གསེར་ནག་གི་ཉམས་འགྱུར་ཞེས་པའི་ཡིག་གཟུགས་དང་མཛེས་རྩལ་དཔེ་དེབ་འགྲེམ་སྤེལ་མཛད་སྒོ་བསྡུས་པ།

2019-01-30 19:57来源:བོད་ཀྱི་ཡིག་གཟུགས་དྲ་བ།作者:དཔལ་མགོན་ཚེ་རིང་།浏览数:928 


        ཀླུ་ཆུ་རྫོང་མཛེས་རྩལ་དང་ཡིག་གཟུགས་མཁན་མཐུན་ཚོགས་ཀྱི2018ལོའི་བྱ་བའི་ཕྱོགས་སྡོམ་དང་གསེར་ནག་གི་ཉམས་འགྱུརཞེས་པའི་ཡིག་རིས་བརྩམས་ཆོས་ཕྱོགས་བསྒྲིགས་འགྲེམ་སྤེལ་མཛད་སྒོ་སྤེལ་བ



        2019ལོའི་ཟླ1པའི་ཚེས28ཉིན་གྱི་སྔ་དྲོ་ཆུ་ཚོད་བཅུ་ཡས་མས་སུ་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་མཛེས་རྩལ་དང་ཡིག་མཁ་མཐུན་ཚོགས་ཀྱི2018 ལོའི་བྱ་བའི་ཕྱོགས་སྡོམ་དངགསེར་ནག་གི་ཉམས་འགྱུརཞེས་པའི་ཡིག་རིས་བརྩམས་ཆོས་འགྲེམ་སྤེལ་གྱི་མཛད་སྒོ་དེ་རྫོང་སྲིད་གཞུང་གི་ལྔ་ཐོག་གྲོས་ཚོགས་ཁང་ནས་བསྡུས



          མཛད་སྒོའི་སྟེང་རྫོང་ཨུ་དྲིལ་བསྒྲགས་པུའུ་དང་རྫོང་སློབ་གསོ་ཅུས། རྫོང་དམངས་སྲིད་ཅུས རྫོང་རྒྱང་སྒྲོག་བརྙན་འཕྲིན་ཁང་དང་། རྫོང་རིག་གནས་ཁང་གི་འབྲེལ་ཡོད་མགོ་ཁྲིད་ཚོགས་འདུའི་སྟེང་ཞུགས་ཤིང་། གཞན་རྫོང་པར་རྒྱག་མཐུན་ཚོགས་། རོལ་མོ་མཐུན་ཚོགས  རྩོམ་པ་པོའི་མཐུན་ཚོགས་ཀྱི་འཐུས་མི་སོགས་སྡོམ་པས་མི30ལྷག་ཐེངས་འདིའི་ཚོགས་འདུར་ཞུགས།



        ཚོགས་འདུའི་ཐོག རྫོང་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་རྟ་མགྲིན་མགོན་པོ2018 ལོའི་མཐུན་ཚོགས་ཀྱི་བྱ་བར་སྤྱི་སྡོམ་དང་2019 ལོའི་བྱ་བར་བཀོད་སྒྲིག་བྱས དེའི་འཕྲོ་ནས་ཚོགས་ཞུགས་འགོ་ཁྲིད་པ་དག་གི་སྤྲོ་སེམས་འཁོལ་བའི་ཐལ་མོའི་རྡེབ་སྒྲའི་ཁྲོད་ཀླུ་ཆུ་རྫོང་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་ཀྱི་ཡིག་རིས་ཕྱོགས་བསྒྲིགསགསེར་ནག་གི་ཉམས་འགྱུརཞེས་པ་དངོས་སུ་འགྲེམས་སྤེལ་བྱས་པཁྱབ་བསྒྲགས་བྱས།



         དེར་མཐུད་ནས་མཐུན་ཚོགས་གཞན་དག་གི་འཐུས་མི་རེ་རེས་གཏམ་བཤད་གནང་ཞིང་ མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་ཀྱི་ལོ་གཅིག་གི་ལས་དོན་ལ་ཁས་ལེན་དང་ཁག་ཐེག་བྱས་པ་མ་ཟད   རྗེས་ཕྱོགས་ཀྱི་ལས་དོན་ཐད་བསམ་འཆར་དང་གྲོས་གཞི་བཏོན།



        ཁོང་ཚོས་བཤད་དོན།  ཀླུ་ཆུ་རྫོང་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་ཀྱི་ལས་ཀའི་དམིགས་ཚད་ཁ་གསལ་བ་དང་  ནང་དོན་ཕུན་སུམ་ཚོགས་པའི་ཡིག་གཟུགས་བྱེད་སྒོ་སྣ་ཚོགས་སྤེལ་བ་ནི་མཐུན་ཚོགས་གཞན་དག་ལ་འཕེལ་རྒྱས་ཀྱི་སྣེ་ཁྲིད་དང་དཔེ་སྟོན་གྱི་ནུས་པ་ཡག་པོ་བཏོན་པ་མ་ཟད།   རྫོང་ཡོངས་ཀྱི་རིག་གནས་སྒྱུ་རྩལ་བྱ་གཞག་ཡར་རྒྱས་གོང་འཕེལ་ལ་སྐུལ་འདེད་ཀྱི་ནུས་པ་ཆེན་པོ་ཐོ་ཡོད་ཟེར



         དེའི་རྗེས་ནས་མཐུན་ཚོགས་ཀྱི་ཁོངས་མི་དག་གིས་རང་གིས་ཡིག་གཟུགས་སྦྱངས་པ་བྱས་པའི་གནས་ཚུལ་དང་།   ཡིག་གཟུགས་བརྩམས་ཆོས་ཀྱི་རྣམ་པ་དང་། ཡིག་གཟུགས་ཀྱི་འབྲི་རྩལ་། ཡིག་གཟུགས་བར་ཀྱི་འབྲེལ་བ་ཐག་གཅོད་བྱ་རྒྱུ་སོགས་ལ་དམིགས་ནས་གྲོས་བསྡུར་དང་བསམ་ཚུལ་བཏོན་པ་རེད།



          རྒྱུས་ལོན་ལྟར་ན།  ཀླུ་ཆུ་རྫོང་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་ནི་2016 ལོར་བཙུགས་ཤིང་ མིག་སྔའི་བར་ཚོགས་མི66དང་ ཐེངས་འདིར་འགྲེམས་སྤེལ་བྱས་པའི་ཡིག་གཟུགས་བརྩམས་ཆོས་ཕྱོགས་བསྒྲིགསགསེར་ནག་གི་ཉམས་འགྱུརཞེས་པར་སྡོམ་པས་ཡིག་གཟུགས་དང་རི་མོ་མཁན33ལྷག་གི་ཡིག་རིས་བརྩམས་ཆོས་༡༠༠ལྷགའདུས་ཡོད






上一页
1
会员登录
登录
我的资料
留言
回到顶部