གསར་འགྱུར། 新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་མ་ཕྱི། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

ལྷོ་ཁ་གྲོང་ཁྱེར་གྱིས་ཡིག་གཟུགས་དུས་ཆེན་བསུ་བའི་བྱ་འགུལ་མེ་ཏོག་ཕྲེང་མཛེས་ཡལ་འདབ་བཅུ་དྲུག་པ།

2019-05-06 09:34来源:ལྷོ་ཁའི་ཡིག་གཟུགས་མཐུན་ཚོགས་ཀྱིས།作者:ཡར་ཆབ་ཕོ་ཉ།浏览数:653 

ལྷོ་ཁ་གྲོང་ཁྱེར་གྱིས་ཡིག་གཟུགས་དུས་ཆེན་བསུ་བའི་བྱ་འགུལ་མེ་ཏོག་ཕྲེང་མཛེས་ཡལ་འདབ་བཅུ་དྲུག་པ།


ལྷོ་ཁ་གྲོང་ཁྱེར་གྱིས་ཁྱོན་ཡོངས་ཀྱི་མཐུན་སྒྲིལ་ཅིག་གྱུར་དང་དཔུང་བ་མཉམ་གཤིབ་གྱི་བསམ་བློའི་སྲོག་ཤིང་བཟུང་ནས་ཐུན་མོང་ཅིག་གྱུར་གྱིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་པའི་བྱ་འགུལ་ཚང་མ་གོ་རིམ་ཡོད་པ་སྒྲིག་གཞི་ཡོད་པའི་རྣམ་པའི་སྟེང་ནས་ངེད་བོད་ཀྱི་ཡིག་གཟུགས་དྲ་བའི་རྩོམ་སྒྲིག་ཁང་ལ་གསར་འགོད་བྱས་པ་གཤམ་ལྟར།


བསམ་ཡས་དགོན།



༄༅།།བོད་ཀྱི་སྐད་དང་མཐུན་པའི་ཡི་གེའི་གཟུགས།།

མཚུངས་མེད་རྣམ་དཔྱོད་མཆོག་གིས་ཉེར་བཟོས་ཏེ།།

སཱ་ལའི་ལྗོངས་སུ་རིག་པའི་སྒོ་འབྱེད་མཁན།།

སློབ་དཔོན་ཐོན་མི་མཆོག་ལ་གུས་པས་འདུད།།

    ཅེས་གངས་ཅན་ལྗོངས་ལ་བཀའ་དྲིན་བླ་ན་མ་མཆིས་པའི་སློབ་དཔོན་ཐོན་མི་མཆོག་ལ་བསྟོད་ཕྱག་སྔོན་དུ་བཏང་ནས་འདིར་གླེང་བར་བྱ་བ་ནི་ལོ་ལྟར་སྤྱི་ཟླ་བཞི་པའི་ཚེས་སུམ་ཅུ་ཉིན་ནི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ཉིན་མོ་ཡིན་ལ། བོད་མདོ་དབུས་ཁམས་གསུམ་གྱི་རྒན་དར་གཞོན་གསུམ་ཡོངས་ཀྱིས་དུས་ཆེན་ལ་བསུ་བ་ཞུ་ཆེད་ཡིག་གཟུགས་ཀྱི་བྱེད་སྒོ་སྣ་ཚོགས་སྤེལ་དང་སྤེལ་བཞིན་ཡོད།





    ངེད་བསམ་ཡས་དགོན་ཁྲི་སྲོང་ལྔ་རིག་ནང་བསྟན་སློབ་གླིང་གིས་ཀྱང་སྔར་རྒྱུན་བཞིན་དགེ་སློབ་ཡོད་དོ་ཅོག་ནས་དྲི་མེད་ལྷག་བསམ་དཀར་པོས་ཀུན་ནས་བླངས་ཏེ་རང་མི་རིགས་ཀྱི་སྐད་ཡིག་ལ་སྲིད་ཞུ་མཚོན་ཆེད་དུ་རང་རང་གི་ནུས་ཚོད་ལ་དཔག་པའི་སོར་མོའི་འདུ་བྱེད་དཀར་གཙང་ཤོག་བུའི་སྟེངས་དུ་དྲངས་ནས་འགྲེམ་སྟོན་གྱི་བྱེད་སྒོ་ཆུང་ཆུང་ཞིག་སྤེལ་བའི་གོ་རིམ་ནི་འདི་ལྟར།




