གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

༢༠༡༩ ལོའི་བོད་ཀྱི་ཡིག་གཟུགས་དུས་ཆེན་དང་འབྲེལ་བའི་གལ་ཆེའི་བརྡ་སྦྱོར།

2019-04-26 14:51来源:བོད་ཀྱི་ཡིག་གཟུགས་མཁས་པ་མཐུན་ཚོགས།作者:གཙོས་ཤེས་རབ།ཚལ་པ་བསམ་འགྲུབ།浏览数:110 

微信图片_20190426145513.jpg



༄༅། །༢༠༡༩ ལོའི་བོད་ཀྱི་ཡིག་གཟུགས་དུས་ཆེན་དང་འབྲེལ་བའི་གལ་ཆེའི་བརྡ་སྦྱོར།


        ༢༠༡༩ལོའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་སླེབས་ལ་ཉེ་བར་ངེད་བོད་ཀྱི་ཡིག་གཟུགས་དུས་ཆེན་རྩ་འཛུགས་ཚན་ཆུང་གིས་ཚད་ལྡན་དམངས་གཙོ་ལམ་ཕྱོགས་འགྲོ་ལུགས་ལྟར་གྲོས་ཐག་བཅད་པའི་ནང་དོན་གཤམ་གསལ་ལྟར།   

     ༢༠༡༩ ལོ་ནས་བཟུང་“སྐབས་དང་པོ་”འམ་“སྐབས་གསུམ་པ་”ལྟ་བུའི་སྐབས་ཀྱི་མིང་འདོགས་མི་དགོས་པར་ལས་དོན་ཡུན་རིང་བ་དང་གནས་སྐབས་མི་འཛོལ་བའི་ཕྱིར་ཐད་ཀར་“རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་"ནམ"ཀྲུང་གོ་བོད་ཀྱི་ཡིག་གཟུགས་དུས་ཆེན་"ཞེས་པ་ལྟ་བུ་གང་རུང་བེད་སྤྱོད་གནང་རྒྱུར་གཏན་འཁེལ་བྱུང་བ་ལགས་ན།   ཡིག་གཟུགས་ཉིན་མོ་འདི་བརྩི་སྲུང་དང་བོད་ཀྱི་ཡིག་གཟུགས་རྒྱུན་འཛིན་དང་དར་སྤེལ་གཏོང་བར་ལྷག་བསམ་དང་མོས་པ་ཆེ་བའི་རང་སྐྱོང་ལྗོངས་དང་ཞིང་ཆེན། ཁུལ། རྫོང་། སློབ་གྲྭ་སོ་སོའི་དགེ་རྒན་དང་སློབ་མ། སྤྱི་ཚོགས་ཀྱི་ལས་མི་དང་དགོན་སྡེ་སོ་སོའི་གྲྭ་བ། དེ་མིན་སྤུན་ཟླའི་མི་རིགས་བཅས་ཀྱིས་དེ་དོན་ཐུགས་ལ་དགོངས་བཞེས་གནང་བར་ཞུ་ཞུ་ཞུ།



ཞེས་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་རྩ་འཛུགས་ཚན་ཆུང་གིས་༢༠༡༩ ལོའི་སྤྱི་ཟླ་༤ པའི་ཚེས་༢༥ཉིན་སྤེལ།



བསྲུང་བྱ།


ཡིག་གཟུགས་དུས་ཆེན་སྐབས་ཀྱི་དགོངས་ཕྱོགས་དང་བསྲུང་བྱ།



1. སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕེན་གྱིས་ཏང་གི་ཚོགས་ཆེན་སྐབས་༡༩ པའི་ཚོགས་ཆེན་སྙན་ཞུ་ལས་"རྒྱུན་འཁྱོངས་གསུམ་གྱི་"རྩ་བའི་དགོངས་ཕྱོགས་དང་། "དུས་རབས་གསར་བའི་རིག་གནས་འཛུགས་སྐྲུན།"   "དམངས་ཡོངས་ཀྱི་རིག་གནས་གསར་གཏོད་གསར་སྤེལ་གྱི་ནུས་པ་ལ་ཤུགས་རྒྱག་"པའི་དགོངས་དོན་ལྟར་བོད་ཀྱི་ཡིག་གཟུགས་དུས་ཆེན་གཏོང་བ་དེས་ནི་བོད་མི་དམངས་ཡོངས་དང་བོད་ཀྱི་ཡིག་གཟུགས་ལ་མོས་པ་ཡོད་པའི་སྤུན་ཟླ་མི་རིགས་ལ་ཞབས་ཞུ་དང་། དམངས་ཀྱི་རིག་གནས་འཚོ་བ་ཕུན་ཚོགས་སུ་གཏོང་བར་ནུས་པ་འདོན་དགོས་པས། ངེད་རྩ་འཛུགས་ཚན་ཆུང་གིས་བོད་ཁམས་ཡོངས་ནས་སྔར་བཞིན་ཡིག་གཟུགས་དུས་ཆེན་སྲུང་བརྩི་བྱེད་རྒྱུའི་རེ་སྐུལ་ཆེན་པོ་བྱེད་རྒྱུ་ཡིན།



