ལྷ་རིས་པའམ་ཡིག་མཁན་ཆོས་འཁོར་བསྟན་འཛིན་ལ་སྦྲིངས་པའི་ཤིས་ཚིག་མེ་ཏོག་ཕྲེང་མཛེས།
བོད་ཀྱི་ཡིག་གཟུགས་ཆེད་མཁས་དང་ལྷ་རིས་སྒྱུ་རྩལ་བ་གྲགས་ཅན། ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་དང་ཀླུ་ཆུ་རྫོང་གི་ཡིག་གཟུགས་དང་མཛེས་རྩལ་མཐུན་ཚོགས་ཀྱི་ཆེད་མཁས་ཡིག་གཟུགས་པ་དང་མཛེས་རྩལ་བ་རྒན་ཆོས་འཁོར་བསྟན་འཛིན་རྒྱ་མཚོ་ལགས་ཀྱི་“གཙུག་ལག་ཁང་སོགས་ལ་བརྐོས་རིས་བཟོ་ཚུལ་གྱི་མ་ཕྱི་བློ་ལྡན་མིག་གི་དགའ་སྟོན”ཞེས་པ་དེ་དཔར་བསྐྲུན་བྱས་པའི་ཉིན་མོ་ནས་འགྲེམ་སྤེལ་མཛད་སྒོའི་བར་དུ། བོད་མདོ་དབུས་ཁམས་གསུམ་གྱི་ཡིག་གཟུགས་མཁས་དབང་དང་བྲིས་པ་བྲིས་མ་དང་། སྐྱ་སེར་རྒན་གཞོན་གང་མང་ཞིག་གིས་ཆེད་དུ་ཡིག་གཟུགས་སྒྱུ་རྩལ་གྱི་ལམ་ནས་ཤིས་ཚིག་དང་རྟེན་འབྲེལ་ཕུལ་ཞིང་། བོད་ཀྱི་ཡིག་གཟུགས་ལས་དོན་ལ་ནང་དོན་གསར་བ་དང་བྱེད་སྒོ་གསར་བ་ཞིག་གི་མཐོ་རླབས་མངོན་ཡོད་པས། འདིར་ཆེད་དུ་དེའི་སྐོར་ཀྱི་ནང་དོན་རྣམས་བྲིས་པ་སྦྱི་དང་། སྐྱེས་འགྲོ་ཀུན་གྱི་མིག་གི་མཐོང་ལམ་དུ་བཀོད་པའོ།།
|