“ཀྲུང་གོའི་འདུན་མ་”ཞེས་པའི་རིག་གནས་བྱེད་སྒོ་དུད་ཁྱིམ་ཁྲི་ཕྲག་ཏུ་སྐྱེལ་བ།
2019-01-31 09:56来源:བོད་ཀྱི་ཡིག་གཟུགས་དྲ་བ།作者:འཕགས་པ་ཚེ་རིང་། རྟ་མགྲིན་མགོན་པོ།浏览数:520 


ཀྲུང་གོའི་འདུན་མཞེས་པའི་རིག་གནས་བྱེད་སྒོ་དུད་ཁྱིམ་ཁྲི་ཕྲག་ཏུ་སྐྱེལ་བ།


      ༢༠༡༩ལོའི་ཟླ༡ཚེས་༢༨ཉིན་གྱི་སྐྱ་རེངས་དང་འགྲོགས་ཏེ།  ཀན་སུའུ་ཞིང་ཆེན་ཀླུ་ཆུ་རྫོང་གི་ཡིག་མཁན་རྣམ་པས་དུས་རབས་ཀྱི་འདུན་མ་སེམས་ཀྱིས་བཏེགས་ཤིང་།  རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གི་ཡང་དག་པའི་མགོ་ཁྲིད་འོག་༢༠༡༩ལོའི་ལོ་སར་བསུ་མའི་ཚུལ་དུཀྲུང་གོའི་འདུན་མཞེས་པའི་རིག་གནས་བྱེད་སྒོ་དུད་ཁྱིམ་ཁྲི་ཕྲག་ཏུ་སྐྱེལ་པའི་བྱ་བའི་གྲ་སྒྲིག་མགོ་ཚུགས་པ་རེད།


ཉིན་གཉིས་ལ་བྱེད་སྒོའི་སྔོན་འགྲོ་ལེགས་སྒྲུབ་བྱས་པ།


         ༢༠༡༩ལོའི་ཟླ༡ཚེས་༣༠ཉིན་གྱི་ཕྱི་དྲོ་ཀན་ལྷོ་ཀླུ་ཆུའི་དྲིལ་བསྒྲགས་པུའུ་ཡིས་གཙོ་སྒྲུབ་མཛད་ཅིང་།  རྫོང་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུས། རྫོང་རིག་གནས་ཁང་། རྫོང་མཛེས་རྩལ་དང་ཡིག་གཟུགས་མཐུན་ཚོགསརྫོང་དམངས་ཁྲོད་སྒྱུ་རྩལ་ཚོགས་པ་སོགས་ཀྱིས་རིག་གནས་གཞི་རིམ་ལ་བགྲོད་པ་དང་དུས་རབས་ཀྱི་འཚོ་བཅུད་གཞི་རིམ་དུད་ཁྱིམ་ཁྲི་ལ་སྐྱོད་པའི་བྱེད་སྒོ་ཞིག་ཀླུ་ཆུའི་དཔལ་སྒར་སྡེ་བའི་རིག་གནས་འདུ་ཐང་དུ་སྤེལ།



