ཀླུ་ཆུ་རྫོང་བོད་རིགས་སློབ་ཆུང་གིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་མཛེས་རྩལ་དང་ཡིག་གཟུགས་འགྲན་སྡུར་དང་བརྩམས་ཆོས་འགྲེམས་སྟོན་གྱི་བྱ་འགུལ་སྤེལ།
སྤྱི་ཟླ་༤བའི་ཚེས༢༩ཉིན་གྱི་ཆུ་ཚོད་གཉིས་པའི་ཐོག ཀླུ་ཆུ་རྫོང་བོད་རིགས་སློབ་ཆུང་གིས་༼རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་བསུ་བའི་༽སློབ་རའི་ཡིག་གཟུགས་དང་མཛེས་རྩལ་འགྲན་སྡུར་དང་བརྩམས་ཆོས་འགྲེམ་སྟོན་གྱི་བྱ་འགུལ་གཟབ་རྒྱས་ངང་བསྡུས།
ཐེངས་འདིའི་བྱ་འགུལ་ཁྲོད་རང་རེའི་སློབ་གྲྭའི་དགེ་སློབ་ཆིག་སྟོང་ཙམ་དང་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས། རྫོང་རིག་གནས་ཁང་། ཀླུ་ཆུ་རྫོང་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་བཅས་ཀྱི་འབྲེལ་ཡོད་མི་སྣ་ཉི་ཤུ་ལྷག་འགྲེམ་སྟོན་བྱ་འགུལ་ལ་ཞུགས།
མཛད་སྒོའི་སྟེང་ཀླུ་ཆུ་རྫོང་བོད་རིགས་སློབ་ཆུང་གི་སློབ་གཙོ་ཐུབ་བསྟན་ལགས་ཀྱིས་ཡིག་གཟུགས་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཀྱི་ཤིས་ཚིག་ཕུལ་བ་དང་།རྒྱ་ཆེའི་དགེ་སློབ་ཡོངས་ཀྱིས་བོད་ཀྱི་ཡིག་གཟུགས་རྒྱུན་འཛིན་དང་དར་སྤེལ་གཏོང་དགོས་པའི་རེ་སྐུལ་གནང་བ་མ་ཟད། ཀླུ་ཆུ་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་དང་ཡུལ་སྐོར་ཅུས།རྫོང་རིག་གནས་ཁང་དང་། རྫོང་ཡིག་གཟུགས་དང་མཛེས་རྩལ་མཐུན་ཚོགས་སོགས་འབྲེལ་ཡོད་ལས་ཁུང་དང་སྡེ་ཁག་གིས་བོད་རིགས་སློབ་ཆུང་ལ་རྒྱབ་སྐྱོར་དང་ཐུགས་ཁུར་གནང་བར་བཀའ་དྲིན་ཞུས། རྫོང་རིག་གནས་ཁང་གི་མགོ་འདྲེན་དཔལ་ཆེན་རྡོ་རྗེ་ལགས་ཀྱིས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་དང་ཀླུ་ཆུའི་ཡིག་གཟུགས་དར་རྒྱས་ཀྱི་གནས་བབས་དང་འབྲེལ་བའི་གསུང་བཤད་གནང་།
སློབ་མ་ཚོས་ཡིག་གཟུགས་དང་མཛེས་རྩལ་བརྩམས་ཆོས་རོལ་མྱོང་བྱེད་བཞིན་པ།
དགེ་རྒན་གྱི་ཡིག་གཟུགས་བརྩམས་ཆོས།
དགེ་རྒན་གྱི་ཡིག་གཟུགས་བརྩམས་ཆོས།
སློབ་མ་ཚོས་ཡིག་གཟུགས་དང་མཛེས་རྩལ་བརྩམས་ཆོས་རོལ་མྱོང་བྱེད་བཞིན་པ།
རྒྱུས་ལོན་བྱས་པ་ལྟར་ན། ཐེངས་འདིའི་སློབ་རའི་ཡིག་གཟུགས་འགྲན་སྡུར་ཁྲོད། སློབ་མ་140ལྷག་དང་ དགེ་རྒན་47ལྷག་གི་ཡིག་གཟུགས་དང་མཛེས་རྩལ་བརྩམས་ཆོས་འགྲེམ་སྟོན་བྱས་པ་མ་ཟད། དགེ་སློབ་གཉིས་ཀྱི་ཕུལ་བྱུང་བརྩམས་ཆོས་42་ལ་གཟེངས་རྟགས་དང་བྱ་དགའི་བདག་རྐྱེན་སྤྲད།
སློབ་མ་ཚོས་ཡིག་གཟུགས་དང་མཛེས་རྩལ་བརྩམས་ཆོས་རོལ་མྱོང་བྱེད་བཞིན་པ།
སློབ་མ་ཚོས་ཡིག་གཟུགས་དང་མཛེས་རྩལ་བརྩམས་ཆོས་རོལ་མྱོང་བྱེད་བཞིན་པ།
སློབ་མ་ཚོས་ཡིག་གཟུགས་དང་མཛེས་རྩལ་བརྩམས་ཆོས་རོལ་མྱོང་བྱེད་བཞིན་པ།
ཕུལ་བྱུང་བརྩམས་ཆོས་ལ་བྱ་དགའ་གནང་བཞིན་པ།
ཕུལ་བྱུང་བརྩམས་ཆོས་ལ་བྱ་དགའ་གནང་བཞིན་པ།
ཕུལ་བྱུང་བརྩམས་ཆོས་ལ་བྱ་དགའ་གནང་བཞིན་པ།
ཕུལ་བྱུང་བརྩམས་ཆོས་ལ་བྱ་དགའ་གནང་བཞིན་པ།
ཕུལ་བྱུང་བརྩམས་ཆོས་ལ་བྱ་དགའ་གནང་བཞིན་པ།
སློབ་གཙོ་ཐུབ་བསྟན་ལགས་ཀྱིས་ཡུལ་དངོས་ནས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོར་ཤིས་ཚིགའབྲི་བཞིནའབྲི་བཞིན་པ།
ཀླུ་ཆུའི་ཡིག་གཟུགས་དང་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་རྟ་མགྲིན་མགོན་པོས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་ཉིན་མོར་དགའ་སྟོན་གྱི་ཤིས་ཚིག་འབྲི་བཞིན་པ།
|