གསར་འགྱུར། 新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་མ་ཕྱི། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

ཡུན་ནན་ཞིང་ཆེན་ནས་བོད་ཀྱི་ཡིག་གཟུགས་ལྔ་བཞིའི་གར་སྟེགས་སུ་སྐྱོད་པ།

2019-05-05 10:30来源:བོད་ཡིག་གཟུགས་དྲ་བ།作者:རྣམ་འཇོམས་ཚེ་རིང་།浏览数:837 


ང་ཚོ་ཚང་མ་ནི་ཕུགས་བསམ་འཚོལ་བའི་མི་ཡིན། ལང་ཚོ་གསར་སྐྱེད་བྱེད་པའི་དུས་རབས་འདིརལྔ་བཞིའི་ལས་འགུལ་བྱུང་ནས་ལོ་འཁོར་༡༠༠ལོན་པར་ཕྱོགས་ཡོངས་མཉམ་སྤྱོད་ཀྱི་བྱ་འགུལ་སྤེལ།


微信图片_20190505104231.jpg


གཅིག   ཁྱེད་ཉིད་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་དང་འབྲེལ་འདྲིས་བྱེད་པའི་ལས་དབང་ཅི་ལྟར་ཐོབ་བྱུང་།དེ་མ་ཟད་སྒྱུ་རྩལ་ལས་རིགས་འདི་ལ་དགའ་ཞེན་ཅི་ལྟར་སྐྱེས་སོང་།

          ལྷན་རྒྱས་སྐུ་ཁམས་བཟང་།   ངའི་མིང་ལ་རྣམ་འཇོམས་ཚེ་རིང་ཟེར།   ངས་ཡིག་གཟུགས་འབྲི་སྦྱོང་བྱེད་པའི་རྩ་བའི་རྨང་གཞི་ནི་སློབ་ཆུང་དུས་ནས་མགོ་བརྩམས་པ་ཡིན།   ལས་སྐལ་བཟང་པོའི་མཐུན་རྐྱེན་གྱིས་བདེ་ཆེན་བོད་ཡིག་སློབ་འབྲིང་དུ་ཡིག་ཚད་ལོངས་པ་རེད།   དེ་རྗེས་མཐོ་འབྲིང་དུས་སྐབས་སུ་ཐེངས་ཤིག་འཇོལ་རྫོང་གིས་བོད་ཀྱི་ཡིག་གཟུགས་འགྲན་སྡུར་གྱི་བྱ་འགུལ་ཞིག་སྤེལ་བ་དང་།   བོད་ཡིག་དགེ་རྒན་གྱིས་ང་རང་འཛིན་གྲྭའི་ཚབ་བྱས་ཏེ་བོད་ཀྱི་ཡིག་གཟུགས་འགྲན་སྡུར་ལ་ཞུགས་སུ་བཅུགད་དུང་སྐབས་དེར་བྱ་དགའ་ཞིག་ཀྱང་རེག་སོང་བ་ངའི་ཡིད་ངོར་དྲན་གིན་འདུགདེར་བརྟེན་བོད་ཀྱི་ཡིག་གཟུགས་འབྲི་སྦྱོང་བྱེད་པར་སྔར་ལས་སྤྲོ་སྣང་ལྡན་པར་གྱུར་སོང་།   དེ་ནས་རང་ཉིད་ཀྱི་འབད་འབུངས་དང་།   དགེ་རྒན།   སློབ་གྲོགས།ཁྱིམ་མི་སོགས་ཀྱི་རྒྱབ་སྐྱོར་འོག་སློབ་ཆེན་དུ་རྒྱུགས་འཕྲོད།སློབ་ཆེན་ལོ་རིམ་དང་པོའི་སློབ་སྐབས་གཉིས་པའི་དུས་སུ་གྲགས་ཆེ་བའི་བོད་ཀྱི་ཡིག་གཟུགས་དགེ་རྒན་ཆེན་མོ་སངས་རྒྱས་བཀྲ་ཤིས་ལགས་ཀྱི་མདུན་ནས་ཡིག་གཟུགས་འབྲི་སྦྱོང་བྱས་པ་ཡིན།     དེར་མཐུད་དེ་མུ་ནས་མུ་རུ་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་འདི་ལ་དགའ་མོས་ཆེན་པོ་བྱུང་སོང་།


