གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

གཞོན་སྐྱེ་བྲིས་པ་ལྕགས་བྷེ་འོས་སྦྱོར།

 二维码 221
发表时间:2019-06-16 16:26作者:རྩོམ་སྒྲིག་ཁང་ནས།来源:བོད་ཀྱི་ཡིག་གཟུགས་དྲ་བ།




       བོད་ཀྱི་བྲིས་པ་ལྕགས་བྷེ་ནི་མདོ་སྨད་གཅན་ཚ་རུ་སྐྱེས་ལ།གཅན་ཚ་རྫོང་ཡིག་རིས་པར་ལེན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ།་གཅན་ཚ་བཟོ་རིག་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་མི།རྨ་ལྷོ་ཁུལ་མཛེས་རྩལ་མཐུན་ཚོགས་ཀྱི་ལས་འཛིན་པ།རྨ་ལྷོ་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི།མཚོ་སྔོན་ཞིང་ཆེན་གྲངས་ཉུང་མི་རིགས་ཀྱི་ཡིག་རིས་མཐུན་ཚོགས་ཀྱི་ཚོགས་མི། མཚོ་སྔོན་ཞིང་ཆེན་བོད་ཀྱི་ཡིག་གཟུགས་རྒྱུན་འཛིན་དར་སྤེལ་ཞིབ་འཇུག་ཚོགས་པའི་ལས་འཛིན་པ་བཅས་ཡིན།1999ལོར་མཚོ་སྔོན་མི་རིགས་དགེ་འོས་མཐོ་རིམ་ཆེད་སྦྱོང་སློབ་གྲྭ་ནས་སློབ་མཐར་ཕྱིན་པ་དང་།2009-2012ལོའི་བར་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ་བོད་རིག་པ་ཞིབ་འཇུག་གླིང་གི་བོད་སྐད་ཡིག་རྩོམ་རིག་ཆེད་ལས་ཀྱི་རབ་འབྱམས་ཞིབ་འཇུག་སློབ་མའི་བསླབ་གནས་བླངས།མི་ལོ་ཉི་ཤུ་ལྷག་གི་རིང་གཅན་ཚ་རྫོང་མི་རིགས་སློབ་འབྲིང་དུ་བོད་ཡིག་དང་རི་མོ། ཡིག་གཟུགས་བཅས་ཀྱི་དགེ་རྒན་བྱས་དང་བྱེད་མུས་སུ་མཆིས།

