གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

འཛམ་གླིང་ན་ཆེས་རིང་བ་དང་ཡིག་སྣ་ཆེས་མང་བའི་གངས་ལྗོངས་ཡིག་གཟུགས་སྣ་བརྒྱའི་ཞལ་ཐང་རིང་མོ།

2019-06-25 20:03来源:བོད་ཀྱི་ཡིག་གཟུགས་དྲ་བ།作者:མཁོ་འདོན་པ་དཀར་མཛེས་བྱམས་པ།浏览数:423 
文章附图


༄༅།། འཛམ་གླིང་ན་ཆེས་རིང་བ་དང་ཡིག་སྣ་ཆེས་མང་བའི་གངས་ལྗོངས་ཡིག་གཟུགས་སྣ་བརྒྱའི་ཞལ་ཐང་རིང་མོ།

《雪域百体书法长卷》

The long scroll of Tibetan multitudinous calligraphies.


༄༅།།༼ གངས་ལྗོངས་   ༽ཀུན་གསལ་བཞིན་རས་ཡངས་པོའི་ངོས།།

ལུགས་གཉིས་ཉི་ཟླ་གསལ་བྱེད་༼   ཡི་གེའིགཟུགས   ༽།།

   སྣ་བརྒྱའི་   ༽ཟེར་ཕྲེང་ཕྱོགས་དང་ཕྱོགས་མཚམས་སུ།།

སྤྲོ་བའི་བྱེད་པོ་གཤེན་རབ་མི་བོ་ཆེ།།

འཇམ་པའི་དབྱངས་དངོས་ཨ་ནུ་སམ་བྷོ་ཊ།།

གྲ་ཤོད་རྣམ་གཉིས་ཁྱུང་པོ་གཡུ་ཁྲི་སོགས།།

གནའ་དེང་ཡིག་མཁན་རྣམས་ཀྱི་བཀའ་དྲིན་དེ།།

   ཞལ་   ༽གསེར་ལས་ལྷག་རིན་༼   ཐང་   ༽དཔག་ཏུ་མེད།།

བསྐལ་པ༼   རིང་མོའི   ༽མཐར་ཡང་ཇི་ལྟར་གཞལ།།

འོན་ཀྱང་མེས་པོའི་ཤུལ་བཞག་རིང་གནས་པའི།།

རེ་འདུན་ཀུན་རྟོག་རྦ་རླབས་རབ་འཁྲུགས་པས།།

སྔོན་བྱོན་མཁས་པའི་ཕྱག་རྒྱུན་ཇི་བཞིན་དུ།།

སོར་མོའི་འདུ་བྱེད་ལས་ལ་ཅི་དགར་བརྩོན།།

         ཉེ་ཆར་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་དགོངས་དོན་ཇི་བཞིན་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་འཛིན་སྐྱོང་ལེགས་པར་བྱེད་ཆེད་དུ།དཀར་མཛེས་གསེར་བྲིས་ཁང་གི་འགན་འཛིན་རྒན་བྱམས་པ་རྡོ་རྗེ་དང་རོང་པ་ཚ་སློབ་ཆུང་གི་དགེ་རྒན་དབྱིག་གཉེན་ངེད་གསུམ་གྱིས་༼ གངས་ལྗོངས་ཡིག་གཟུགས་སྣ་བརྒྱའི་ཞལ་ཐང་རིང་མོ་ ༽ འདི་གསར་དུ་བསྐྲུན་པ་ཡིན། དེ་ཡང་སྤྱི་ལོ་ཉིས་སྟོང་བཅུ་བཞིའི་ཟླ་བ་དང་པོ་ནས་མགོ་བཙུགས་ཏེ་བགྲང་བྱ་ལྔའི་རིང་ལས་ཞོར་གྱི་དུས་ཚོད་གང་ཡོད་སྤྱད་དེ་འབད་པ་ལྷུར་ལེན་བགྱིས་པས།མཐར་ཉིས་སྟོང་བཅུ་དགུའི་སྤྱི་ཟླ་བཞི་པའི་ཚེས་ཉི་ཤུ་ལྔ་ཉིན་མཇུག་ལེགས་པར་གྲུབ་བོ།། ཞལ་ཐང་རིང་མོ་འདིའི་རིང་ཚད་ལ་སྨིད་སུམ་བརྒྱ་ལྔ་བཅུ་དང་།

          རྟག་གཟིག་སྤུངས་ཡིག་དང་སྨར་ཆེན་སྨར་ཆུང་། ལྷ་བབ་ཡི་གེ   འབྲུ་ཚ་སྒོང་ཞབས་མ། གཏེར་ཡིག མཁའ་འགྲོའི་བརྡ་ཡིག གཏེར་ཡིག ཨམ་ཡིག ཁམས་བྲིས། དབུས་བྲིས། གཙང་བྲིས། སྡེབ་བྲིས། ཀརྨ་སྒར་བྲིས། ཧོར་ཡིག ལཉྫ། ཝ་རྟུ། བློ་ལྡན་ཡིག་གསར་བཅས་གནའ་དེང་གི་ཡིག་སྣ་ཉིས་བརྒྱ་བཅོ་ལྔ་དང་བོད་ཀྱི་ལེགས་བཤད་ཆེན་མོ་བཞིའི་ནང་གི་ལེགས་བཤད་བཅས་འདུས་བས།སྣ་མང་གི་རང་བཞིན་ལྡན་པའི་ཞལ་ཐང་ཞིག་ཡིན།


