འབྲི་རུ་རྫོང་སློབ་ཆུང་དང་པོས་བྱིས་པའི་རིག་རྩལ་འཁྲབ་སྟོན་དང་ཡིག་གཟུགས་འགྲེམ་སྟོན་གྱི་བྱ་འགུལ་སྤེལ་བ།
༢༠༡༩ལོའི་ཟླ་བ༥ཚེས༨ཉིན་བོད་རང་སྐྱོང་ལྗོངས་ནག་ཆུ་ཁྲོང་ཁྱེར་འབྲི་རུ་རྫོང་སློབ་ཆུང་དང་པོ་རུ་སྣང་ཆེན་བཞི་དང་དགའ་ཞེན་བཞི་བརྗོད་བྱར་བཟུང་བའི་བྱིས་པའི་རིག་རྩལ་འཁྲབ་སྟོན་དང་ཡིག་གཟུགས།རི་མོ་སོགས་ཀྱི་འགྲེམ་སྟོན་སྤེལ་བ་བ་རེད།
འབྲི་རུ་རྫོང་སློབ་གསོ་ཅུད་ཀྱི་ཅུད་ཀྲང་བསྟན་འཛིན་ནོར་བུ།སློབ་ཆུང་དང་པོའི་ཧྲུའུ་ཅི་བཀྲ་ཤིས་དོན་གྲུབ། སློབ་སྤྱི་སྤེན་པ་སོགས་ཐེངས་འདིའི་བྱ་འགུལ་ལ་གཟིགས་སྐོར་དུ་ཕེབས།
ཐེངས་འདིའི་བྱེད་སྒོའི་སྟེང་དུ་ཡིག་མཁན་རྒན་བསླབ་གསུམ་དང་རྒན་སྐལ་བཟང་རྒྱ་མཚོ་རྣམས་གཉིས་ཀྱིས་ཟླ་ངོ་དྲུག་ལྷག་གི་རིང་འབྲི་རུ་རྫོང་སློབ་ཆུང་དང་པོའི་དགེ་སློབ་རྣམས་ལ་སློབ་ཁྲིད་བྱས་པའི་གྲུབ་འབྲས་འགྲེམ་སྟོན་ཐེངས་ཤིག་ཡིན།
དགེ་སློབ་རྣམས་ཀྱི་བརྩམས་ཆོས།
རྒན་བསླབ་གསུམ་གྱི་རི་མོའི་བརྩམས་ཆོས་གསར་པ།
ཐེངས་འདིའི་རིག་རྩལ་འཁྲབ་སྟོན་དང་ཡིག་གཟུགས་འགྲེམ་སྟོན་གྱི་བྱ་འགུལ་གྱིས་སློབ་གྲྭའི་ཁོར་ཡུག་ལ་ཤེས་རིག་གི་རྣམ་གསར་བས་ཁེངས་བར་བྱས་པ་མ་ཟད།དགེ་སློབ༢༥༠༠ལྷག་དང་སློབ་མའི་ཁྱིམ་བདག་མང་པོའི་མིག་དབང་ཅིག་ཅར་དུ་འཕྲོག།
རྩོམ་སྒྲིག་པ་རུ་གསར་བཟང་པོ།
|