    སྔ་དྲོ་འདུས་དམང་ལྷན་འཛོམས་ཐོག་སློབ་དཔོན་ཐོན་མིའི་སྐུ་འདྲར་གཞལ་གསེར་བསྒྲོན་ནས་མ་ཡིག་གཟུགས་རིས་འདི་ཉིད་ཉམས་པ་སླར་གསོ་དང་མ་ཉམས་གོང་དུ་འཕེལ་ཞིང་ཡུན་རིང་དུ་གནས་པའི་ཐུགས་སྨོན་རྒྱས་པར་ཞུས་ཅིང་།




      དེ་རྗེས་ཡིག་མཁན་རྣམས་ཀྱིས་ས་ཡུལ་དངོས་ནས་ཡིག་གཟུགས་སྒྱུ་རྩལ་གྱི་ལམ་ནས་བསུ་བ་ཞུས་པ་དང་ཆབ་ཅིག་ཕྱོགས་ཁག་ནས་ཕེབས་པའི་ཡིག་མཁན་སྐུ་མགྲོན་རྣམས་དང་ཕན་ཚུན་ཉམས་མྱོང་སྤེལ་རེས་དང་ཡིག་གཟུགས་སྐོར་གྱི་བཀའ་གནད་སློབ་སྦྱོང་ཞུ་བ་དང་ལེགས་ཆ་དང་ལེན་བྱེད་པ་སོགས་བྱེད་སྒོ་ཟབ་རྒྱས་ཐོག་ནས་ཉིས་སྟོང་བཅུ་དགུ་ལོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ལ་བསུ་བ་ཞུ་བའི་བྱ་འགུལ་བདེ་ལེགས་ངང་ནས་འགྲུབ་པར་བཀའ་དྲིན་ཆེ།




      སླད་མ་འོངས་པར་ཡང་བོད་ཀྱི་ཡིག་གཟུགས་འདི་ཉིད་དབྱར་མཚོ་བཞིན་དུ་འཕེལ་བའི་བཀྲ་ཤིས་སྨོན་འདུན་ཞུའོ།།








སྨིན་གྲོལ་གླིང་དགོན།


     རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་གྲ་ནང་ཡིག་གཟུགས་དུས་ཆེན་གྲ་ནང་སྨིན་གྲོལ་གླིང་དགོན་བཤད་གྲྭ་པདྨ་བཀོད་དུ་གཉེར་བ་རེད། གངས་ལྗོངས་མེས་པོའི་ཕྱག་རྒྱུན་ཡིག་གཟུགས་མཁན་པོ་རྒན་འགྱུར་མེད་ཚུལ་ཁྲིམས་མཆོག་དང་བཤད་གྲྭའི་སྤྱི་ཁྱབ་མཁན་པོ་བཀྲ་ཤིས་དོན་གྲུབ་མཆོག་གིས་དབུས་ལས་སྣེ་རྣམས་ནས་ཡིག་གཟུགས་བརྩམས་བྱ་ཁག་ལ་དཔྱད་འདེམ་གནང་བ་དང་སྐུལ་ལྕགས་དང་སྦྲེལ་བའི་གཟེངས་བསྟོད་གནང་བ་སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།















ལྷོ་ཁ་ལས་རིགས་ལག་རྩལ་སློབ་གྲྭ།

རྒྱུད་འཛིན་བྱེད་པ་ནི་གོང་འཕེལ་གཏོང་བའི་རྨང་གཞི་ཡིན།



     དེ་ཡང་།   རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་སྦྲགས་ངེད་སློབ་གྲྭའི་སློབ་ཁྲིད་སྤུས་ཚད་ཟླ་བ་ཡི་བྱེད་སྒོའི་འཆར་གཞི་ལྟར། ཟླ་བ་༤པའི་ཚེས་༢༩ཉིན། སློབ་དཔྱོད་ཁང་ནས་གཙོ་གཉེར་གནང་བ་དང་བོད་སྐད་ཡིག་ཚོགས་ཆུང་གིས་ལས་སྒྲུབ་ཀྱི་ཐུགས་འགན་བཞེས་ཏེ།   བོད་ཡིག་ཡིག་གཟུགས་བརྩམས་བྱ་སྤེལ་རེས་དང་འགྲེམ་སྤེལ་གྱི་བྱེད་སྒོ་སྤེལ་བ་ཡིན།