2. དུས་ཆེན་ཉིན་མོར་གཞུང་སྒེར་སུ་གང་གིས་ཀྱང་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་བ། མི་རིགས་ཀྱི་མཐུན་སྒྲིལ་ལ་གནོད་པ།   སྤྱི་ཚོགས་འཆམ་མཐུན་ལ་གནོད་པའི་བྱ་འགུལ་རིགས་ཅི་ཡང་སྤེལ་མི་ཆོག་ལ། ཡིག་གཟུགས་ཀྱི་ཁྱབ་ཁོངས་ལས་བརྒལ་བའི་བྱ་འགུལ་གང་སྤེལ་ན་ངེད་རྩ་འཛུགས་ཚན་ཆུང་ལ་འབྲེལ་བ་མེད་པའི་གསལ་བསྒྲགས་བྱས་པ་ཡིན།



3.   དུས་ཆེན་ཉིན་མོར་ཡིག་གཟུགས་འགྲེམ་སྟོན་དང་འགྲན་སྡུར། ཡིག་འབྲིའི་བྱ་འགུལ་ཅི་སྤེལ་ཡང་ནང་དོན་ནི་མཐུན་སྒྲིལ་དང་།   འཆམ་མཐུན། ཡར་སྐུལ། སྤྱི་ཕན། བདེ་ཐང་ཡིན་ཐོག །བྱ་འགུལ་དངོས་ཀྱི་ཁྲོད་རྫོང་རིམ་པ་ནས་ཞིང་ཆེན་རིམ་པའི་བར་གྱི་ས་གནས་སོ་སོའི་ཡིག་མཁན་མཐུན་ཚོགས་དང་འབྲེལ་ཡོད་ལས་ཁུངས་ཁག་གི་དབུ་ཁྲིད་རྣམས་གདན་ཞུས་གནང་སྟེ། མཉམ་ཞུགས་ཀྱིས་ཁྱད་དུ་འཕགས་པའི་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱི་རོ་མྱོང་དུ་འཇུག་དགོས།



4.   དུས་ཆེན་དང་བསྟུན་ཡིག་གཟུགས་འགྲན་སྡུར་སྤེལ་པ་དག་གིས་སོ་སོས་གང་ནུས་ལྟར་ཚད་ལྡན་ཡིག་མཁན་འགའ་རེ་གདན་ཞུས་ཐོག་སྲོལ་རྒྱུན་ཡིག་གཟུགས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུའི་ཐབས་ལམ་བཏོན་ཏེ། བོད་ཀྱི་ཡིག་གཟུགས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་ཀྱི་འཚོ་བར་ཞབས་འདེགས་ཞུ་བར་ནུས་པ་གང་ལེགས་འདོན་རྒྱུ།



5.   ལོ་རེའི་ཡིག་གཟུགས་དུས་ཆེན་དང་བསྟུན་ཏེ་བོད་ཀྱི་ཡིག་གཟུགས་ཀྱི་ཐུན་མིན་སྒྱུ་རྩལ་ཁྱད་ཆོས་ཉམས་པ་སོར་ཆུད། མ་ཉམས་གོང་སྤེལ། བསྔོགས་འདོན་དང་ཉམས་མྱོང་བརྗེས་རེས། ཆུ་ཚད་མཐོར་འདེགས།   མ་འོངས་པར་ཁ་ཕྱོགས་པའི་རྩ་དོན་ནམ་ཡང་རྒྱུན་འཁྱོངས་བྱེད་རྒྱུ།



6. དུས་ཆེན་ཉིན་གྱི་བྱ་འགུལ་གནད་བསྡུས་དང་ཚབ་མཚོན་བརྩམས་ཆོས་ཀྱི་པར་རིས། གྲུབ་འབྲས་མཚོན་པའི་གསར་འགྱུར་མདོར་བསྡུས་བཅས་བོད་ཀྱི་ཡིག་གཟུགས་དུས་ཆེན་འཕྲིན་སྟེགས་རྩོམ་སྒྲིག་ཁང་གི་ཡིག་ཟམ་དུ་དུས་ལྟར་བསྐུར་པར་མཛོད།


会员登录
登录
我的资料
留言
回到顶部