ་ལས་བགོས་བྱས།

༢༠༡༣ལོར་འབྲི་སྟོད་རྫོང་སྒ་སྐྱ་ལོའི་རིག་གནས་རྩོམ་སྒྲིག་ཁང་དུ་གདན་ཞུ་བྱས་ཏེ་མཛེས་རིས་ཇུས་འགོད་དང་པར་ལེན་བརྩམས་ཆོས་སོགས་ཀྱི་འགན་ཅི་ལྕོགས་སུ་བཞེས་པ་དང་། ༢༠༡༨ལོར་འབྲི་སྟོད་རྫོང་པར་ལེན་མཁས་ཅན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་དང་སྒྱུ་རྩལ་སྤྱི་ཁྱབ་ལྟ་སྐུལ་གྱི་འགན་བཞེས་པ་དང་།སྔ་རྗེས་སུ་ཁོ་བོས་འབྲི་སྟོད་རིག་གནས་ཀྱི་བྱ་བཞག་ལ་འབད་འབུངས་བླ་ལྷག་བྱས་པར་བརྒྱུད་༢༠༡༤ལོ་དང་༢༠༡༥ལོའི་འབྲི་སྟོད་རིག་གནས་ལས་དོན་གྱི་མི་སྒེར་སྔོན་ཐོན་དང་༢༠༡༥ལོའི་ཟླ་༥བའི་ནང་སྤེལ་བའི་སྐབས་དང་པོའི་འབྲི་སྟོད་སྒ་སྐྱ་ལོའི་རིག་གནས་ཡིག་རིས་པར་ལེན་འགྲེམ་སྟོན་ཁྲོད་དུ་ཕུལ་བྱུང་གི་པར་ལེན་བརྩམས་ཆོས་བྱ་དགའ་དང་བོད་ཀྱི་ཡིག་གཟུགས་དབུ་མེད་ཨང་གཉིས་པའི་བྱ་དགའ་དང་དབུ་ཅན་ཨང་གསུམ་པའི་བྱ་དགའ་བཅས་ཐོབ་པ་རེད།

དེ་ནས་༢༠༡༧ལོར་རྫོང་ཡོངས་ཀྱི་རིག་གནས་ལས་དོན་སྒེར་མི་སྔོན་ཐོན་དང་༢༠༡༧ལོའི་འབྲི་སྟོད་རྫོང་སྐབས་གཉིས་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་གྱི་འགྲེམ་སྟོན་བྱ་འགུལ་ཁྲོད་ཕུལ་བྱུང་བོད་ཡིག་ཡིག་གཟུགས་དགེ་རྒན་གྱི་མཚན་སྙན་གནང་པ་རེད།