མི་ལོ་བཅུ་ཕྲག་ལྷག་གི་རིང་ལ་བོད་ཀྱི་ཡིག་མཁན་རྨོག་རུ་དོན་གྲུབ་ཚེ་རིང་གི་མདུན་ནས་བྲིས་ཀྱི་རྨང་གཞི་ཚུགས་ཆེན་ནས་འགོ་བརྩམས་ཏེ་བཟླས་ཧྲལ་ལ་སོགས་ལེགས་པར་སྦྱངས།ལྷག་པར་དུ་བོད་ཡིག་གཟབ་བྲིས་དང་གཤར་བྲིས་སོགས་ཀྱི་ཐུན་མོང་མ་ཡིན་པའི་སྒྱུ་རྩལ་གྱིས་ཡིད་དབང་འཕྲོག་ནས་མི་ཚེའི་མོས་འདུན་དང་དམིགས་ཡུལ་དེ་ལ་བཅོལ་ནས2015ལོར་མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གིས་གཙོ་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན༼   ཐོན་མིའི་ཡིག་རྒྱུན   ༽ཡིག་གཟུགས་གསོ་སྦྱོང་འཛིན་གྲྭར་ཞུགས་ནས་བོད་ཀྱི་ཡིག་མཁན་ཆེན་མོ༧ལྷ་ཁང་བློ་བཟང་རྡོ་རྗེ་མཆོག་ལས་གཙང་བཀྲ་ཤིས་ལྷུན་པོའི་རྩེ་སློབ་གྲྭའི་ཁུངས་ལྡན་ཡིག་གཟུགས་གཙང་བྲིས་ཚུགས་ཆེན་དང་ཚུགས་ཆུང་། ཚུགས་མ་འཁྱུག་གསུམ། ༧ པོ་ཏ་ལའི་སྙེ་འཕྲིན་ལས་རྒྱལ་མཚན་མཆོག་ལས་རྒྱལ་བའི་བཀའ་བསྟན་བཞེངས་བྱེད་ཀྱི་ཚད་ལྡན་ཡིག་གཟུགས་དབུ་ཅན་སྙེ་བྲིས་དང་བོད་སྲིད་གཞུང་གིས་བཀའ་རྒྱ་གཏོང་བྱེད་ཀྱི་ངེས་གཏན་ཡིག་གཟུགས་གཞུང་བྲིས་གཉིས།༧མཆོག་སྤྲུལ་མི་ཕམ་རྣམ་རྒྱལ་ལས་ཁམས་ཀྱི་བཀའ་བརྒྱུད་བྲབ་བྲིས་དང་ནང་བྲིས་ནོར་བུ་མ།༧མཁས་བཙུན་ངག་དབང་རྒྱ་མཚོ་ལས་མགོ་ལོག་སྡེར་ནང་ས་བྲིས་བཅས་བོད་ཡིག་གཟབ་གཤར་གཉིས་ཀྱི༼   བྲིས་རྒྱུན་ཆེན་མོ་བརྒྱད ༽ཀྱི་ཁྲིད་རྒྱུན་ལེགས་པར་ཐོབ་ནས་བརྩོན་པ་ཆེན་པོས་བྲིས་ལ་བྱང་བར་བྱས།ལྷག་པར་དུ་བོད་ཀྱི་ཡིག་གཟུགས་ལ་མོས་པའི་འདུན་པ་དྲག་པོས་ཀུན་ནས་བསླངས་ཏེ2017ལོར་ཆེད་དུ་དབུས་གཙང་དུ་སོང་ནས1956ལོར༧པཎ་ཆེན་སྐུ་ཕྲེང་བཅུ་པ་སྣང་བ་མཐའ་ཡས་མཆོག་གིས་འཕྲིན་ལས་ཀྱི་མཐུ་ལས་འགྲོ་བའི་བསོད་ནམས་ཀྱི་བགོ་སྐལ་དུ་སྨིན་པའི་བཀྲས་དགོན་རྩེ་སློབ་གྲྭའི་བྲིས་ཀྱི་བརྒྱུད་འཛིན་པ༧ལྷ་ཁང་བློ་བཟང་རྡོ་རྗེ་མཆོག་གི་མདུན་དུ་སྒོ་གསུམ་གུས་པ་ཆེན་པོས་སྨྱུག་གུའི་བཟོ་སྟངས་དང་སྨྱུག་ཁ་འཁྱེར་ཚུལ།སྦྱང་ཤིང་འཛིན་སྟངས། གདབ་ཐིག་འཐེན་ཚུལ། སྣག་ཚའི་འདུ་སྦྱོང་སོགས་ཡིག་གཟུགས་སྦྱོང་སྐབས་ཚང་དགོས་པའི་ཆ་རྐྱེན་རྣམས་མ་ལུས་པར་སྦྱངས་ཏེ་གོམས་པས་རྒྱུན་འབྱམས་སུ་བཏང་ནས་ཡི་གེ་དག་སྙོམ་མཛེས་གསུམ་ལ་བྱང་ཆ་ཅུང་ཙམ་ཐོབ། ད་ལྟ་ད་དུང་མུ་མཐུད་དུ་ཡིག་མཁན་མཁས་པ་གང་མང་གི་ཞབས་ལ་གཏུགས་ཏེ་བྲིས་རྒྱུན་དཀོན་པོ་འཚོལ་སྡུད་དང་མ་ཕྱི་ཉར་ཚགས། ཚད་ལྡན་ཡིག་ཆར་ཞིབ་འཇུག ཁུངས་བཙུན་བྲིས་རྒྱུན་དཔྱད་བསྡུར། མ་འོངས་བརྒྱུད་འཛིན་གསོ་སྐྱོང་སོགས་བྲིས་ཀྱི་རིག་གནས་ཉམས་པ་སླར་གསོ་དང་མ་ཉམས་གོང་འཕེལ་དུ་གཏོང་བར་བརྩོན་པ་བསྐྱེད་མུས་སུ་མཆིས།







































会员登录
登录
我的资料
留言
回到顶部