         བྱེད་སྒོ་དེའི་ཁྲོད་དུ་ཀླུ་ཆུའི་བྲིས་པ་ཚོས་སྔ་མོ་ནས་གྲ་སྒྲིག་བྱས་པའི་བོད་ཀྱི་སྲོལ་རྒྱུན་ལྡན་པའི་ལོ་སར་ཤིས་ཚིག་དང་འཆམ་མཐུན་སྤྱི་ཚོགས་ཀྱི་བརྗོད་བྱ་འབུར་དུ་ཐོན་པའི་ཡིག་གཟུགས་བརྩམས་ཆོས་བརྒྱ་ཕྲག་འགའ་རིན་མེད་གནང་སྦྱིན་བྱས་ལ།  སྒོས་སུ་བོད་ཀྱི་ཡིག་གཟུགས་གཞི་རིམ་དུ་སྐྱེལ་ནས་ནང་དོན་ཕུན་སུམ་ཚོགས་པའི་ཡིག་གཟུགས་ཀྱི་སྒྱུ་རྩལ་རེ་རེ་བརྩམས་ཆོས་ཀྱི་རྟ་ལ་བསྐྱོན་ཏེ་སྲོལ་བཟང་དར་སྤེལ་དང་སྲོལ་རྒྱུན་རྒྱུད་འཛིན།  མི་རིགས་ཀྱི་རིག་གནས་དར་སྤེལ་བཏང་ནས་སྤྱི་ཚོགས་ཀྱི་འཚོ་བ་དངོས་ལ་ཞབས་འདེགས་ཞུ་བ་དང་། སྤྱི་ཚོགས་གསར་བའི་འཕེལ་རྒྱས་ཀྱི་ལམ་ཆེན་སྟེང་ནས་ཡང་དག་པའི་སྲིད་ཇུས་ཀྱི་ཁྲི་གདུགས་འོད་སྣང་དང་འགྲོགས་སྟེ། རང་སྟོབས་རང་སྤེལ་དང་དཀའ་སྤྱད་འབད་བརྩོན་གྱི་སེམས་ཤུགས་ལ་བརྟེན་ནས་དབུལ་ཕོངས་ཀྱི་རྣམ་པ་བསྒྱུར་བཅོས་གཏོང་དགོས་པའི་བརྩོན་སེམསསོགས་བརྒྱུད་བསྒྲགས་བྱས



         ཉིན་དེར་བྱེད་སྒོའི་ཡུལ་དངོས་སུ་རྒྱ་ཆེའི་མང་ཚོགས་དང་ལས་བྱེད་པ་ལ་སོགས་པའི་རྒན་དར་གཞོན་གསུམ་གྱི་མི་སྣ་བརྒྱ་ཕྲག་འགའ་འདུ་འཛོམས་བྱུང་ལ།  རྫོང་གླུ་གར་ཚོགས་པ་དང་དམངས་ཁྲོད་ཚོགས་སྒྱུ་རྩལ་ཚོགས་པལུས་ཀྱི་སྟངས་སྟབས་རྒོད་ཅིང་ངག་གི་འགྱུར་ཁུག་སྙན་པའི་གླུ་གར་གྱི་འཁྲབ་སྟོན་རྒྱ་ཆེར་ཕུལ་བས་གཟིགས་མོ་བའི་མིག་གི་དགའ་སྟོན་དང་ཡིད་ཀྱི་སྤྲོ་བ་འཕེལ་བར་བྱས།




རྒོད་པོའི་གཤོག་འགྱུར་གར་དུ་རྩེན་པའི་སྟག་ཤར།


ཡིག་གཟུགས་ཀྱི་སྒྱུ་རྩལ་ལ་ཐིམ་པའི་བོད་རིགས་མང་ཚོགས།

དགུན་གྱི་གྲང་རེག་གི་ཁྲོད་ན་ལུས་སེམས་དྲོད་ལ་འདུས་པའི་རྡུང་ལེན་པ།



ཡིག་གཟུགས་དང་ཞབས་བྲོས་དམངས་ཀྱི་དུངས་བ་བསྐྱེད།


ཡིག་གཟུགས་དམངས་ཁྲོད་དུ་སྐྱོད་པའི་ཡུལ་དངོས།


དགུན་གྱི་གྲང་ངར་དང་རྩེན་པའི་བྲིས་པ།


ཡིག་གཟུགས་ཀྱི་གསོལ་སྟོན་རིག་གནས་འདུ་ཐང་ནས་བཤམས་པ།



ཡིག་གཟུགས་ཀྱི་གཤོག་འགྱུར་གར་གྱི་སྟངས་སྟབས་ལ་བསྒྱུར་བ།


གསར་འགོད་པ། ཨ་ལ་དུང་དཀར།  པར་བ། མགོན་པོ་སྐྱབས།  རྩོམ་སྒྲིག་པ། ཧེ་རམ་པ།



会员登录
登录
我的资料
留言
回到顶部