            为圆满贯彻落实习总书记关于传承弘扬民族文化的政策指导与理论分析,由甘孜县民族中学教师生龙翁加、甘孜古籍金文传承人向巴多吉、甘孜县来马小学教师益尼三人从20141月至2019425,历经五年时间完成了雪域百体书法长卷,该书法长卷总长355.5米,汇集了玛钦玛琼体、神降体、伏藏体、安体、康体、卫体、藏体、壁画体、嘎玛噶哲体等230种藏文字体,是距今字体种类最多最长的书法长卷,其内容为藏地四大善言中的名言警句,对世人有着弃恶扬善,遵纪守法,利国利民的教导作用。


       Recently, in accord with the intentions of the general secretary Xi Jinping, our teachers Sonam Wang-gyal of Kardze’s Cultural Middle School, Kardze’s supervisor of cultural proverbs and new literature, Jampa Dorje, alias Chodrak Tsering, and Tendzin Yignyen of Denma’sschool, newly composed this lengthy scroll containing a multitude of Tibetan scripts in order to preserve the ethnic customs and culture.

        Over these last five years beginning in January 2014, they made a concerted effort in creating this during their spare time. On the 25th of April 2019 they completed the manuscript. This scroll is 355.5 meters in length. The Persian Pung scripts, the greater and lesser Mar scripts, the Lhabab scripts, the Drutsa scripts, Gongzhab scripts, the scripts of the revealed treasure teachings, and the symbolic scripts of the ākinīs. This also includes scripts from Amdo, Kham, Ü, Tsang, Dege, Karma Gar, Mongolia, Langdza, Watu, and the new Loden scripts.

        They collected 230 various scripts from the ancient and modern eras along with elegant sayings of Tibet from the four main texts of elegant sayings. Due to this, it is a scroll of a combination of various elements. This scroll consisting of a multitude of various Tibetan scripts is, at present, the longest in the world.


