གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

རེབ་གོང་རྫོང་གིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་སྔ་ནུབ་ཏུ་ཡིག་གཟུགས་འགྲན་བསྡུར་དང་བརྩམས་ཆོས

 二维码 1572
发表时间:2019-05-05 16:02作者:གསར་འགོད་པ།  སྡོང་སྐམ་བཀྲ་ཤིས།  མགོན་པོ་ཚེ་བརྟན།来源:བོད་ཀྱི་ཡིག་གཟུགས་དྲ་བ།



རེབ་གོང་རྫོང་གིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་གྱི་སྔ་ནུབ་ཏུ་ཡིག་གཟུགས་འགྲན་བསྡུར་དང་བརྩམས་ཆོས་འགྲེམ་སྟོན་གྱི་བྱ་འགུལ་གཟབ་རྒྱས་ངང་སྤེལ་བ།


གསར་འགོད་པ།   སྡོང་སྐམ་བཀྲ་ཤིས།   མགོན་པོ་ཚེ་བརྟན།


    ད་ལོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་དང་སྟབས་བསྟུན་ནས།   རེབ་གོང་རྫོང་རིག་གནས་ཁང་དང་རྨ་ལྷོ་ཁུལ་ཡིག་མཁན་མཐུན་ཚོགས་གཉིས་ཀྱིས་གཙོ་སྒྲུབ་མཛད་པའི༼ རེབ་གོང་ས་ཁུལ་གྱི་བོད་རྒྱ་ཡིག་གཟུགས་འགྲན་བསྡུར་དང་བརྩམས་ཆོས་འགྲེམ་སྟོན་ཆེན་མོ   ༽ དེ་སྤྱི་ལོ་༢༠༡༩ལོའི་ཟླ་༥འི་ཚེས༥ཉིན་རེབ་གོང་རྫོང་རིག་གནས་ཁང་གི་འགྲེམ་སྟོན་ཚོམས་ཆེན་དུ་གཟབ་རྒྱས་ངང་སྤེལ།



    ཐེངས་འདིའི་འགྲན་སྡུར་དུ་རེབ་གོང་ས་ཁུལ་གྱི་དགོན་སྡེ་དང་སློབ་གྲྭ།   ལས་ཁུངས།   ཞིང་འབྲོག་ཁུལ་མང་ཚོགས་སོགས་སྤྱི་ཚོགས་ལས་རིགས་ཁག་གི་བྲིས་པ་བརྒྱད་ཅུ་ལྷག་ཞུགས་ཡོད་ཅིང་།   ཁྱོན་བོད་རྒྱ་ཡིག་རིགས་གཉིས་ཀྱི་བརྩམས་ཆོས་སུམ་བརྒྱར་ཉེ་བ་འགྲེམ་སྟོན་བྱས།




      མཛད་སྒོའི་སྟེང་། རྨ་ལྷོ་ཁུལ་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་གཙོ་དང་ཚོགས་མི།   འབྲེལ་ཡོད་འགོ་ཁྲིད། ཡིག་མཁན་མཁས་པ་སོགས་མི་སྣ་མང་པོ་འཛོམས་ཡོད་པ་དང་། རྫོང་རིག་གནས་ཁང་གི་འགོ་གཙོ་གཅོད་པ་ཚེ་རིང་ལགས་ཀྱིས་ཐེངས་འདིའི་ཡིག་གཟུགས་འགྲན་བསྡུར་དང་བརྩམས་ཆོས་འགྲེམ་སྟོན་གྱི་དམིགས་ཡུལ་དང་དགོས་པ་བརྒྱུད་སྒྲོག་བྱས་ཐོག   བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འདི་ཉམས་པ་སོར་ཆུད་དང་མ་ཉམས་གོང་སྤེལ་གཏོང་བའི་ཐད་དུ་ཚང་མས་རྡོག་རྩ་གཅིག་སྒྲིལ་གྱིས་ཤུགས་རྒྱག་དགོས་པའི་རེ་བ་དང་གྲོས་གཞི་ཡག་པོ་བཏོན།   མ་ཟད་ཡིག་མཁན་བྱང་ཆུབ་ཤིང་ངམ་དགེ་འདུན་དར་རྒྱས་གྱིས་གཙོས་པའི་ཡིག་བྲིས་པ་མགོན་པོ་ཚེ་བརྟན་དང་། རྡོ་རྗེ་བཀྲ་ཤིས།   གཡིས་ལུང་ནམ་མཁའ་རིན་ཆེན། བསོད་ནམས་ཚེ་རིང་སོགས་ཀྱིས་ཡུལ་དངོས་ནས་ཡིག་གཟུགས་བརྩམས་ཆོས་མི་ཉུང་བ་བྲིས་ཏེ་རྒྱ་ཆེའི་མང་ཚོགས་ཀྱི་འདོད་བློ་བསྐང་པས།   ཡིག་གཟུགས་ལ་དགའ་དད་ཆེ་བའི་ལྟད་མོ་བ་རྣམས་ཀྱི་དགའ་བསུ་དང་གདེང་འཇོག་མི་དམན་པ་ཐོབ་བོ།།







འགྲེམ་སྟོན་ཁང་གི་ཟུར་ཅིག



འགྲེམ་སྟོན་ཁང་གི་ཟུར་ཅིག




འགྲེམ་སྟོན་ཁང་གི་ཟུར་ཅིག




བརྩམས་ཆོས་སྐོར།

































文章分类: 新闻动态
分享到:
会员登录
登录
我的资料
留言
回到顶部