设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།商用下载རིན་ལྡན་ཕབ་ལེན།

གཙང་པ་རིན་རྡོར

 二维码 4276
发表时间:2019-05-05 14:59作者:གཙང་པ་རིན་རྡོར来源:བོད་ཀྱི་ཡིག་གཟུགས་དྲ་བ།


      ངོར་དགོན་ནང་བསྟན་བཤད་གྲྭའི་དགེ་རྒན་ཆེན་མོ་གཙང་པ་རིན་རྡོར་མཆོག་ནི།   གཙང་ངོར་དགོན་ནང་བསྟན་བཤད་གྲྭར་ལོ་ངོ་ཉི་ཤུ་ལ་ཉེ་བར་ངོར་༧ཕན་བདེ་མཁན་རིན་པོ་ཆེ་དབུས་པའི་བཤེས་གཉེན་རྣམ་པའི་ཞབས་ལ་གཏུགས་ནས་རིག་གནས་སྤྱི་དང་ལྷག་དོན་ནང་བསྟན་གཞུང་ལུགས་ལ་ཐོས་བསམ་མཐར་ཕྱིན་མཛད་ནས་གཞུང་ལུགས་རབ་འབྱམས་པའི་མཚན་གནས་བླངས། ཞོར་དུ་བོད་ཡིག་ཡིག་གཟུགས་ལ་སྦྱངས་བརྩོན་ཡང་གནང་ཞིང་། ངོར་དགོན་ནང་བསྟན་བཤད་གྲྭ་ཐུབ་བསྟན་མདོ་སྔགས་རིག་པའི་འབྱུང་གནས་ཀྱི་དཔེ་ཁྲིད་དགེ་རྒན་ཆེ་མོའི་ཐུགས་འགན་བཞེས།

    བོད་ཀྱི་གྲགས་ཅན་གྱི་ཡིག་གཟུགས་མཁས་དབང་མང་པོ་བསྟེན་ནས་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཐད་ཟབ་སྦྱོང་དང་ཞིབ་འཇུག་ནན་གཏན་བྱས་མཐར་གཡུར་ཟའི་སྦྱང་འབྲས་ཐོན་ནས་མཁས་པ་སྔ་མའི་ཕྱག་རྒྱུན་བར་མ་ཆད་པའི་རུས་དང་ལྡན་ཁར།   དེང་དུས་སྒྱུ་རྩལ་གྱི་ཉམས་འགྱུར་ལྷག་ཏུ་ཆེ་བས་སྐྱེ་བོ་མང་པོའི་ཡིད་དབང་འཕྲོག་ཐུབ་པ་བཅས་ཀྱིས་སྤྱི་ཚོགས་སྟེང་གི་རིག་གནས་ལ་དགའ་ཞེན་ཡོད་པའི་མི་སྣ་མང་པོས་བསྔགས་བརྗོད་ཀྱི་མེ་ཏོག་འཐོར་ཞིང་།   སྔ་རྗེས་སུ་ལྗོངས་རིམ་པའི་དམིགས་བསལ་གྱི་བྱ་དགའ་དང་ཨང་དང་པོའི་བྱ་དགའ་སོགས་རྣམ་གྲངས་སུམ་ཅུ་ལྷག་ཐོབ་མྱོང་ཡོད་ལ་བོད་ཡིག་ཡིག་གཟུགས་གར་སྟེགས་སྟེང་དུ་སྣ་མང་ཡིག་གཟུགས་ལ་རང་དབང་ཐོབ་ནས་དེང་རབས་བོད་ཀྱི་ཡིག་མཁན་ཆེན་མོ་བ་ཞིག་ཏུ་གྱུར་པ་དང་། ཡིག་གཟུགས་ལ་དུང་བའི་ན་གཞོན་གྲངས་ལས་འདས་པ་གསོ་སྐྱོང་གནང་ཡོད་ལ་ད་ལྟ་ངོར་དགོན་ནང་བསྟན་བཤད་གྲྭའི་དཔེ་ཁྲིད་དགེ་རྒན་ཆེན་མོའི་ཐུགས་འགན་བཞེས་བཞིན་ཡོད།།   །།






































上一页 1 2 下一页