甘孜书法长卷展 (1).jpg


          སྤྱི་ལོ་༡༩༩༤ལོའི་ཟླ་དགུ་པའི་ནང་དུ་དཀར་མཛེས་རྫོང་སློབ་གསོ་ཁང་གིས་ང་རང་རི་མགོ་སློབ་ཆུང་དུ་ལས་གནས་བགོས་བྱང་།སློབ་གྲྭ་ལ་སོང་བའི་ཉིན་དང་པོ་དེར་སྐུ་ལ་བོད་གོས་སེར་སྨུག་དང་།དབུ་ལ་རྒྱ་གར་ཞྭ་མོ་མནབས་ཤིང་། ཞལ་རས་འཛུམ་གྱིས་གང་བའི་དགེ་རྒན་ཞིག་གིས་ང་ལ་བསུ་མ་བྱས་བྱུང་། ཁོང་ནི་སློབ་ཆུང་དེའི་སློབ་སྟོན་པའི་འགན་བཞེས་བཞིན་པའི་དགེ་རྒན་དབང་རྒྱལ་རེད།དགེ་རྒན་དབང་རྒྱལ་གྱིས་སྐབས་དེར་ལོ་རིམ་ལྔ་པ་དང་དྲུག་པ་གཉིས་ལ་བོད་ཡིག་སློབ་ཁྲིད་བྱེད་བཞིན་འདུག་ཅིང་།ལོ་རིམ་དྲུག་པའི་སློབ་མ་འཇམ་དབྱངས་ཚེ་དབང་དང་། སངས་རྒྱས་འཕྲིན་ལས་སོགས་ཀྱི་བྲིས་ཚུགས་ཧ་ཅང་ལེགས་པས།     ང་ལ་བག་ཆགས་ཟབ་མོ་ཞིག་བཞག་སོང་།   མང་ཚོགས་ཚོའི་རྒན་དབང་རྒྱལ་ཞེས་ཁ་ནས་མ་ཎི་འདོད་འདོན་བཞིན་བསྔགས་བརྗོད་གནང་བ་ནི། ངས་བལྟས་ན་རྒན་དབང་རྒྱལ་གྱིས་ནན་ཏན་གྱིས་སློབ་ཁྲིད་དང་། ཡ་རབས་སྤྱོད་བཟང་གི་སློབ་གསོ། ཁྱད་པར་དུ་དབྱར་གནང་དང་དགུན་གནང་སྐབས་སོགས་ལ་ཟུར་ཁྲིད་ཅི་ཐུབ་གནང་བ་སོགས་ཀྱིས་ཡིན་རྒྱུ་རེད་སྙམ། སྤྱི་ལོ་༡༩༩༦ལོར་རྒན་དབང་རྒྱལ་དཀར་མཛེས་མི་རིགས་སློབ་འབྲིང་དུ་ལས་གནས་སྤོས་ཤིང་།   ངེད་གཉིས་སླར་ཡང་ལས་གྲོགས་སུ་གྱུར།   རྒན་དབང་རྒྱལ་གྱིས་དམའ་འབྲིང་ནས་མཐོ་འབྲིང་བར་སློབ་ཚན་ཚང་མ་ཁྲིད་ཚར་ཞིང་།   ཞོར་དུ་སློབ་མ་རྣམས་ལ་བསྡུས་གྲྭ་བསླབས་ཤིང་རྟགས་གསལ་གཏོང་བཅུག་པ་དང་།   ལམ་རིམ་སོགས་ནང་ཆོས་ངོ་སྤྲོད་གནང་བ་བཅས་ལ་དགའ་བོ་ཡོད་པ་དང་།   འཛིན་གྲྭ་ཕལ་ཆེར་བ་ལ་བྲིས་གཟུགས་སློབ་བཞིན་ཡོད། ད་ལྟར་མི་རིགས་སློབ་འབྲིང་གི་རྒན་བསྟན་པ་རབ་རྒྱས་དང་།   རྒན་དཔག་བསམ་དོན་འགྲུབ།   དེ་བཞིན་དུ་འོག་བཟང་བཀྲ་དགའ་དང་།ཡ་དགའ། ཕུར་སྐྱབས་རྡོ་རྗེ། མགོན་པོ་དབང་འདུས།   བྱམས་པ་ཉི་མ་སོགས་ནི་རྒན་དབང་རྒྱལ་གྱི་བྲིས་གཟུགས་སློབ་་མ་ཡིན། སློབ་མ་དེ་དག་གི་བྲིས་གཟུགས་ཀྱིས་རྒྱལ་ཡོངས་དང་།   ཞིང་ཆེན་རིམ་པའི་བྱ་དགའ་ཐོབ་མྱོང་ཞིང་། ལ་ལས་བྲིས་དཔེ་ཡང་ཕུད་ཡོད། ཁ་སང་སྟེ་སྤྱི་ལོ་༢༠༡༤ལོའི་སྤྱི་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་རྒན་དབང་རྒྱལ་ལགས་སྐུ་གཟུགས་དེ་འདྲ་བདེ་རྒྱུ་མེད་པས་ཁྲེང་ཏུའུ་ལ་ལུས་བཤེར་བྱེད་སར་ཡོང་འདུག   ང་རང་ལས་བྲེལ་ཆེ་བས་ཁ་བརྡ་ཡུན་རིང་བྱ་ཁོམ་མ་བྱུང་ཡང་། དགའ་འོས་པ་ཞིག་ནི་རྒན་དབང་རྒྱལ་གྱིས་ལས་ཞོར་དུ་བྲིས་པའི་ཡིག་གཟུགས་ཀྱི་དཔེ་གཞི་ཞིག་དང་།   ལམ་རིམ་བསྡུས་དོན་གྱི་མཆན་འགྲེལ་ཞིག། སློབ་མའི་རྩོམ་ཡིག་གཅེས་བཏུས་ཤིག་བཅས་དེབ་གསུམ་པར་བསྐྲུན་བྱ་རྒྱུ་ཁུར་འདུག   དེ་ལས་རྒན་དབང་རྒྱལ་གྱིས་བྲིས་པའི་གཟབ་གཤར་ཡིག་གཟུགས་ཀྱི་དཔེ་གཞི་འདི་འདྲ་ཞིག་སྔར་ནས་ཕུད་ཐུབ་པའི་རེ་བ་བདག་ལ་ཡང་ཡོད་པས། ཁོང་ལ་བྲིས་དཔེ་ཞིག་འབྲི་དགོས་པའི་རེ་སྐུལ་མ་མང་པོ་བྱས་མྱོང་།   འདི་ནི་བདག་དང་བདག་ལྟ་བུའི་བྲིས་གཟུགས་སྦྱོང་འདོད་པའི་སློབ་མ་ཞིག་གི་ངོས་ནས་བཤད་ན་ལེགས་སྐྱེས་བཟང་ཤོས་དང་། བཀྲ་ཤིས་རྟེན་འབྲེལ་ཞུ་འོས་པའི་བྱ་བ་བཟང་པོ་ཞིག་རེད་སྙམ།   རྒན་དབང་རྒྱལ་ནི་སྤྱི་ལོ་༡༩༦༨ལོར་ཁམས་དཀར་མཛེས་རྫོང་མདའ་མདོ་ཡུལ་ཚོའི་ཆུ་མཁར་གྲོང་དུ་སྐུ་འཁྲུངས་ཤིང་།   