གསར་འགྱུར། 新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་མ་ཕྱི། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

སྲིད་གྲོས་ཨུ་ཡོན་གྱི་གྲོས་གཞིའི་ཁྲོད་དུ་བོད་ཀྱི་ཡིག་གཟུགས་སྐོར་གྱི་གྲོས་དོན་བྱུང་བ།

2019-01-16 01:08来源:ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།作者:གསར་འགོད་པ་ཚེ་ཕུན།浏览数:223 


          སྦྱང་ཤིང་ནི་བོད་མི་རིགས་ཀྱི་ཡིག་གཟུགས་འབྲི་སྦྱོང་སྐབས་སུ་སྤྱོད་པའི་ཡིག་འབྲི་པང་ལེབ་ཅིག་ཡིན་ཤིང་། ལོ་ངོ་མང་པོའི་རིང་། བོད་ལྗོངས་ཀྱི་སློབ་གྲྭ་ཆེ་འབྲིང་ཆུང་གསུམ་ཚང་མས་སློབ་མའི་ཡི་གེ་འབྲི་སྦྱོང་བྱེད་པར་ཐོག་མར་སྦྱང་ཤིང་གི་ཐོག་ནས་སྦྱོང་འགོ་ཚུགས་ཀྱི་ཡོད་པ་རེད།  ཉེ་བའི་ལོའི་ཚུན་དུ། གོང་རིམ་ཚན་པ་ཁག་དང་འབྲེལ་ཡོད་སྡེ་ཁག་ནས་བོད་ཡིག་ཡིག་གཟུགས་ལ་མཐོང་ཆེན་གྱིས་མི་ནོར་དངོས་གསུམ་ཐོག་ནས་རྒྱབ་སྐྱོར་ཤུགས་ཆེན་གནང་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་ལ།  ལྷག་དོན་གོ་སྐབས་དང་མཐུན་རྐྱེན་བཟང་པོ་འདི་ལྟ་བུའི་འོག  མི་རིགས་ཀྱི་སྲོལ་རྒྱུན་ཡིག་གཟུགས་འབྲི་སྦྱོང་རྒྱུན་འཛིན་དང་དར་སྤེལ། སྤེལ་རེས་དང་སློབ་སྦྱོང་བྱེད་པའི་ཚ་རླབས་ཤིག་འཕྱུར་ནས་བོད་ལྗོངས་ཀྱི་གྲོང་ཁྱེར་དང་ས་ཁུལ་ཁག་དང་། སློབ་གྲྭ་ཆེ་འབྲིང་ཆུང་གསུམ་བཅས་སུ་ཡིག་གཟུགས་འགྲན་བསྡུར་དང་ཡིག་གཟུགས་བརྩམས་བྱ་འགྲེམས་སྟོན་སོགས་ཀྱི་བྱེད་སྒོ་རབ་དང་རིམ་པ་སྤེལ་བར།   ཕུལ་དུ་བྱུང་བའི་བོད་ཡིག་ཡིག་གཟུགས་ཀྱི་བརྩམས་ཆོས་མང་པོ་ཞིག་ཆར་རྗེས་ཀྱི་མྱུ་གུ་འབུད་པ་ཇི་བཞིན་མི་རྣམས་ཀྱི་འདྲེན་བྱེད་ཡུལ་གྱི་སྟོན་མོར་བཤམས་བཞིན་ཡོད།

          ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་བང་མཛོད་ནི་ཚར་དུ་དངར་བ་ཞིག་ཡོད་མོད།  འོན་ཀྱང་དེ་བས་བཀྲག་མདངས་ལྡན་པར་འགྱུར་བ་བྱ་དགོས་ཚེ་མི་རིགས་ཁག་གི་སྲོལ་རྒྱུན་རིག་གནས་སོགས་དེ་བས་མང་བ་རྒྱུན་འཛིན་དང་དར་སྤེལ་གཏོང་ཤུགས་ཆེ་རུ་གཏོང་རྒྱུ་ནི་དགོས་གལ་ཤིན་ཏུ་ཆེ།  དེས་ན།   བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན།  བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་སྟེང་སྐྱེས་རྫོང་ཆ་ཚང་སློབ་ཆུང་གི་བོད་སྐད་ཡིག་དགེ་རྒན་བསོད་ནམས་ཚེ་རིང་ལགས་ཀྱིས་བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པའི་ཐོག་གྲོས་གཞི་གཉིས་ཕུལ་བར།    གཅིག་ནི་བོད་མི་རིགས་ཀྱི་སྲོལ་རྒྱུན་གྱི་སྦྱང་ཤིང་ཡིག་གཟུགས་འབྲི་སྦྱོང་བྱ་རྒྱུ་དེ་མ་ཉམས་གོང་སྤེལ་དང་ཉམས་པ་སླར་གསོ་ཡོང་ཆེད།   བོད་ལྗོངས་ཀྱི་བུ་བཅོལ་དང་སློབ་ཆུང་དུ་སྦྱང་ཤིང་ཡིག་གཟུགས་བསླབ་ཁྲིད་ལ་ངེས་པར་དུ་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་གྲོས་གཞི་བཏོན་གནང་ཡོད་པ་རེད།


བོད་རང་སྐྱོང་ལྗོངས་སྲིད་གྲོས་ཀྱི་ཨུ་ཡོན་བསོད་ནམས་ཚེ་རིང་ལགས།


སྦྱང་ཤིང་ཡིག་གཟུགས་སློབ་ཁྲིད་གནང་བཞིན་པ།


སྲོལ་རྒྱུན་གྱི་སྦྱོང་རྩལ་ལས་ཨ་ལི་སུམ་ཅུ་རང་མདངས་རྒྱས།


རྒན་བསོད་ནམས་ཚེ་རིང་ལགས།



ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས།

ལྟ་སྐུལ། ཚེ་དགའ།

རྩོམ་སྒྲིག་འགན་འཁུར་བ། ལྷག་པ།

གསར་འགོད་པ། ཚེ་ཕུན།



会员登录
登录
我的资料
留言
回到顶部