微信图片_20190505104222.jpg

གཉིས་པ།    ཁྱོད་ཀྱིས་བོད་ཀྱི་ཡིག་གཟུགས་འབྲི་སྦྱོང་བྱེད་པའི་གོ་རིམ་ཁྲོད་ནས་བརྗེད་དཀའ་བའི་ཉམས་མྱོང་གང་འདྲ་བརྒྱུད་དགོས་བྱུང་སོང་།

            ཆེས་བརྗེད་དཀའ་བ་ནི་སློབ་གྲྭར་གུང་གསེང་བཏང་རྗེས་ནས།    རང་ཉིད་སློབ་གྲྭའི་ནང་ནས་བསྡད་དེ་བོད་ཀྱི་ཡིག་གཟུགས་འབྲི་སྦྱོང་བྱས་པའི་དུས་སྐབས་དེ་རེད།    ང་ཚོའི་སློབ་གྲྭར་དགུན་གནང་བཏང་རྗེས་སུ་སློབ་གྲྭའི་ནང་ནས་བསྡད་ན་ཆོག་གི་ཡོད་པ་མ་རེད།    ང་རང་ཞིང་གྲོང་ནས་ནར་སོན་པ་ཡིན་པས།    ཕ་མས་གསོ་སྐྱོང་གནང་སྟེ་སློབ་ཆེན་དུ་སྐྱེལ་བ་ནི་ཧ་ཅང་ལས་སླ་བོ་མི་འདུག    དེ་བས་ངས་སློབ་གྲྭའི་ཕྱི་རོལ་ནས་ཁང་བ་གླ་ཐུབ་ཀྱིན་མེད།

         ང་རང་དགེ་རྒན་གྱི་ཕྱག་ལས་ཁང་དུ་བསྡད་དེ་རང་གི་སྡོད་ཁང་གི་གནད་དོན་ཐག་གཅོག་བྱས་པ་ཡིན།སློབ་གྲྭར་དགུན་གནང་བཏང་ནས་སློབ་གྲོགས་ཚོས་འདྲུད་སྒམ་རེ་དྲུད་དེ་སློབ་གྲྭ་དང་གྱེས་ནས་ཡུལ་དུ་ལོག་པའི་ངང་ཚུལ་དག་མཐོང་ནས་ངའི་ཡིད་སེམས་ཧ་ཅང་སྐྱོ་བ་བྱུང་མྱོང་ཞིང་།     ང་རང་ཡང་ཡུལ་དུ་ལོག་འདོད་ཀྱི་འདུན་པ་ཤིན་ཏུ་ཆེ་ན་ཡང་།    འོན་ཀྱང་བོད་ཀྱི་ཡིག་གཟུགས་འབྲི་སྦྱོང་བྱེད་པའི་ཆེད་དུ་ང་རང་སློབ་གྲྭར་བསྡད་པ་ཡིན།