དགུང་ལོ་བདུན་གྱི་ཐོག་ཨ་མ་དང་ཨ་ཞང་། སྔགས་རམས་ངག་དབང་དོན་ལྡན།   ཨ་ཞང་ཀུན་ལུ་སོགས་ཀྱི་དྲུང་ནས་འབྲི་ཀློག་སྦྱོང་པའི་མགོ་བརྩམས་པ་ནས་རིམ་བཞིན་མདའ་མདོ་སློབ་ཆུང་དུ་རྒན་བསོད་ནམས་དངོས་གྲུབ་སོགས་བསྟེན་སྟེ་འབྲི་ཀློག་གཉིས་ཀྱི་རྨང་གཞི་ལེགས་པོར་བཞག   སྤྱི་ལོ༡༩༨༢ལོར་དཀར་མཛེས་མི་རིགས་སློབ་འབྲིང་དུ་རྒན་ཚེ་རིང་རྡོ་རྗེ་དང་།   རྒན་སངས་རྒྱས་ཆོས་འཕེལ་སོགས་བསྟེན་ནས་སུམ་རྟགས་དག་གསུམ་གཙོས་རྒྱ་བོད་སྦྱང་བྱ་ཀུན་ལ་འབད་བརྩོན་ལྷོད་མེད་བྱས།   སྤྱི་ལོ་༡༩༨༥ལོ་ནས་གྱ་དགུ་ལོའི་བར་དཀར་མཛེས་མི་རིགས་དགེ་འོས་སློབ་གྲྭ་ནས་འདན་ཁོག་རྒན་འཇམ་དབྱངས་དཔལ་ལྡན་མཆོག་དང་གླང་སྣ་དགོན་པའི་དགེ་བའི་བཤེས་གཉེན་ཆེན་པོ་བཀྲ་ཤིས་དོན་འགྲུབ་སོགས་ཀྱི་དྲུང་ནས་གཟབ་གཤར་དང་ལཉྩ།དག་ཡིག་ངག་སྒྲོན།   སྔགས་བཀླག་ཐབས།   ནག་རྩིས།    རྒྱལ་སྲས་ལག་ལེན་སོ་བདུན་མ།   སྙན་ངག་སོགས་ལ་སྐོམ་པ་ཆུ་འདོད་པ་བཞིན་འབད་པ་རྒྱ་ཆེར་གནང་།   ༡༩༨༨སྐབས་སློབ་གྲྭ་སྤྱིའི་ཡིག་གཟུགས་འགྲན་བསྡུར་ཁྲོག་གཟབ་གཤར་གཉིས་ཨང་དང་པོའི་བྱ་དགའ་ཐོབ། ་དེ་ནས་རི་མགོ་སློབ་ཆུང་དུ་ལོ་དྲུག་དང་།   དཀར་མཛེས་བོད་ཡིག་སློབ་འབྲིང་དུ་ལོ་བཅུ་གསུམ།   དཀར་མཛེས་མི་རིགས་སློབ་འབྲིང་དུ་ལོ་ལྔ་ལྷག་གི་སྐད་ཡིག་དགེ་རྒན་དང་ཡིག་གཟུགས་དགེ་རྒན་གནང་ཞིང་།   སློབ་མ་སྟོང་ཕྲག་མང་པོ་གསོ་སྐྱོང་གནང་བ་དེ་དག་གིས་ད་ལྟར་ལས་རིགས་སོ་སོ་ལ་རང་གི་ནུས་པ་འདོན་བཞིན་ཡོད།   གཟའ་ཉི་མ་དང་སྤེན་པ་སོགས་ངལ་གསོའི་ཉི་མ་དང་། དབྱར་གནང་དང་དགུན་གནང་སོགས་གུང་གསེང་སྐབས་སུ་སློབ་མ་རྣམས་ལ་གླ་ཆ་སྐར་གང་ཡང་མི་བླངས་པར་ཟུར་ཁྲིད་གནང་བ་དང་།    ད་ལྟའི་བར་རྒྱུན་འཁྱོངས་ཐུབ་པའི་སྙིང་སྟོབས་ལ་ངས་ནམ་ཡང་བསྔགས་བརྗོད་ཀྱི་མེ་ཏོག་གཏོར་ཞིང་ཁ་མིན་སྙིང་ནས་གུས་འདུད་ཞུ་བཞིན་ཡོད། ད་ལྟ་ཡང་སྐུ་གཟུགས་བདེ་མོ་རང་མེད་ཀྱང་།   གཞུང་གི་སློབ་ཁྲིད་ཀྱི་ཞོར་དུ་རང་ཁྱིམ་དུ་ལོ་ན་རྒས་གཞོན་གྱི་སློབ་མ་བཞི་བཅུ་ལྷག་ལ་བོད་ཡིག་འབྲི་ཀློག་ནས་སྐྱབས་འགྲོ་དང་ལྟུང་བཤགས་སོགས་སློབ་ཅི་ཐུབ་གནང་བཞིན་ཡོད།   རྒན་དབང་རྒྱལ་གྱིས་རང་གི་ཤེས་ཚད་དེ་བུམ་པ་གང་བྱོའི་ཚུལ་དུ་སློབ་མ་རྣམས་ལ་སློབ་ཅི་ཐུབ་གནང་བར་མ་ཟད།   རང་གི་ཤེས་ཚད་ཡར་རྒྱས་གཏོང་བ་ལ་ཡང་ལྷོད་གཡེང་སྤུ་ཙམ་ཡང་བྱ་མ་མྱོང་སྟེ།   ལས་ཞོར་དུ་རྒན་བསོད་ནམས་ཕུན་ཚོགས་ཀྱི་དྲུང་ནས་ལམ་རིམ་བདུད་རྩི་སྙིང་པོ་དང་།   དབུས་བྲིས།   རྒན་བླ་མ་བཀྲ་ཤིས་དང་། རྒན་བཀྲ་ཤིས་རྡོ་རྗེ་སོགས་ཀྱི་དྲུང་ནས་བསྡུས་གྲྭ་ཆེ་ཆུང་གསུམ།   རྒན་སངས་རྒྱས་བཀྲ་ཤིས་དང་།   རྒན་མཐུ་སྟོབས།   རྒན་དབུ་མ་འཇུག་པ།   སྐུ་ཞབས་ནགས་གཙང་སོགས་ཀྱི་དྲུང་ནས་ལམ་རིམ་དང་དབུ་མ་སོགས་ལ་བག་ཆགས་བཞག་ཅི་ཐུབ་གནང་།   སླད་མར་རྒན་དབང་རྒྱལ་གྱིས་བྲིས་གནང་བའི་ཡིག་གཟུགས་ཀྱི་དཔེ་གཞི་ལེགས་འགྲུབ་བྱུང་བ་ལ་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ཆབས་ཅིག་སྐུ་གཟུགས་ལ་གཅེས་སྐྱོང་གང་ལེགས་གནང་རྒྱུ་དང་།   བྱ་བ་ལམ་དུ་འགྲོ་བའི་བཀྲ་ཤིས་སྨོན་འདུན་ཞུ།   ཁམས་པའི་བརྙན་འཕྲིན་ཁང་གི་གུས་པ་བྱམས་པ་རྡོ་རྗེས། ཟླ་ཚེ་བཟང་པོ་ལ།


