设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

མཚོ་ལྷོ་མང་རྫོང་ནས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་དང་འཛམ་གླིང་དཔེ་ཀློག་ཉིན་མོ་བསུ་བ།

 二维码 485
发表时间:2019-04-26 14:06作者:བྱ་མདོ་སྐྱ་རེངས།来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།网址:http://www.zgzzsfw

མཚོ་ལྷོ་མང་རྫོང་ནས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་དང་འཛམ་གླིང་དཔེ་ཀློག་ཉིན་མོ་བསུ་བ།


         ༢༠༡༩ལོའི་ཟླ་༤བའི་ཚེས་༢༣ཉིན་གྱི་སྔ་དྲོ་ཆུ་ཚོད་དགུ་ཡི་སྟེང་དུ།   མང་རྫོང་རིག་གནས་ལུས་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུ་དང་མང་རྫོང་སློབ་གསོ་ཅུའི་ལོ་ཆུང་གཞོན་ནུ་ཕོ་བྲང་གཉིས་ཀྱིས་གཙོ་སྒྲུབ་དང་།   མང་རྫོང་དཔེ་མཛོད་ཁང་དང་མང་རྫོང་མི་རིགས་སློབ་འབྲིང་གིས་རོགས་སྒྲུབ་བྱས་པའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་དང་འཛམ་གླིང་དཔེ་ཀློག་ཉིན་མོ་བསུ་བའི་འགྲེམ་སྟོན་བྱེད་སྒོ་དེ་མང་རྫོང་མི་རིགས་སློབ་འབྲིང་གི་ལུས་རྩལ་ཁང་དུ་གཟབ་རྒྱས་ངང་བསྡུས་པ་རེད།   ཐེངས་འདིར་མང་རྫོང་ཡུལ་གྱི་རིག་གནས་དང་སློབ་གསོ་སྡེ་ཁག་གིས་ཡིག་རིས་འགྲེམས་སྟོན་གྱི་བྱེད་སྒོ་རྒྱ་ཆེ་བ་ཞིག་གིས་བོད་ཀྱི་ཡིག་གཟུགས་དུས་ཆེན་དང་འཛམ་གླིང་དཔེ་ཀློག་ཉིན་མོ་བསུས་པ་དང་།མང་རྫོང་མི་རིགས་སློབ་འབྲིང་གི་དགེ་རྒན་དཀོན་མཆོག་རྡོ་རྗེ་དང་སྒྲོལ་མ་དོན་གྲུབ་གཉིས་ཀྱིས་མ་སྐུལ་དང་བླངས་སྒོས།    བོད་ཀྱི་སྲོལ་རྒྱུན་ཡིག་གཟུགས་ཉམས་པ་སོར་ཆུད་དང་མ་ཉམས་གོང་འཕེལ་བྱ་ཆེད་མང་རྫོང་ཡུལ་གྱི་བྲིས་པ་གྲགས་ཅན་དག་གིས་དམ་པ་གོང་མའི་ཕྱག་རྒྱུན་གྲ་མ་ཉམས་ཤིང་གྲུ་མ་ཆག་པའི་བྲིས་རྒྱུན་བོད་རྒྱ་ཡིག་རིགས་གཉིས་ཀྱི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ།   བོད་ཀྱི་ཡིག་གཟུགས་རྒྱུན་འཛིན་དང་དར་སྤེལ་གཏོང་བ་ནི་སློབ་གྲྭ་ཆུང་འབྲིང་གི་སློབ་མའི་དུས་ནས་གསོ་སྐྱོང་བྱེད་དགོས་པས་མང་རྫོང་བྱ་མདོ་ཡུལ་ཚོ་བཅའ་སྡོད་སློབ་ཆུང་གི་སློབ་མའི་བོད་རྒྱ་རྩིས་དབྱིན་གྱི་ལས་བྱ་དང་ཡིག་གཟུགས་འགྲེམ་སྟོན་དུ་ཞུགས་པ་མ་ཟད་།   མང་རྫོང་ཡུལ་གྱི་བྲིས་པ་ཉི་ཤུ་ལྷག་གི་བོད་རྒྱ་ཡིག་རིགས་གཉིས་ཀྱི་བརྩམས་ཆོས་འགྲེམ་སྟོན་བྱས།   བྲིས་པ་བཅོ་ལྔ་ལྷག་ཡུལ་དངོས་སུ་ཕེབས་ནས་རྒྱ་ཆེ་བའི་དགེ་སློབ་ཡོངས་ལ་ཡིག་གཟུགས་ཐད་ཀྱི་མཛུབ་སྟོན་དང་ཕྱག་བྲིས་གནང་ནས་བྲིས་པ་རང་རང་གིས་བྲིས་རྒྱུན་དང་ཐུན་མོང་མ་ཡིན་པའི་ཡིག་གཟུགས་སྒྱུ་རྩལ་གྱིས་དགེ་སློབ་མང་པོའི་མཐོང་རྒྱ་བསྐྱེད།     

         འདི་དང་འབྲེལ་ཏེ་མང་རྫོང་མི་རིགས་སློབ་འབྲིང་གི་སྐབས་ལྔ་བའི་དཔེ་ཀློག་ཉིན་མོ་བསུ་བའི་དགེ་སློབ་གཉིས་ཀྱི་དཔེ་ཀློག་མྱོང་ཚོར་བཤད་གླེང་དང་། དཔེ་ཀློག་འཛིན་གྲྭ་དང་སློབ་རའི་ཀློག་པ་པོ་ཆུང་ཆུང་།   སྐབས་དགུ་བའི་ཁྱུང་བོ་གཡུ་ཁྲི་རྟགས་མའི་བོད་རྒྱ་དབྱིན་རྩིས་ཀྱི་ལས་བྱ་འགྲན་སྡུར། ཞིང་སྡེ་སློབ་གྲྭའི་གཞོན་ནུ་ཕོ་བྲང་གི་དགའ་ཕྱོགས་འཛིན་གྲྭའི་སློབ་མའི་ཕུལ་བྱུང་བརྩམས་ཆོས་ལ་སོགས་གཟེངས་བསྟོད་དང་སྐུལ་མར་འོས་པའི་བྱ་འགུལ་སྣ་ཚོགས་སྤེལགཟེངས་བསྟོད་དང་སྐུལ་མའི་བདག་རྐྱེན་སྤྲད་དེ།   སློབ་ཕྲུག་རེ་རེ་དཔེ་ཀློག་ལ་འཇུག་པ་དང་སློབ་ཕྲུག་རེ་རེ་ཡིག་རིས་ལ་དགའ་བའི་གོམས་གཤིས་སྐྱེད་སྲིང་དང་སློབ་རའི་རིག་གནས་ཀྱི་ཁོར་ཡུག་ལེགས་སྒྱུར་ལ་མཐུན་རྐྱེན་མི་དམན་པ་སྐྲུན།


བྱ་འགུལ་གྱི་ཡུལ་དངོས།


微信图片_20190426141617.jpg



微信图片_20190426141633.jpg



微信图片_20190426141623.jpg



微信图片_20190426141629.jpg




微信图片_20190426141559.jpg



རྩོམ་སྒྲིག་པ། བྱ་མདོ་སྐྱ་རེངས་ཀྱིས།