       
      ཐེངས་འདིའི་བྱེད་སྒོའི་གཙོ་སྐྱོང་གནང་མཁན་ནི་སློབ་དཔྱོད་ཁང་གི་དབུ་འཛིན་སྐུ་གཞོན་ལྷ་ཡུལ་སྐལ་རྡོར་ལགས་ཡིན་ཞིང་།   ཡིག་མཁན་ཆེན་མོ་འཇུ་ཡེ་ཤེས་ཚུལ་ཁྲིམས་ལགས་དང་ལྷོ་ཁའི་ཡིག་གཟུགས་སྐད་འཕྲིན་སྤྱི་སྟེགས་ཀྱི་གཙོ་གཉེར་བ་དངོས་གྲུབ་ལགས།   དེ་བཞིན་བོད་སྐད་ཡིག་ཚོགས་ཆུང་གི་དགེ་རྒན་རྣམ་པ་དང་ཡིག་གཟུགས་དགའ་ཞེན་ཚོགས་པའི་སློབ་མ་སོགས་བྱེད་སྒོར་ཞུགས་ཡོད།





    སྔ་ཕྱིར་གོ་རིམ་བཞིན་བོད་སྐད་ཡིག་ཚོགས་ཆུང་གི་ཚོགས་གཙོ་རྒན་བཀྲ་དོན་ལགས་དང་ཡིག་གཟུགས་དགའ་ཞེན་ཚོགས་པའི་འཛུབ་ཁྲིད་དགེ་རྒན་ཟླ་བཟང་ལགས།   ཡིག་མཁན་ཆེན་མོ་བ་འཇུ་ཡེ་ཤེས་ཚུལ་ཁྲིམས་ལགས།   རྒན་ནོར་བུ་དོན་གྲུབ་ལགས་དང་རྒན་བསོད་ནམས་མཚོ་མོ་ལགས་བཅས་ནས་དུས་ཆེན་གྱི་སྨོན་ཚིག་སྒྲོན་གནང་ཡོད།




      ཁོང་རྣམ་པས་ཐོག་མར་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་རྟེན་འབྲེལ་སྨོན་ཚིག་བསྒྲོན་པ་དང་།   དེ་ནས་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ནང་གསེས་ཡིག་གཟུགས་སྒྱུ་རྩལ་གྱི་རིག་གནས་འདིར་ཐུན་མིན་གྱི་ཁྱད་ཆོས་མཆིས་ཤིང་སྒྱུ་རྩལ་གྱི་རིན་ཐང་ལྡན་པས་དགེ་སློབ་རྣམ་པས་བྱེད་སྒོ་སྤེལ་གྲུབ་རྗེས་ཡོད་ཚད་མཇུག་རྫོགས་པ་ལྟ་བུའི་རྟུལ་ཞུགས་མི་འཛིན་པར་ནམ་ཞར་བརྩོན་པའི་རྟ་ཕོ་ལྕག་གིས་སྐུལ་དགོས་པའི་མངགས་བྱ་གནང་།   འཇུ་ཡེ་ཤེས་ཚུལ་ཁྲིམས་ལགས་ནས་ད་ཐེངས་ཀྱི་བྱེད་སྒོ་འདིར་གདེང་འཇོག་མཐོན་པོ་གནང་བ་དང་སློབ་མ་ཚོས་བྱས་པ་ཆུས་ཟོས་སུ་མི་གཏོང་བར་སྙིང་རུས་ཆེར་བསྐྱེད་ཀྱིས་ཡིག་གཟུགས་སྒྱུ་རྩལ་གྱི་རིག་གནས་འདིའི་རྒྱུན་འཛིན་བྱེད་ཐུབ་པ་དགོས་ཞེས་བཀའ་སློབ་གནང་།   འཛུབ་ཁྲིད་དགེ་རྒན་ཟླ་བཟང་ལགས་ནས་ཀྱང་སློབ་གྲྭ་གཞུང་ནས་ཡིག་གཟུགས་དགའ་ཞེན་ཚོགས་པར་མཐུན་རྐྱེན་འདི་ལྟར་སྦྱར་བར་བཀའ་དྲིན་ཆེ་ཞུས་པ་མ་ཟད་ཚོགས་པ་འཛུགས་པའི་དམིགས་ཡུལ་དང་མ་འོངས་ཀྱི་འཆར་གཞི་སོགས་གླེང་གནང་ཡོད།