       1994 9 月,我被甘孜县教育局派到了仁果小学,来接我的是一位穿着棕黄色藏袍,戴着一顶印度款礼貌,面带微笑的老师,伍加老师,他是仁果小学五六年级的藏文老师,那时还在上六年级的降拥泽伍和苏吉赤来同学相当不俗的藏文书法,也给我留下了深刻的印象。村里人都对年轻的伍加老师赞不绝口,我想这正是伍加老师高尚的品德,以及他对教育事业的兢兢业业最好的证明。

     1996 年伍加老师被调到甘孜县民族中学继续他的教学生涯,我们也成为了同事。在学校里,伍加老师不仅给初中和高中教授藏文,还会教学生学习摄类学,教学生进行辩论。也给同学们简单讲授《菩提道次第略本》,还会给大部分班级教授藏文书法。现在在甘孜县民族中学教书的登巴绕吉老师,巴桑邓珠老师,还有湖绒(地名)扎尕,亚尕,普夏多吉,贡布旺堆和向巴尼玛等人都曾是伍加老师藏文书法课的学生。他们当中有些人的藏文书法还得过国家级,省级的大奖。也有些人出版过藏文书法的书籍。

     2014 7 16 日,伍加老师因身体不适到成都体检,但我因为那段时间工作繁忙没能和他促膝长谈。不过让我高兴的是伍加老师将他闲暇时所著的一本书法书、一本《菩提道次第本》的注释,学生的藏文作文集赠予了我。说实话,其实我对伍加师的书法作品垂涎已久,也曾多次向他建议著一本书。这次能有幸拿到这本书,对于我这种想要学习书法的生来说真是最好的礼物。

    伍加师于1968 ,出生在甘孜县南多乡青喀村。七岁时在母亲,舅舅,昂翁邓珠经师和格勒老者的指导下学习了藏文字母的读写,在小学时又在生龙恩珠老师等的辛勤勤教导下打下了很好的学习基础。1982 年在甘孜县民族中学学习期间,在泽仁多吉老师和苏吉曲培等的帮助下刻苦学习了《藏语语法三十颂》,《音势论》,正字学和汉语文的知识。

    1985 1989 读于甘孜民族师范学校,曾拜登(地名)降央巴登和龙南寺扎西邓珠格西为师,如饥似渴地学习了文的楷书和行书,也学习了兰扎字体,还学习了《语灯论》,真言的读法,数和修辞学等各类知识。1988,在全校的书法比赛中荣获了文楷书和行书的双冠军。毕业后,在仁果小学认真工作了六年,之后来到甘孜藏文中学辛勤授课十三年,现在在甘孜民族中学担任高中部的藏文和书法老师已有五余年。在二十四年多的教学生涯中伍加老栽培了上千名学生,现在他们都在自己的岗位上努力工作着。时至今日,伍加老师还一直坚持着在寒暑假期间为学生进行免费补课,从不向学生收取一分钱,这种持之以恒的勇气和毅让我从心底里倾佩他。尽管现在伍加师的身体状况不是很好,但他还是坚持在课余时间,为四十多名老少皆有的普通百姓在自家院子里开设小课堂,教他们学习藏文的读写,为他们简单地讲解皈依和三聚经。他将自己毕生所学倾囊相授,同时也从未停止过学习的脚步。闲暇时他从龙平措师处学习了《菩提道次第甘露醍醐》和前藏书法,还从拉玛扎西老师和扎西多吉老师处学习了《菩提道次第》和中观。

    最后为伍加师圆满完成藏文书法的字帖编写送上最诚挚的祝福,同时也祝愿伍加师身体健康,万事如意!