༢༠༡༨ལོར་འབྲི་སྟོད་རྫོང་སྐབས་བཞི་བའི་སྒ་སྐྱ་ལོའི་རིག་གནས་ཡིག་རིས་པར་ལེན་འགྲེམ་སྟོན་ནམ་སྐབས་ཐོག་མའི་རིག་གནས་ཡུལ་སྐོར་ཐོན་རྫས་ངོ་སྤྲོད་བྱ་འགུལ་ཁྲོད་འབུར་ཐོན་བྱས་རྗེས་ཀྱི་བྱ་དགའ་ཐོབ། གཞན་ཡང་། ཚོང་རྟགས་དང་བརྡ་ཁྱབ། དཔེ་ཆའི་མདུན་ཤོག་གི་ཇུས་འགོད་སོགས་དེང་རབས་ཚན་རྩལ་རིག་གནས་ཀྱི་ཕྱོགས་ནས་བྱང་ཆུབ་པ་དང་།འདིའི་སྐོར་གྱི་བརྩམས་ཆོས་གཙོ་ཤོས་ནི་དམངས་སྲོལ་ལོ་རྒྱུས་ཀྱི་གླུ་བྲོ་ཟློས་གར་ཆེན་མོ་སྒ་སྐྱ་ལོའི་སྟོན་འཇོག་དང་སྒ་སྐྱ་ལོ། འབྲི་སྟོད་ཡུལ་སྐོར། འབྲི་སྟོད་རྫོང་དམངས་ཡོངས་ལུས་སྦྱོང་བྱ་འགུལ་ཚོགས་འདུ། འབྲི་སྟོད་རྫོང་པར་ལེན་མཁས་ཅན་མཐུན་ཚོགས། འབྲི་སྟོད་མི་རིགས་མཐུན་སྒྲིལ། འབྲི་སྟོད་རྫོང་མི་རིགས་དམངས་ཁྲོད་རིག་གནས་སྒྱུ་རྩལ་ཚོགས་པ། འབྲི་སྟོད་རྫོང་རིག་གྲོལ་གསོ་སྦྱོང་ལྟེ་གནས་སོགས་རྩ་འཛུགས་དང་ལས་ཁུངས། ཀུང་ཟིང་དང་མི་སྒེར་སོགས་ཀྱི་མཚོན་རྟགས་རྣམ་པ་སྣ་ཚོགས་གསར་བརྩམས་དང་ཇུས་འགོད་བྱས་པ་དང་ཐོག་མ་ནས་ད་ལྟའི་བར་དུས་རྟག་ཏུ་མི་རིགས་རིག་གནས་དང་འབྲི་སྟོད་རིག་གནས་ཀྱི་འལ་རྒྱས་ལ་ཡོད་ཚད་འབུལ་བཞིན་ཡོད་ལ། སྤྱིར་བཏང་གི་ལས་གནས་ཞིག་ནས་སྤྱིར་བཏང་མ་ཡིན་པའི་རླབས་ཆེན་གྱི་དོན་དག་སྒྲུབ་བཞིན་མཆིས་ལ། སྒ་འབྲི་ཀླུང་ཡུལ་གྱི་སྐྱེ་བོ་ཕོ་མོ་ཀུན་གྱིས་ཨ་བོ་མྱི་གཡང་ཞེས་པའི་མི་ཡི་ནང་ནས་ཉི་མའི་ཚུལ་དུ་བསྔགས་བརྗོད་ཀུན་དུ་གྲོལ་ལོ།

སླར་སྨྲས་པ།

ཡུལ་ཤུལ་སྡེ་བའི་བསོད་ནམས་བགོས་སྐལ་དུ།།

རིག་གནས་བྱ་བཞག་འཕེལ་བའི་རྟེན་འབྲེལ་ཆེར།།

མྱི་ཡི་ནོར་བུ་རིག་པའི་གཡང་རྟེན་གང་།།

བདེ་བའི་དཔལ་དུ་ཡུན་གནས་བཞུགས་སུ་གསོལ།།

             


尼永2019书法作品展 (13).jpg


尼永2019书法作品展 (15).jpg


尼永2019书法作品展 (9).jpg


尼永2019书法作品展 (12).jpg


尼永2019书法作品展 (14).jpg


尼永2019书法作品展 (11).jpg


尼永2019书法作品展 (16).jpg


尼永2019书法作品展 (19).jpg


尼永2019书法作品展 (17).jpg


尼永2019书法作品展 (23).jpg


尼永2019书法作品展 (18).jpg


尼永2019书法作品展 (20).jpg


尼永2019书法作品展 (21).jpg



尼永2019书法作品展 (22).jpg



尼永2019书法作品展 (24).jpg



尼永2019书法作品展 (25).jpg



尼永2019书法作品展 (26).jpg



尼永2019书法作品展 (28).jpg



尼永2019书法作品展 (29).jpg



尼永2019书法作品展 (27).jpg



尼永2019书法作品展 (30).jpg



尼永2019书法作品展 (31).jpg



尼永作品展2019 (2).jpg


尼永作品展2019 (1).jpg


尼永作品展2019 (3).jpg


尼永作品展2019 (4).jpg

   