      མཇུག་ཏུ་དགེ་སློབ་རྣམ་པས་ཡུལ་དངོས་ནས་ཡིག་གཟུགས་བྲིས་ཏེ་ཕན་ཚུན་བསམ་ཚུལ་བརྗེ་རེས་གནང་བ་དང་ལྷག་དོན་དུ་ཡིག་མཁན་ཆེན་མོ་བ་འཇུ་ཡེ་ཤེས་ཚུལ་ཁྲིམས་ལགས་ནས་ནག་པང་དང་ཤོག་ཐོག་སོ་སོ་ནས་དགེ་སློབ་རྣམས་ལ་ཡིག་གཟུགས་འབྲི་སྟངས་ཐད་ཀྱི་བཀའ་སློབ་གནང་ཞིང་།   དགེ་སློབ་ཚོའི་དཀའ་གནད་རེ་རེར་ངང་རྒྱུད་རིང་པོས་གསལ་འགྲེལ་དང་འབྲི་སྟངས་འཛུབ་ཁྲིད་གནང་ཡོད།





གྲོང་ཁྱེར་ཐད་གཏོགས་སློབ་ཆུང་ཁག



     གྲོང་ཁྱེར་ཐད་གཏོགས་སློབ་ཆུང་གི་སློབ་དཔྱོད་པས་༢༠༡༩ལོའི་ཟླ་༤པའི་ཚེས་༣༠ཉིན་ཀྲུང་གོའི་བོད་ཀྱི་ཡིགགཟུགས་དུས་ཆེན་ལ་རྟེན་འབྲེལ་ཞུ་བའི་ཉིན་མོར་སློབ་ཆུང་ཁག་གི་དགེ་སློབ་ཀྱི་ཡིགགཟུགས་འགྲན་སྡུར་གཟབ་རྒྱས་ཞིག་གཉེར་བ་རེད།









རྒྱ་ཚྭ་རྫོང་ང་རབ་སློབ་ཆུང་།



རྒྱ་ཚྭ་རྫོང་ང་རབ་སློབ་ཆུང་གིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་བསུ་བ་ཞུས་ཏེ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འདི་ཉིད་ཡར་ངོའི་ཟླ་བཞིན་གོང་འཕེལ་བའི་སྨོན་འདུན་ཡང་ཞུས་ཡོད།











གྲ་ནང་རྫོང་དཀྱིལ་རུཤང་སློབ་ཆུང་།












ལྷོ་བྲག་རྫོང་སྲས་ཤང་སློབ་ཆུང།



        ཀྲུང་གོའི་བོད་ཀྱི་ཡིག་གཟུགས་དུས་ཆེན་ཉིན་མོར་ལྷོ་བྲག་རྫོང་སྲས་ཤང་སློབ་ཆུང་གི་དགེ་སློབ་ཚོས་ཐུན་མིའི་ཕྱག་རྒྱུན་མི་ཉམས་གོང་སྤེལ་དང་རྒྱུད་འཛིན་སླད་རང་རང་གི་སོར་རྩལ་ངོམས་པ་ནི་མཐའ་མཚམས་ཀྱི་རི་གྲོང་ན་བཞད་པའི་གངས་ལྷ་མེ་ཏོག་དང་ཇི་འདྲའི་འདྲ་ཨང་།












གོང་དཀར་རྫོང་ཁོངས་དགའ་ཚལ་ཐུབ་བསྟན་དར་རྒྱས་གླིང་དགོན།




      བོད་ཡིག་ཡིག་གཟུགས་ནི་བོད་ཀྱི་རིག་གནས་ཆེ་བ་ལྔའི་ཡ་གྱལ་བཟོ་རིག་པའི་ཁོངས་སུ་གཏོགས་ཡོད་ལ་ལྷག་དོན་དུ་བོད་ཀྱི་རིག་གནས་འདིས་ཀྲུང་ཧྭ་རིག་གནས་ཁྲོད་གནས་བབ་ངེས་ཅན་ཞིག་བཟུང་ཡོད།   དེས་ན་ཡིག་གཟུགས་འདི་ཉམས་པ་སླར་གསོ་དང་མི་ཉམས་གོང་སྤེལ་ཆེད་ད་ཐེངས་ཀྱི་ཡིག་གཟུགས་དུས་ཆེན་གྱི་ཉིན་མོ་འདི་དང་སྐབས་བསྟུན་ནས་གོང་དཀར་རྫོང་ཁོངས་དགའ་ཚལ་ཐུབ་བསྟན་དར་རྒྱས་གླིང་དགོན་པས་བཙུན་མ་གྲངས་བཞི་བཅུར་ཉེ་བ་ཞིག་སྒྲིག་བཙུགས་ཀྱིས་ཡིག་གཟུགས་ཀྱི་རྣམ་གྲངས་ཚུགས་རིང་དང་།   འབྲུ་ཚ།   འཁྱུག་ཡིག   འཁྱུག་མ་ཚུགས་སོགས་ཀྱི་ཡིག་གཟུགས་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་བ་མ་ཟད་ཡིག་གཟུགས་ཀྱི་བརྩམ་ཆོས་བཤམས་སྟོན་དང་།   ཉམས་མྱོང་སྤེལ་རེས་སོགས་ཡིག་གཟུགས་དང་འབྲེལ་བའི་བགྲོ་གླེང་གི་རྣམ་པའི་ཆ་ནས་ཡིག་གཟུགས་ཀྱི་གལ་ཆེའི་རང་བཞིན་དང་།
རྩ་བའི་ཤེས་བྱ་ཁག་ལ་ཕན་ཚུན་སློབ་སྦྱོང་བྱེད་པའི་བྱེད་སྒོ་ཟབ་རྒྱས་ཤིག་སྤེལ་བ་རེད།