甘孜书法长卷展 (8).jpg



བྲིས་པ་དབྱིག་གཉེན་ངོ་སྤྲོད་མདོར་བསྡུས།


          མིང་ལ་དབྱིག་གཉེན་སུ་འབོད། ༡༩༩༥ལོར་མདོ་ཁམས་ཏྲེ་སྟོད་རོང་པ་ཚ་ཞེས་པའི་ཡུལ་དུ་སྐྱེས། ཆུང་དུས་ནས་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བརྒྱུད་དེ་དགེ་བའི་བཤེས་གཉེན་དུ་མར་བསྟེན་ཏེ་རང་མི་རིགས་ཀྱི་སྐད་དང་ཡི་གེ་གཙོར་བྱས་པའི་སྦྱང་ཚན་དག་ལ་སྦྱོང་བ་ནན་ཏན་བྱས་པའི་ཞོར།   བོད་ཀྱི་ཡིག་གཟུགས་ལ་དགའ་ཞེན་ཟབ་མོ་ཡོད་པའི་རྐྱེན་གྱིས་སྔ་རྗེས་སུ་དཀར་མཛེས་བོད་ཡིག་སློབ་འབྲིང་གི་དགེ་བའི་བཤེས་གཉེན་བསོད་ནམས་དབང་རྒྱལ་དང་། སི་ཁྲོན་མི་རིགས་སློབ་གླིང་གི་དགེ་རྒན་ཆེན་མོ་ཚེ་རིང་དབང་རྒྱལ། བཀྲ་ཤིས་དར་རྒྱས་དགོན་པའི་དགེ་རྒན་བློ་ཡེས་སོགས་ཀྱི་དྲུང་ནས་བོད་ཀྱི་ཡིག་གཟུགས་ལ་སྐོམ་པ་ཆུ་འདོད་ལྟར་འབད་པ་ཤུགས་ཆེར་གནང་ནས།

         2014ལོའི་ཟླ5པར་དཀར་མཛེས་རྫོང་སྐབས་དང་པོའི་ཡིག་གཟུགས་འགྲན་བསྡུར་སྐབས་དབུ་ཅན་ཡིག་གཟུགས་ལ་ཨང་དང་པོའི་བྱ་དགའ་ཐོབ།

        2014-2017ལོགསུམ་ཡི་ནང་ཟླ5པར་སློབ་ཆེན་ནང་དུ་ཡིག་གཟུགས་འགྲན་བསྡུར་སྐབས་བྱ་དགའ་མང་པོ་ཞིག་ཐོབ་པའི་ཁར་མི་སྒེར་གྱི་ཡིག་གཟུགས་འགྲེམས་སྟོན་ཡང་གནས་དེ་ནས་སྤེལ།   2018ལོའི་ཟླ4པར་དཀར་མཛེས་ཁུལ་གྱི་སྐབས་གཉིས་པའི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་སྐབས་དབུ་ཅན་དང་ལཉྫ་ལ་ཨང་གསུམ་པའི་བྱ་དགའ་ཐོབ།ད་དུང་དགེ་རྒན་བསོད་ནམས་དབང་རྒྱལ་དང་བྱམས་པ་རྡོ་རྗེ།    ངེད་གསུམ་གྱིས་མཉམ་དུ་གངས་ལྗོངས་ཡིག་གཟུགས་སྣ་བརྒྱའི་ཞལ་ཐང་རིང་མོ་འདི་ཉིད་འབྲི་བཞེངས་བྱས།   དེ་ཡང་སྤྱི་ལོ་ཉིས་སྟོང་བཅུ་བཞིའི་ཟླ་བ་དང་པོ་ནས་མགོ་བཙུགས་ཏེ་བགྲང་བྱ་ལྔའི་རིང་གི་ལས་ཞོར་གྱི་དུས་ཚོད་གང་ཡོད་སྤྱད་དེ་འབད་པ་ལྷུར་ལེན་བགྱིས་པས།   མཐར་ཉིས་སྟོང་བཅུ་དགུའི་སྤྱི་ཟླ་བཞི་པའི་ཚེས་ཉི་ཤུ་ལྔ་ཉིན་མཇུག་ལེགས་པར་གྲུབ་བོ།།   ཞལ་ཐང་རིང་མོ་འདིའི་རིང་ཚད་ལ་སྨིད་སུམ་བརྒྱ་ལྔ་བཅུ་ང་ལྔ་དང་ཚེག་ལྔ་དང་།ཡིག་གཟུགས་མི་འདྲ་བ་ཉིས་རྒྱབ་སུམ་བཅུ་ཡོད།

        ད་ལྟ་སློབ་གླིང་གི་སྦྱོང་ཚན་དག་རེ་ཞིག་ལེགས་པར་གྲུབ་ནས་རང་གི་ཕ་ཡུལ་དཀར་མཛེས་རྫོང་རོང་པ་ཚ་རུ་དགེ་རྒན་གྱི་བྱ་བར་གཉེར་བཞིན་ཡོད་ལ།ད་དུང་དབྱིག་གཉེན་བོད་ཀྱི་ཡིག་གཟུགས་རྒྱུད་འཛིན་ལྟེ་གནས།༽ཅེས་པ་འཛུགས་ནས། རང་ནུས་གང་ཡོད་ཀྱིས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་གསར་སྐྱེས་རྒྱུད་འཛིན་པ་དེ་སྔ་དྲུག་བརྒྱལྷག་གསོ་སྐྱོང་གི་ལས་ལ་འབད་འབུངས་བྱེད་མུས་སུ་མཆིས་སོ།།