      义西·尼永绘画及书法作品展   

义西·尼永,出生在玉树州治多县扎河乡一个贫寒的家庭,贫寒对于那个年代,其实也并不稀奇,可是,对于一个婴儿一出生就得了先天性脊柱畸形(驼背)残疾病症,
4岁时父母离婚,他跟母亲一起生活,到了7岁母亲又不幸去世,这样的遭遇,对于一个一出生就身患残疾的孩子,如何去面对他自己的人生,即使长大了,怎样去养活他自己,身边的大人都在为这个孩子的人生感到了担忧,而此刻无血缘关系的好心人才吉毫不犹豫的收养了尼永。之后,才吉为了孩子将来不被别人用异样的眼神看待,无论付出多大的代价,决定让尼永踏上求学之路,从此,这位孩子,虽在人群中显得有些异样,有些奇怪,有些不普通,可所有熟悉他的人,都会留他三份薄面,因为,这孩子确实有很多不普通的地方,优秀突出的成绩,对于书法和绘画方面的天赋,很多人都叹为观止,求学之路,从未让才吉失望过,毕业后,尼永很快参加了工作,成为了一位优秀的文化工作人员,也担负起了照顾才吉的责任。

我们再了解一下义西·尼永之后的主要成就。1999年6月毕业于玉树州民族师范学校绘画、藏文书法专业班,1999年7月参加工作,至今在治多县文化馆工作,2013年7月正式邀请到治多县《嘎嘉洛》文化报刊编辑部担任美编及摄影工作者,2018年7月应邀担任治多县摄影家协会副会长及艺术总监。

在玉树州民族师范学校绘画、书法专业班学习期间,在班级内对于专业方面的知识有出色的表现,对于绘画和书法方面的造诣,很多老师也是竖起大拇指,毕业后工作的同时也一直在不间断的学习、探究书法和绘画这门学问,每年暑假、寒假期间,给当地学生开班藏文书法、绘画培训班,培养了很多学生,在青少年学生中传承和弘扬了这一优秀民族传统文化。

义西·尼永曾荣获很多奖项

1995年至1996年连续两年在玉树州民族师范学校学习期间被评为“全州三好学生”。

1998年玉树州民族师范学校“五四”青年节绘画展中荣获“二等奖”。

2013年“治多县农牧民技能培训”担任唐卡教师。2014年度在文化工作中被评为“先进个人”。

2015年度文化工作中被评为“先进个人”。

2015年5月在首届治多县嘎嘉洛文化书画摄影展中摄影作品荣货“优秀奖”,藏文书法乌梅字体荣获“二等奖”、乌金字体荣获“三等奖”、徂仁字体荣获“优秀奖”。

2017年全县文化工作中被评为“先进个人”。

2017年治多县第三届嘎嘉洛文化书画摄影展中藏文书法俄梅字体荣获“一等奖”及 “优秀评委”等荣誉称号。

2018年治多县全国第二届藏文书法日展览中被评为“优秀藏文书法老师”。

2018年治多县第四届嘎嘉洛文化书画摄影展暨首届文化旅游产品推介活动中,荣获“突出贡献奖”。

2018年治多县文化图书馆年度工作中被评为“先进个人”称号。

2018年治多县摄影家协会年度工作中被评为“先进个人”称号。

2018年治多县摄影家协会年度摄影大赛中作品《白螺湖》荣获二等奖。

2019年启明培训中心寒假学生培训期间被评为“优秀教师”称号。

义西·尼永在设计、制作各种平面图样样精通,比如图标LOGO、商标、海报、书籍等,主要作品有民俗历史歌舞剧《嘎嘉洛婚庆大典》宣传图和海报图的制作以及“嘎嘉洛”、“治多旅游”、“治多县全民健身运动会”、“治多县摄影家协会”、“治多县民族团结”、“治多县民族民间文化艺术团”等多家单位及个人的
LOGO都是来自他的设计创作。
义西·尼永在他平凡的人生中续写着很多不平凡故事,他既是我们治多县公认的“怪才”,也是一位非常低调的艺术家,默默地奉献着自己的聪明才智,为家乡的文化事业发展贡献着自己的力量。



འགྲེམ་སྟོན་ཁང་གི་བརྩམས་ཆོས་བརྗེས་ན་འདི་མནོན།