ལྷུན་རྩེ་རྫོང་གསང་གླིང་ཤང་སློབ་ཆུང་།



     རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ཉིན་མོར་གསང་གླིང་ཤང་སློབ་ཆུང་གི་སློབ་ཕྲུག་ཆོས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་མི་ཉམས་གོང་འཕེལ་དང་ཆུང་དུས་ནས་བོད་ཡིག་ཡིག་གཟུགས་དགའ་ཞེན་དང་དར་སྤེལ་གཏོང་ཆེད་རང་རང་གི་སོར་རྩལ་ངོམས་ནས་ཡིག་གཟུགས་དུས་ཆེན་ལ་རྟེན་འབྲེལ་ཞུས་པ་རེད།གཟིགས་དང་།   མཐའ་མཚམས་ཀྱི་རི་གྲོང་སློབ་ཆུང་དུ་ཡིག་གཟུགས་ལ་སྦྱངས་པ་བྱེད་བཞིན་པའི་སོན་རྩ་ཆར་རྗེས་ཀྱི་མྱུ་གུ་བཞིན་འཕེལ་བཞིན་འདུག









༡༠


ལྷོ་ཁ་ཤར་འོད་སློབ་འབྲིང་།



       རང་སློབ་གྲྭས་ཐེངས་འདིར་སྤྱི་ཚོགས་ཀྱི་དགོས་མཁོ་དང་ཁྱིམ་བདག་གི་རེ་བ།   སློབ་མའི་ཕྱོགས་ཡོང་གི་འཕེལ་རྒྱས་ལ་གཞིགས་ནས་རྒྱ་ཆེའི་དགེ་སློབ་རྣམས་ལ་རང་རང་གི་ཁྱད་འཕགས་ལྡན་པའི་ནུས་རྩལ་འདོན་སྤེལ་བྱེད་པའི་སྒྱུ་རྩལ་གྱི་གར་སྟེགས་ཆེན་པོ་ཞིག་བསྐྲུན་པས།   དེར་གང་ལ་དེ་འཚམ་གྱི་གྲུབ་འབྲས་ཐོབ་པ་མ་ཟད་ལྷག་པར་དུ་བཟོ་རིག་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཐད་ཀུན་གྱིས་དོ་སྣང་དང་ཡི་རངས་བྱེད་པའི་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད།









༡༡


ལྷོ་བྲག་རྫོང་སེང་གེ་ཤང་སློབ་ཆུང་།



       བྱེད་སྒོའི་ནང་དོན་མདོར་བསྡུས།འབྲི་ཀློག་གཉིས་ནི་ཡོན་ཏན་ཀུན་གྱི་རྩ་བ་ཡིན་ཞེས་པ་ལྟར་ད་རེས་ངེད་ལྷོ་ཁ་ལྷོ་བྲག་རྫོང་སེང་གེ་ཤང་ལྟེ་བའི་སློབ་ཆུང་གིས་བོད་མི་རིགས་ཀྱི་རྨོངས་མུན་འཇོམས་མཛད་མཁན་དྲིན་ཆེན་སློབ་དཔོན་ཐོན་མའི་ཕྱག་རྒྱུན་སྣུམ་ཟད་མར་མེ་ལྟ་བུ་འདི་མི་ཉམས་གོང་འཕེལ་ཡོང་བ་དང་བྲགས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་བསུ་བ་ཞུས་ནས་སློབ་མའི་ཡིག་གཟུགས་འགྲན་སྡུར་ཞིག་སྤེལ་བ་ལས་ཕྱིས་བྱུང་དགེ་སློབ་ཡོངས་ཀྱིས་རང་རེའི་བླ་སྲོག་ལྟ་བུའི་སྐད་དང་ཡི་གེར་འཛིན་སྐྱོང་སྤེལ་གསུམ་དང་རང་ཐོག་ཏུ་འབབ་པའི་འགན་འཁྲིར་སྣང་འཇོག་ཆེན་པོ་གནང་རྒྱུའི་འདུན་པ་བཅས།





