སྤྱི་ལོ་ཉིས་སྟོང་བཅུ་དགུ་ལོའི་རྔ་བ་རྫོང་གི་བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་ཡུལ་དངོས་དང་འཕེལ་ཕྱོགས།
དེ་ཡང་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ཞེས་པ་དེ་གྲངས་ཉུང་མི་རིགས་ཤིག་གི་ས་གནས་རིག་གཞུང་གོང་འཕེལ་དུ་གཏོང་ཕྱོགས་ལ་རྒྱལ་ཁབ་གོང་རིམ་ཁག་གིས་ཆོག་མཆན་དང་ས་གནས་སྲིད་གཞུང་གིས་འོད་སྟོང་ལྡན་པའི་ལམ་སྟོན་དང་། འདི་ཕྱོགས་ལ་རྒྱབ་སྐྱོར་གནང་མཁན་རྔ་བ་རྫོང་རིག་རྩལ་ཅུས། རྫོང་དཔེ་མཛོད་ཁང་། རྔ་བ་རྫོང་བོད་ཡིག་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི་ཡོངས་ཀྱི་འབད་བརྩོན་འོག ད་ལོ་ཡང་བསྐྱར་བོད་ཀྱི་ཡིག་གཟུགས་འགྲེམ་སྟོན་ཟབ་རྒྱས་ངང་ཚོགས་ཐུབ་པ་བྱུང་། ད་ལོ་རྔ་བ་རྫོང་གི་བོད་ཀྱི་ཡིག་གཟུགས་འགྲེམས་སྟོན་བྱེད་སའི་ས་གནས་གཏན་ཁེལ་བྱས་ཏེ་ཚོགས་མི་ཡོངས་ཀྱིས་ཉིན་དུ་མའི་རིང་ལ་དཀའ་སྤྱད་དང་འབད་བརྩོན་བྱས་མཐར་4.30ཉིན་རྫོང་རིམ་པའི་འགོ་ཁྲིད་དང་སློབ་གྲྭ་ཆུང་འབྲིང་གི་དགེ་རྒན་དང་སློབ་མ།གཞན་ཡང་གྲྭ་བ་དང་མང་ཚོགས་དཀྱུས་མ་སོགས་མི་གྲངས་སྟོང་ཕྲག་བཞི་ལ་ཉེ་བ་སོགས་ཀྱིས་མ་སྐུལ་དང་བླངས་དགོས་དགའ་བ་དང་སྤྲོ་བ་འབུམ་ཕྲག་གིས་བོད་ཀྱི་ཡིག་གཟུགས་དུས་ཆེན་ལ་རོལ་ཐུབ་པ་འདིས་ས་གནས་རིག་གཞུང་གོང་འཕེལ་དང་རྒྱལ་ཁབ་འཆམ་མཐུན།མི་རིགས་མཐུན་སྒྲིལ་སོགས་གང་ཅིའི་ཐད་ལ་ཕན་འབྲས་མི་དམན་པ་ཐོབ་སོང་བས་སང་ལོ་ཡང་བསྐྱར་སྔར་ལས་འོད་སྟོང་ལྡན་པར་སྨོན།
ཞེས་རྔ་བ་རྫོང་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱིས་ཕུལ།
|