   登真益尼,1995年生于四川省甘孜藏族自治州甘孜县。自幼酷爱书画,先后拜甘孜藏文中学生龙翁加老师、四川民族学院老师才仁翁加、甘孜达金寺落益大师等书法名师为师,得苦老真传,并从中吸取精华,融古法今,勤而习之,形成自己的书法风格。2018年甘孜藏族自治州第二届藏文书法大赛荣获三等奖,荣获2014甘孜第一届藏文书法比赛一等奖,而后又多次参加书法比赛均取得优异成绩,先后举办了多次个人书法展。并与生龙翁加老师、向巴多吉、三人一起从20141月至2019425日,历经五年时间完成了雪域百体书法长卷,该书法长卷总长355.5米,汇集了玛钦玛琼体、神降体、伏藏体、安体、康体、卫体、藏体、壁画体、嘎玛噶哲体等230种藏文字体,是距今字体种类最多最长的书法长卷,其内容为藏地四大善言中的名言警句,对世人有着弃恶扬善,遵纪守法,利国利民的教导作用。现加入甘孜藏族自治州甘孜县藏文书法艺术小组,成为组员,从事藏文和藏文书法的教学工作。为弘扬藏文书法,推动藏文书法的发展,培养新一代传播者和继承者,现创建“益尼藏文字体艺术传承中心”。 在规划自己文化产业的同时,为国家和民族文化的发展和繁荣作出努力和贡献。



甘孜书法长卷展 (6).jpg



བྱམས་པ་རྡོ་རྗེའི་ངོ་སྤྲོད་མདོར་བསྡུས།


            བྱམས་པ་རྡོ་རྗེའམ་ཆོས་གྲགས་ཚེ་རིང་ནི་སྤྱི་ལོ་1993 ལོར་དཀར་མཛེས་རྫོང་གི་རྫ་ཁོག་ཡུལ་ཚོའི་ཉག་གཞིས་ཚང་དུ་ཐོག་མའི་ལྟེ་ཕྲག་འཐོར།   ཆུང་དུས་ནས་བྲིས་ལ་མཁས་པའི་དགེ་རྒན་རྣམས་ཀྱིས་མཛུབ་ཁྲིད་བཟང་པོ་ཡིས་ཡིག་གཟུགས་ལ་དགའ་བའི་གོམས་གཤིས་ཟབ་མོ་བཞག    ཉིས་སྟོང་བཅོ་ལྔ་ལོ་ནས་བོད་ཀྱི་ཡིག་གཟུགས་ཆེད་སྦྱོང་གི་ལམ་དུ་ཞུགས་ཏེ་མདོ་དབུས་ཁམས་གསུམ་གྱི་ཡིག་གཟུགས་མཁས་ཆེན་མང་པོའི་མདུན་སར་ཆེད་བཅར་གྱིས་བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་དྲི་མ་མེད་པ་ལ་འབྲི་སྦྱོང་ལྷོད་མེད་བྱས་ཤིང་། དགེ་རྒན་ཁོང་རྣམ་པས་ཀྱང་དམིགས་བསལ་ལྟ་སྐྱོང་དང་བསྔགས་བརྗོད་གནང་བ་མ་ཟད།   དཀར་མཛེས་ཁུལ་དུ་སྐབས་གཉིས་པའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཆེན་མོ་ལས་དབུ་ཅན་ལ་ཨང་དང་པོའི་རྟགས་མ་ཐོབ།   སྤྱི་ལོ་༢༠༡༨ལོར་ཁོང་གིས་རང་རེའི་ཁུལ་དུ་གསེར་བྲིས་རིག་གནས་ཀྱི་དབུགས་རྒྱུན་ཕྲ་མོ་འགག་ལ་ཉེ་བར་གཟིགས་ནས་དཀར་མཛེས་རྫོང་དུ་དཀར་མཛེས་བོད་ལུགས་གསེར་བྲིས་རིག་གནས་ཉམས་གསོ་ལྟེ་གནས་བཙུགས་ཏེ།   རང་ཉིད་ཆུང་དུས་ཀྱི་ཕུགས་འདུན་མངོན་དུ་འགྱུར་བར་ངལ་བ་དུ་མར་མ་འཛེམ་པར་བོད་ཀྱི་གསེར་བྲིས་རིག་གནས་འཛིན་སྐྱོང་སྤེལ་གསུམ་གྱི་ལས་ལ་ཞུགས། དེ་ཡང་གསེར་ཡིག་འབྲི་བཞེངས་བྱེད་པ་ལ་ཉེ་བར་མཁོ་བའི་བོད་ཤོག་ལས་སྣོན་བྱེད་སྟངས་དང་མཐའ་ཐིག་འདབས་སྟངས།   གསེར་དངུལ་འདུལ་སྦྱོང་བྱེད་སྟངས་བཅས་ཀྱི་ལག་རྩལ་ལའང་དབང་ཐོབ།   དེ་བས་མཚོ་སྔོན་ཡུལ་ཤུལ་གྲོང་ཁྱེར་དུ་གནས་གཞི་བྱས་པའི་གསེར་བྲིས་ཁང་དག་གིས་གདན་ཞུ་བྱས་ཤིང་བོད་ཤོག་བཟོ་སྟངས་སོགས་ལ་མཛུབ་ཁྲིད་བྱས།   དེ་ཡང་།    ཁམས་པའི་དྲ་བ་དང།   ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དྲ་བ།   རྒྱལ་ཡོངས་ས་ཆེན་དྲ་བ།    ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས།   ཁམས་པའི་བརྙན་འཕྲིན་གྱི་བཀྲ་ཤིས་གཡང་ལོའིལོ་སར་དགོང་ཚོགས་ཀྱི་འཆར་ངོས།   ཁུལ་ཉིན་རེའི་ཚགས་པར།   གངས་དཀར་རི་བོའི་དུས་དེབ།   འབོད་པ་འདོན་ཐེངས་གསུམ་པ་སོགས་དང་རྫ་སྲས་བོད་ཀྱི་རིག་གནས་འཕྲིན་སྟེགས་སོགས་ཚད་ལྡན་གྱི་འཕྲིན་སྟེགས་བཅུ་ཕྲག་དང་།    གྲོང་ཁྱེར་ཆེན་པོ་ཧྲིན་ཀྲུའུ“深圳”་དང་རང་ཁུལ་གྱི་ཡུལ་སྐོར་ལྟེ་གནས་གྲགས་ཅན་འདབ་པ་ཉི་སྟེན་གྱི་བཤམས་སྟོན་ཁང་དག་གིས་ཀྱང་ཁོང་གི་ཡིག་གཟུགས་ལ་མགྲོན་དུ་བོས།   