༡༢


ལྷོ་ཁ་མཐོ་འབྲིང་དང་པོ།


ལྷོ་ཁ་མཐོ་འབྲིང་དང་པོའི་ཚེ་རིང་དབང་ཕྱུག་ནས།



       མེས་པོའི་ཕྱག་རྒྱུན་མ་ཉམས་གོང་འཕེལ་ཡོང་ཕྱིར།   བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཐད་ལ་དགའ་ཞེན་ཆེ་བའི་ངོས་སློབ་གྲྭའི་དགེ་སློབ་མང་བོས་བོད་ཀྱི་ཡིག་གཟུགས་འབྲི་སྤྱོད་ཐད་ཀྱི་རྒྱུན་ལེགས་པར་བསྐྱངས་ཏེ་ཁོང་རྣམ་པའི་ལྷག་བསམ་གྱི་མཛུབ་སྟོན་འོག་དེང་གི་གསར་སློབ་པ་རྣམས་ལ་སྨན་པའི་རྒྱུ་རུ་ཟད་པ་སྨོས་མ་དགོས་ཤིང་།   ལྷག་པར་དུ་ལོ་ལྟར་བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་བྱེད་སྒོ་སྔར་བས་གྲ་རྒྱས་ངང་སྤེལ་ཐུབ་རྒྱུའི་འདུན་པ་ཡིད་ལ་བཅངས་བཞིན་འདུག།









༡༣

སྣེ་གདོང་ཆུས་སྐྱེད་པ་ཤང་སློབ་ཆུང་།



       སྣེ་གདོང་ཆུས་སྐྱེད་པ་ཤང་སློབ་ཆུང་གིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་བཀྲ་ཤིས་རྟེན་འབྲེལ་ཞུ་པ།


ཐོན་མིའི་ཕྱག་སོར་རྩལ་གྱི་ཡིད་བཞིན་ནོར།།

ཉམས་འགྱུར་སྟོང་ལྡན་བོད་ཡིག་ཡིག་གཟུགས་འདི།།

ནམ་ཡང་མི་ཉམས་གོང་འཕེལ་ཡོང་བའི་ཆེད།།

ང་ཚོས་མཉམ་དུ་སྦྱོང་སྤྱོད་སྤེལ་ལ་འབུངས།།

      ཞེས་སྐུལ་སློང་དང་བཅས་ཚིགས་བཅད་དེ་དྲངས་ནས་རང་ཅག་གི་འོད་སྟོང་འབར་བའི་རིག་གནས་དེ་ཉམས་པ་སླར་གསོ་དང་མི་ཉམས་རྒྱུན་འཛིན་ཡོང་བའི་འདུན་པ་དྲགས་པོ་འཆང་ཏེ་ངེད་སློབ་གྲྭས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་བདུན་ཅུ་འཁོར་བའི་དུས་བཟང་དང་བསྟུན་ནས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་བཀྲ་ཤིས་རྟེན་འབྲེལ་ཞུ།




      བསམ་བློའི་མཛུབ་སྟོན་དང་བྱེད་སྒོའི་དམིགས་ཡུལ།   ཡིག་གཟུགས་ནི་ཀྲུང་ཧྭའི་རིག་གནས་ལྡུམ་རྭའི་ནང་ལྷམ་མེར་བཞད་པའི་སྒྱུ་རྩལ་གྱི་མེ་ཏོག་ཆེས་མཚར་སྡུག་ལྡན་པ་ཞིག་ཡིན་ལ་ཡག་གཟུགས་ནི་དགེ་སློབ་ཀྱི་བྱད་བཞིན་གཉིས་པ་ཞིག་ཀྱང་ཡིན།   ཤེས་རིག་དེ་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུའི་ཐད་གོང་རིམ་སྲིད་གཞུང་གི་ནུས་པ་འདོན་སྤེལ་བྱས་ཏེ་འཕེལ་རྒྱས་གཏོང་རྒྱུ་གཅིག་པུ་མ་ཡིན་པར།   སྲིད་གཞུང་དང་།   སྤྱི་ཚོགས་ལས་རིགས་ཁག   ཚོགས་པ་ཁག   མི་སྒེར་སོགས་གོང་འོག་གཅིག་སྦྲེལ་གྱིས་རང་སོའི་ནུས་པ་འདོན་སྤེལ་བྱ་རྒྱུ་ནི་ལས་དོན་འདི་ཉིད་དེ་བས་ལེགས་པར་གཉེར་ཐུབ་རྒྱུའི་སྔོན་འགྲོར་གྱུར་ཡོད།




