གསར་འགྱུར། 新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་མ་ཕྱི། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཅོ་ནེ་རྫོང་བོད་རིགས་སློབ་འབྲིང་དུ་བསྐྱོད་པའི་ལེའུ།

2019-05-26 17:49来源:ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས།作者:འཇམ་ཚེ།浏览数:431 



བོད་རབ་རྒྱན་ས་མོ་ཕག་གི་ལོའི་ས་ག་ཟླ་བའི་རྫོགས་པ་གཉིས་པར་བབས་པ། ཕྱི་ལོ་༢༠༡༩་ལོའི་ཟླ་༥་པའི་ཚེས་༢༥་ཉིན་གྱི་ཞོགས་པའི་ཉི་ཟེར་དང་བསྡོངས་ཏེ། ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་སླར་ཡང་འདས་ལོ་གོང་མ་བཞིན་ཐག་ཉེ་རིང་གི་སློབ་གྲྭ་སོ་སོར་སློབ་སྐོར་དུ་ཕེབས་པའི་འཆར་གཞི་ལྟར། ཤར་མདོ་སྨད་ཅོ་ནེའི་ཡུལ་གྱི་རྫོང་བོད་རིགས་སློབ་འབྲིང་དུ་བསྐྱོད་མགོ་བརྩམས།

ཐེངས་འདིའི་བྱ་འགུལ་ཁྲོད་སྔར་བཞིན་མཐུན་ཚོགས་དེ་གས་གཅེས་ཉར་གནང་བའི་ཡིག་གཟུགས་བརྩམས་ཆོས་བརྒྱད་ཅུར་ཉེ་བ་འགྲེམས་སྟོན་བྱས་ཤིང་། སློབ་རའི་ཡུལ་དངོས་ལ་ཕེབས་པའི་བྲིས་པ་རྣམ་པས་དགེ་སློབ་ཚོའི་རེ་འདུན་ལྟར་རང་རེའི་བོད་ཀྱི་ཡིག་གཟུགས་ཀྱི་ཤེས་བྱ་ཉུང་བསྡུས་བརྒྱུད་སྒྲོགས་དང་བཀྲ་ཤིས་བདེ་ལེགས། བསམ་དོན་ལྷུན་འགྲུབ་དང་ནི་བརྩོན་པ་ཆུ་རྒྱུན་སོགས་གང་ལ་གང་འཚམས་ཀྱི་བྲིས་གཟུགས་གང་མང་ཕྱག་བསྟར་གནང་ནས་ཡུལ་ཕྱོགས་དེ་གའི་སློབ་བུ་སྟོང་ཕྲག་གཉིས་ལ་ཉེ་བའི་རྒྱུད་ངོར་བོད་ཀྱི་ཡིག་གཟུགས་རིག་གནས་ཀྱི་བག་ཆགས་འོས་འཚམས་རེ་བཞག གཤམ་ནས་བྱ་འགུལ་འདིའི་མགོ་མཇུག་བར་གསུམ་ནས་ཁོལ་དུ་ཕྱུངས་པའི་པར་མིག་འགའ་རིས་སུ་བཀྲམ་ན་འདི་ལྟར།


20.jpg


ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་གཙོ་རྒན་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་གཏམ་བཤད་གནང་བཞིན་པ།



19.jpg



གསུང་གི་བདུད་རྩི་ཉམས་ཀྱིས་བཞེས་པའི་བློ་གསལ་བུང་བའི་ཚོགས།


18.jpg

མཐུན་ཚོགས་ཀྱི་ངོས་ཐད་ནས་སློབ་གྲྭ་དེ་གར་ལེགས་སྐྱེས་འབུལ་བཞིན་པ།


17.jpg


དབྱངས་གསལ་གྱི་མཛེས་ཉམས་ལ་གཟིགས་མོར་ཕེབས་བཞིན་པའི་སློབ་བུའི་ཚོགས།


16.jpg


དབྱངས་གསལ་གྱི་མཛེས་ཉམས་ལ་གཟིགས་མོར་ཕེབས་བཞིན་པའི་སློབ་བུའི་ཚོགས།


14.jpg


རྒན་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་ཕྱག་བྲིས་གནང་བཞིན་པ།


1.jpg


རྒན་འཇིགས་མེད་ཆོས་དར་ལགས་ཀྱིས་ཕྱག་བྲིས་གནང་བཞིན་པ།



12.jpg


རྒན་ཁ་གྱ་འཇིགས་མེད་ལགས་ཀྱིས་ཕྱག་བྲིས་གནང་བཞིན་པ།



11 .jpg


རྒན་བསོད་ནམས་ཚེ་རིང་ལགས་ཀྱིས་ཕྱག་བྲིས་གནང་བཞིན་པ།



10.jpg


རྒན་རྟ་མགྲིན་མགོན་པོ་ལགས་ཀྱིས་ཕྱག་བྲིས་གནང་བཞིན་པ།



9.jpg


རྒན་རྡོ་རྗེ་སྐྱབས་ལགས་ཀྱིས་ཕྱག་བྲིས་གནང་བཞིན་པ།



8.jpg


རྒན་ཨ་འཁོར་ཚེ་བྷ་ལགས་ཀྱིས་ཕྱག་བྲིས་གནང་བཞིན་པ།


7.jpg

དབྱངས་གསལ་གྱི་མཛེས་ཉམས་ལ་གཟིགས་མོར་ཕེབས་བཞིན་པའི་སློབ་བུའི་ཚོགས།



6.jpg


རྒན་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་སློབ་གྲྭ་དེ་གའི་སློབ་བུ་ཚོར་བོད་ཀྱི་ཡིག་གཟུགས་འབྲི་སྟངས་སྐོར་ལ་མཛུབ་སྟོན་གནང་བཞིན་པ།



5.jpg


སློབ་རའི་འགྲེམས་སྟོན་གྱི་ཟུར་ཞིག



རྒན་སྐལ་བཟང་མཐུ་སྟོབས་ལགས་ཀྱིས་སློབ་བུ་ཚོའི་རེ་འདོད་ལྟར་ཕྱག་བྲིས་གནང་བཞིན་པ།

3 (2).jpg

བྱ་འགུལ་མཇུག་རྫོགས་ཁར་སློབ་གྲྭ་དེ་གའི་དགེ་སློབ་དང་ལྷན་དུ་བསྒྲོན་པའི་མཉམ་པར།


21.jpg.jpg



会员登录
登录
我的资料
留言
回到顶部