       ད་ལྟ་དཀར་མཛེས་བོད་ལུགས་གསེར་བྲིས་རིག་གནས་ཉམས་གསོ་ལྟེ་གནས་ཀྱི་སྤྱིའི་འགན་འཛིན་པ་དང་།    དཀར་མཛེས་གནའ་དཔེ་གསེར་བྲིས་རིག་གནས་ཀྱི་རྒྱུན་འཛིན་པ།   དཀར་མཛེས་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི།   དཀར་མཛེས་རྫོང་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི།   དཀར་མཛེས་རྫོང་སློབ་ཆུང་གསུམ་པའི་གདན་ཞུས་ཡིག་གཟུགས་དགེ་རྒན།   དཀར་མཛེས་ནོར་གླིང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཚན་ཆུང་གི་ཚོགས་མི་བཅས་ཀྱི་ལས་ཀ་བྱེད་པའི་ཞོར་དུ་སློབ་མ་མང་པོ་སྐྱེད་སྲིང་བྱེད་བཞིན་ཡོད་ལ།   དེ་དག་ལའང་རང་གིས་སྦྱངས་པ་མཐར་སོན་པའི་དབུ་ཅན་ཁམས་ཀྱི་སྡེབ་བྲིས་དང་སྙེ་བྲིས།   སྨོན་ལམ་ཡིག་གཟུགས་དང་ཚེ་ཏན་ཞབས་དྲུང་གི་ཕྱག་རྒྱུན་ཡིག་གཟུགས་སོགས་ཀྱིས་གསེར་བྲིས་སྣ་ཚོགས་འབྲི་ལུགས་ལ་སློབ་ཁྲིད་བྱེད་མུས་སུ་མཆིས་སོ།།


    书法家向巴多吉或曲珠泽仁出生于1993年四川省甘孜县扎科乡地龙村娘依家族。自幼在身边的书法老师的熏陶下养成了爱好书法的优良习惯。

2015年他正式踏上了专业学习藏文书法的道路,亲自拜访了卫藏、安多、康区等多地的书法大师,真正了解和学习到了传统的藏文书法。在其老师们的特别指导以及自己的刻苦练习下,不仅得到了老师们的一致赞扬,还在甘孜州第二届藏文书法大赛中荣获了藏文楷书体一等奖的荣誉称号。

2018年他为了本地区的藏文金书文化恢复和发扬,在甘孜县城成立了甘孜金书法文化中心,而这些都是他通过自己的不懈努力实现了从小怀揣着的继承和弘扬本民族藏文金书文化的梦想。

   在日常生活中,他除了书写藏文金书以外还掌握了加工藏纸、绘制书写边线,以及调制金银墨浆等技艺。他还曾受邀前往青海玉树等地进行藏纸制造的交流和学习。

   他的一系列书法作品曾在康巴网、中国藏文书法网、全国大地网、中央人民广播电台、康巴卫视“祥瑞新年”藏历新年晚会等各大网站和媒体上展播。还受邀了贡嘎山刊物、甘孜州日报、扎色藏文化等多家公众媒体,以及在著名的深圳市与甘孜州联合的旅游胜地亚丁博物馆中会展。

如今他已成为甘孜藏族金书文化传承发扬的代表之一,甘孜古籍金文传承人,甘孜州书法协会会员,甘孜县书法协会会员,甘孜县第三完全小学的邀请书法老师,甘孜诺领藏文书法艺术小组成员。

   创作之余,他还培养了一批兴趣学徒,专门为他们开设了藏文楷书体、穗笔书法、麦罗书法、才旦夏茸书法等一系列藏文书法兴趣班。


会员登录
登录
我的资料
留言
回到顶部