      སྤྱི་ཚོགས་འཕེལ་རྒྱས་ཀྱི་གོམ་འགྲོས་དང་བསྟུན་ནས་བོད་ཀྱི་བཟོ་རིག་པའི་ཁོངས་གཏོགས་སུ་གྱུར་བའི་ཡིག་གཟུགས་སྒྱུ་རྩལ་ལའང་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་ཞིག་འབྱུང་བཞིན་ཡོད་པའི་དེང་གི་དུས་འདིར་།   བོད་ཀྱི་སེར་སྐྱ་མང་ཚོགས་རྒན་དར་གཞོན་གསུམ་གྱིས་ཡིག་གཟུགས་ལ་དོ་སྣང་བྱེད་མཁན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད།   ཡིག་གཟུགས་དོན་གཉེར་ཅན་ཞིག་ལ་མཚོན་ན། སྣག་འགྲོས་ཁོ་ན་མ་ཡིན་པར་དེ་དང་འབྲེལ་ཡོད་ཀྱི་གཞུང་ལུགས་ཤེས་བྱ་བློ་ལ་ངེས་རྒྱུ་དེ་ཡང་ཧ་ཅང་དགོས་གལ་ཆེ་བར་མཐོང་བས།   ངེད་སློབ་གྲྭའི་ཡིག་གཟུགས་ལ་དགའ་ཞེན་གནང་མཁན་གྱི་དགེ་སློབ་ཡོངས་ལ་དམིགས་ཏེ་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་ཉིན་མོ་དེ་དང་བསྟུན་ནས་རང་སློབ་གྲྭའི་ཐེངས་གཉིས་པའི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་དང་།   ཡུལ་དངོས་སུ་ལྕགས་སྨྱུག་དང་ས་སྨྱུག   སྤུ་སྨྱུག་སོགས་བེད་སྤྱད་དེ་ཤོག་ཐོག་དང་བྱང་ཤིང་ནག་པང་བཅས་ཀྱི་ཐོག་ཏུ་བྲིས་པའི་ཡིག་གཟུགས་འགྲན་སྡུར་གྱི་བྱེད་སྒོ་སྤེལ་རྒྱུ་ཡིན།








༡༤

རྒྱ་ཚྭ་རྫོང་གླིང་མདའ་སློབ་ཆུང་།



      བྱེད་སྒོ་དེ་སྤེལ་བའི་དམིགས་ཡུལ་ནི་བྱིས་པ་རྣམས་ཆུང་དུས་ནས་བཟུང་རང་རིགས་ཀྱི་སྐད་ཡིག་གམ་ཡིག་གཟུགས་འདི་ཉིད་དགའ་པོ་ཡོང་བ་དང་དོ་སྣང་ཡོང་བའི་ཆེད་དུ་ཡིན།   དེ་བཞིན་དུ་བོད་སྐད་ཡིག་སློབ་གསོ་གོང་འཕེལ་སྔར་བས་ཤུགས་ཆེར་གཏོང་ཆེད་དངསློབ་གྲྭའི་བོད་སྐད་ཡིག་གི་སློབ་གསོ་ཡང་དག་པ་ཡོང་བའི་སླད་དུ་མ་ཟད་ཆེད་དུ་འཛམ་གླིང་ཡིག་གཟུགས་ཉིན་མོར་དགེ་སློབ་ཡོངས་ལ་ལས་སྐུལ་བྱས་ནས་ཡིག་གཟུགས་འགྲན་བསྡུར་དེ་འདྲ་སྤེལ་དོན་དེ་ཡང་སློབ་མའི་མསམ་བློར་ཡིག་གཟུགས་དེའི་གལ་འགངས་རང་བཞིན་གསལ་རྟོགས་ཡོང་བའི་ཆེད་དམ་སློབ་མས་ཡིག་གཟུགས་དེར་རྩི་མཐོང་བྱས་ན་སྙམ་ནས་སྤེལ་ལོ།