        2018ལོའི་ཟླ་5པའི་ཚེས་22ཉིན། རྒྱལ་ཡོངས་སྲིད་གྲོས་ཀྲོའུ་ཞི་བཱང་དབྱང་ང་ཚོའི་སློབ་གྲྭའི་བྱ་བར་རྟོག་ཞིབ་ཏུ་ཕེབས་དུས།      དགེ་རྒན་ཆེན་མོ་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་མི་རིགས་ཀྱི་ཐང་ག་བཟོ་རྩལ་དང་།   བོད་ཡིག་ཡིག་གཟུགས་སློབ་ཁྲིད་ཀྱི་གནས་ཚུལ་སོགས་སྙན་སེང་ཞུས།སྐབས་དེར་སྲིད་གྲོས་བཱང་ཀྲུའུ་ཞི་ལགས་ཀྱིས་གཏན་དུ་ཡིད་ནས་བརྗེད་མི་ཐུབ་པའི་སྐད་ཆ་ཞིག་གསུངས་བྱུང་སྟེ།    ཁོང་གིས་གསུངས་རྒྱུར་“ཚང་མས་སློབ་སྦྱོང་ཡག་པོ་བྱས་ཏེ།ཉིན་རེར་ཡར་ཐོན་ཡོང་བར་བྱས་ཏེ།    ཡོན་ཏན་ཡག་པོ་ཞིག་སྦྱངས་ནས་ཕྱིར་རང་གི་ཕ་ཡུལ་དུ་ལོག་ནས།ཕ་ཡུལ་ལ་དྲིན་ལན་མཇལ་དགོས།ཁྱེད་ཚོ་ལྟ་བུའི་འདི་འདྲའི་ན་གཞོན་མང་པོ་ནར་སོན་ཅིང་འདི་ལྟ་བུའི་ཡར་སྐྱེད་བྱུང་ན།    མི་རབས་རེ་རེ་ཡང་གཅིག་ལས་གཅིག་ལྷག་པའི་ཡོན་ཏན་ལྡན་པ་དང་།   དེ་མཉམ་དུ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱུང་དགོས།   ”


微信图片_20190505104239.jpg

གསུམ་པ།    མིག་སྔར་ཁྱོད་ཀྱིས་གྲུབ་འབྲས་ཅི་ཞིག་ལོན་བྱུང་བ་དང་།   ད་དུང་རྗེས་ཕྱོགས་ཁྱོད་ལ་འཆར་གཞི་ཅི་ཞིག་ཡོད་དམ།

          ངས་ད་བར་དུ་བསྐལ་བ་བཟང་པོའི་ལས་དབང་དང་དགེ་རྒན་དམ་པའི་བཀའ་དྲིན་ལས་བོད་ཡིག་ཡིག་གཟུགས་འབྲི་སྟངས་བཅུ་དྲུག་ལྷག་མ་ལུས་པར་སྦྱངས་ཐུབ་ཡོད་པ་དང།ད་དུང་སྲོལ་རྒྱུན་གྱི་སྨྱུ་གུའི་གཞོག་སྟངས་སོགས་ཀྱང་འོས་འཚམ་ཞིག་ཤེས་ཡོད།

         2018ལོའི་ཟླ་4བར་བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དེ་《ཀྲུང་གོའི་སློབ་གསོ་སྙན་ཞུ》རུ་སྤེལ་དུས་སུ།     དེང་རབས་ན་གཞོན་རྒྱུན་འཛིན་པ་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་གསར་སྤེལ་པ་རུ་གྱུར་བར་ཧ་ཅང་ཡིད་སེམས་མགུ་ཡོད།      མཐར་ཕྱིན་བརྩམས་ཆོས་འགྲེམས་སྟོན་ཀྱང་ལེགས་འགྲུབ་ཀྱང་བྱུང་ཡོད་ལ།ཕྱིར་ཕ་ཡུལ་དུ་སླེབས་རྗེས་“སྐབས་བཅུ་བའི་ཁམས་པའི་སྒྱུ་རྩལ་དུས་ཆེན་དུ།     མི་སྒེར་གྱི་ཡིག་གཟུགས་བརྩམས་ཆོས་འགྲེམས་སྟོན།”ལེགས་འགྲུབ་བྱུང་སོང་།ད་དུང་ཟླ་བ་གཅིག་གི་དུས་ཡུན་ནང་འབྲུ་ཚ་སུག་ཐུང་གི་ཡིག་གཟུགས་ཀྱིས།     རིང་ཚད་མུའུ་ལྔ་བཅུ་ཡོད་པའི་ཤོག་དྲིལ་བྲིས་ནས་ཚར་བར་བྱས་ཡོད། (རྒྱལ་ཁབ་རིམ་པའི་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་ཀྱི་སྲུང་སྐྱོབ་གྲས་སུ་ཚུད་ཡོད་པའི་《གེ་སར་རྒྱལ་པོའི་སྒྲུང་།》གི་ཚན་བཤུས།)


