མཚོ་སྔོན་གཙང་གསུམ་མི་རིགས་སློབ་གྲྭ་ནི་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་དུ་ཆགས་ཡོད་ལ། སློབ་མའི་ཡོང་ཁུངས་གཙོ་བོ་ཡུལ་ཤུལ་ས་ཆ་ཡིན།
སློབ་གྲྭས་ཡིག་གཟུགས་སྒྱུ་རྩལ་ལ་མཐོང་ཆེན་གྱིས་བྱིས་པ་རྣམས་ལ་ཡིག་གཟུགས་སློབ་ཁྲིད་བཀོད་སྒྲིག་བྱས་ཡོད་པ་མ་ཟད། ཁ་སང་ཡིག་གཟུགས་འགྲན་བསྡུར་གྱི་བྱ་འགུལ་སྤེལ་ཏེ་སློབ་མ་ཚོའི་ཡིག་གཟུགས་ཀྱི་འདུ་ཤེས་སྐྱེད་བསྲིང་བྱས། སློབ་མ་ཚོས་འགྲན་ཞུགས་བྱ་བ་ལྷུར་ལེན་བྱས་ནས་རང་གི་བརྩམས་ཆོས་ཐོག་མ་སློབ་གྲྭའི་འགྲན་བསྡུར་ལ་འབུལ་ཅིང་མཆིས།
|