༡༥

ཟངས་རི་སློབ་འབྲིང་།



      སྐབས་གསུམ་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་རྟེན་འབྲེལ་དང་དུས་ཆེན་དགའ་གཏོང་ཡོང་ཆེད་ཟངས་རི་སློབ་འབྲིང་གི་དགེ་སློབ་རྣམ་པས་རང་ཉིད་ཀྱི་བརྩམས་བྱ་སྣ་ཚོགས་་བླངས་ནས་དགེ་སློབ་ཕན་ཚུན་བརྕེ་སེམས་མཚོན་ཆེད་ཀྱི་ལག་རྟགས་སྤྲོད་རེས་བྱེད་སྒོ་སྤེལ་ཞིང་སློབ་མ་ཚོས་ཡིག་གཟུགས་ལ་དད་ཞེན་དང་ཚད་ལྡན་ཡིག་གཟུགས་འབྲི་བར་འབད་རྒྱུརསྐུལ་མ་ཐེབས་ཡོད་པ་རེད། དེ་དང་དུས་མཚུངས་ཟངས་རི་རྫོང་སློབ་ཆུང་དུའང་དགེ་རྒན་དང་སློབ་མའི་ཡིག་གཟུགས་འགྲན་བསྡུར་ཡང་སྤེལ་ཡོད་པ་རེད།











༡༦

མཚོ་སྨད་རྫོང་སློབ་འབྲིང་།


      མཚོ་སྨད་སློབ་འབྲིང་བོད་ཡིག་སློབ་དཔྱོད་ཁང་གིས་རྒྱལ་ཡོངས་བོད་ཡིག་ཡིག་གཟུགས་དུས་ཆེན་ལ་བསུ་བ་ཞུ་བའི་སློབ་མའི་ཡིག་གཟུགས་བརྩམས་བྱ་འགྲེམས་སྤེལ་གྱི་བྱེད་སྒོ་དེ་སློབ་གྲྭའི་ལུས་རྩལ་ཐང་དང་གཞུང་ལས་ཁང་གིས་མདུན་དུ་གཉེར་ཞིང་།   སློབ་གྲྭའི་དགེ་སློབ་ཡོངས་དང་རྫོང་སློབ་གསོ་ཅུད་ཀྱི་དབུ་ཁྲིད། གྲོང་རྡལ་སློབ་ཆུང་གི་བོད་སྐད་ཡིག་དགེ་རྒན་བཅས་ཀྱིས་སློབ་མའི་བརྩམས་བྱར་གཟིགས་ཞིབ་གནང་ཞིང་།   ཚད་མཐོའི་གདེང་འཇོག་གནང་བ་དེས་ང་ཚོར་སེམས་ཤུགས་བླ་ལྷག་ཏུ་འཕེལ་བྱུང་བས་ཕྱིས་འབྱུང་ང་ཚོ་བོད་ཡིག་དགེ་རྒན་རྣམས་ཀྱིས་མུ་མཐུད་འཕྱར་བ་གྲུ་འདེགས་ཀྱི་ཐོག་ནས་མེས་པོ་དམ་པས་བཞག་གནང་བའི་སྲོལ་རྒྱུན་གྱི་ཡིག་གཟུགས་དེ་མ་ཉམས་གོང་འཕེལ་ཐད་རང་ནུས་རྟ་རྔ་ཙམ་ལས་མེད་ཀྱང་འབུལ་ཐུབ་རྒྱུའི་ཆོད་སེམས་ཀྱིས་ཁེངས་ཡོད་ལ།མ་འོངས་པར་མུ་མཐུད་སློབ་མའི་དང་བ་འདྲེན་གང་ཐུབ་ཀྱིས་རང་མི་རིགས་ཀྱི་རིག་གནས་ཀྱི་རྩ་བ་བརྟན་པོ་ཚུགས་པའི་སློབ་མ་གང་མང་གསོ་སྐྱོང་བྱེད་རྒྱུར་ཡིད་ཆེས་ཀྱིས་ཁེངས་ནས་ཡོད།   















གོང་གསལ་གོ་རིམ་ནི་ཡར་ཆབ་ཕོ་ཉ་ལགས་ཀྱིས་མཁོ་འདོན་བྱས་པའི་གོ་རིམ་ལྟར་སྒྲིག་པ་ལས་ཡག་ཉེས་སོགས་དབྱེ་བ་གང་ཡང་མེད།



会员登录
登录
我的资料
留言
回到顶部