微信图片_20190505104235.jpg


        ད་བར་ང་རང་བདེ་ཆེན་ཁུལ་རིག་གནས་ཁང་གི་དམངས་ཕན་ལས་གནས་ཀྱི་ལས་བྱེད་མི་སྣ་ཡིན།    ཁུལ་རིག་གནས་ཁང་གིས་བོད་ཀྱི་རིག་གནས་རྒྱུད་འཛིན་བྱེད་པར་ཧ་ཅང་མཐོང་ཆེན་བྱས་ཏེ།   ང་ལ་ཆེད་དུ་བྱ་བ་ལས་གནས་ཀྱི་གཞུང་སྒྲུབ་ཁང་གཅིག་བཀོད་སྒྲིག་བྱས་ཡོད།

       བོད་ཀྱི་ཡིག་གཟུགས་ཀྱི་ངོས་ཐད་ནས་བཤད་ན་ང་ནི་ད་དུང་གསར་སློབ་པ་ཞིག་ཡིན།   ངས་ད་དུང་སློབ་སྦྱོང་བྱེད་དགོས་པའི་གནས་ཤིན་ཏུ་མང་པོ་ཡོད་པ་རེད།   ངའི་རེ་བ་ནི་རང་ཉིད་མི་རིགས་ཁྱད་འཕགས་རིག་གནས་ཀྱི་རྒྱུད་འཛིན་པ་ཞིག་ཉན་རྒྱུ་དེ་ཡིན།   བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གསར་སྤེལ་གྱིས་ང་ཚོའི་བདེ་ཆེན་གྱི་མི་རྣམས་ལའང་གཏིང་ཟབ་རིག་གནས་འདི་ལ་རྒྱུས་ལོན་བྱེད་དུ་བཅུག་ནས།    ཤེས་ལྡན་མི་སྣ་མང་པོར་ལོ་རྒྱུས་རྒྱུན་རིང་བའི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་དང་དེའི་ཐུན་མོང་མ་ཡིན་ཁྱད་ཆོས་ལ་གཏིང་ཟབ་ཀྱིས་སློབ་སྦྱོང་དང་ཞིབ་འཇུག    འབྲེལ་འདྲིས་སོགས་བྱེད་དུ་འཇུག་འདོད་ཡོད།   ཞིས་ཀྲོའུ་ཞི་ནས་གསུངས་པ་བཞིན་“རིག་གནས་སྙིང་སྟོབས”དགོས་ཏེ།   གལ་ཏེ་ཁྱེད་ལ་རང་རིགས་ཀྱི་རིག་གནས་ལ་ཆ་རྒྱུས་མེད་ཚེ།རིག་གནས་སྙིང་སྟོབས་ཤིག་གང་ནས་ཡོང་ཐུབ་བམ།ཞེས་པ་བཞིན་ནོ།།

          ངས་ད་དུང་མུ་མཐུད་དུ་རང་ཉིད་ཀྱི་ཕུགས་བསམ་རྒྱུན་འཁྱོངས་ཀྱིས་རང་ཉིད་རང་འཚོལདང་།ཁེངས་སྐྱུང་གིས་སློབ་སྦྱོང་།   སྤྱོད་བཟང་སེམས་བཟང་བྱེད་རྒྱུ་དེ་ཡིན་ལགས།   ལྷན་རྒྱས་ཐུགས་རྗེ་ཆེ།






会员登录
登录
我的资料
留言
回到顶部