ཡིག་གཟུགས་ཀྱི་གསོལ་སྟོན་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ལ་ཕུལ་བ།
2018-12-25 18:50来源:བོད་ཀྱི་ཡིག་གཟུགས་དྲ་བ།作者:དཔལ་མགོན་ཚེ་རིང་། ཧེ་རམ་པ།网址:http://www.zgzzsfw.com浏览数:1940 


ཀླུ་ཆུ་རྫོང་གིས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་ཡིག་གཟུགས་ཀྱི་གསོལ་སྟོན་དམངས་ཆེན་འཐུས་མི་དང་སྲིད་གྲོས་ཨུ་ཡོན་ལ་ཕུལ་བ།



             བཅོས་བསྒྱུར་སྒོ་འབྱེད་ཚུན་གྱི་ལོ་འཁོར་བཞི་བཅུའི་གྲུབ་འབྲས་ལ་རྟེན་འབྲེལ་དང་རྒྱལ་གཅེས་རིང་ལུགས་ཀྱི་སྙིང་སྟོབས་སམ་མི་རིགས་ཀྱི་སྔོན་ཐོན་རིག་གནས་རྒྱུན་འཛིན་གང་ལེགས་བྱས་ནས་རྒྱ་ཆེའི་ལས་བྱེད་པ་དང་རོང་འབྲོག་མང་ཚོགས་ཀྱི་རིག་གནས་འཚོ་བའི་ནང་དོན་ཕུན་སུམ་ཚོགས་པར་གཏོང་ཆེད།



              ཟླ12ཚེས་25ཉིན་ཀན་སུའུ་ཞིང་ཆེན་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་ཀླུ་ཆུ་རྫོང་ཨུའི་དྲིལ་བསྒྲགས་པུའུ་དང་། མི་རིགས་ཆོས་ལུགས་ལས་དོན་དོ་དམ་ཅུས་ཀྱིས་གཙོ་སྒྲུབ་དང་།  རྫོང་མཛེས་རྩལ་དང་ཡིག་གཟུགས་མཐུན་ཚོགས་ཀྱིས་མཉམ་སྒྲུབ་བྱས་པའི་བཅོས་བསྒྱུར་སྒོ་འབྱེད་ཚུན་གྱི་ལོ་འཁོར་བཞི་བཅུའི་གྲུབ་འབྲས་ལ་རྟེན་འབྲེལ་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་རྫོང་འཛུགས་སྐྲུན་བྱེད་པ་བརྗོད་དོན་དུ་བཟུང་བའི་ཡིག་གཟུགས་དང་ཐང་ག་མཛེས་རིས་བརྩམས་ཆོས་འགྲེམ་སྟོན་རྫོང་མི་དམངས་ཚོམས་ཆེན་དུ་བཤམས།  



          ཁུལ་དམངས་ཆེན་ཀྲུའུ་རེན་གཞོན་པའམ་རྫོང་ཨུ་ཧྲུའུ་ཅི་ལིང་མེན་ཀཱང་།རྫོང་དམངས་ཆེན་ཀྲུའུ་རེན་ཁཱོའུ་ཞཱའོ་ཧུང་། རྫོང་ཨུ་ཧྲུའུ་ཅི་གཞོན་པའམ་རྫོང་དཔོན་ལྷུན་གྲུབ།  རྫོང་སྲིད་གྲོས་ཀྲུའུ་ཞི་སྐལ་བཟང་རྣམ་འདྲེན་སོགས་ལས་ཁུངས་བཞིའི་རྫོང་རིམ་གཞོན་པ་ཡན་གྱི་མགོ་ཁྲིད་དང་། སྲིད་གྲོས་ཨུ་ཡོན་རྣམ་པ་མཛད་སྒོའི་སྟེང་ཞུགས།





            མཛད་སྒོ་ཧྲིལ་བོ་རྫོང་ཨུའི་རྒྱུན་ཨུ། རྫོང་དྲིལ་བསྒྲགས་པུའུ་ཀྲང་སྐལ་བཟང་ལྷ་མོས་མདོ་འཛིན་མཛད།



              རྫོང་དཔོན་ལྷུན་གྲུབ་ལགས་ཀྱིས་འགྲེམ་སྟོན་གྱི་སྒོ་མོ་ཕྱེ་བ་ཁྱབ་བསྒྲགས་བྱས།





མཛད་སྒོའི་རྗེས་ནས་རྫོང་གི་མགོ་ཁྲིད་རྣམ་པ་ཡིག་གཟུགས་དང་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི་རྟ་མགྲིན་མགོན་པོ་སོགས་ཀྱི་སྣེ་ཤན་འོག་ཐེངས་འདིའི་འགྲེམ་སྟོན་བརྩམས་ཆོས་དག་ལ་རོལ་མྱོང་མཛད།  




       རྫོང་དཔོན་ཡང་ཡོན་ཧྭ་ལགས་གྲ་སྒྲིག་གྲོས་ཚོགས་ཀྱི་བར་གསེང་ནས་ཡང་བསྐྱར་ཡིག་གཟུགས་འགྲེམ་སྟོན་གྱི་ཡུལ་དངོས་སུ་ཕེབས་ཏེ་འགྲེམ་སྟོན་སུ་བསྟར་བའི་བརྩམས་ཆོས་དང་རྒན་བསྟན་འཛིན་རྒྱ་མཚོའི་ཡུལ་དངོས་སྨྱུག་རྩལ་ལ་གཟིགས་བཞིནཔ།


      རྫོང་སྲིད་གྲོས་ཀྲུའུ་ཞི་སྐལ་བཟང་རྣམ་རྒྱལ་དང་འཐབ་ཕྱོགས་ཅིག་གྱུར་པུའུ་ཀྲང་ཆོས་སྐྱོང་སྐྱབས་རྣམ་གཉིས་མ་ངེས་གྲོང་བརྡལ་གྱི་གྲོང་དཔོན་པད་མ་སྐྱབས་དང་ལྷན་དུ་བརྩམས་ཆོས་རོལ་མྱོང་དང་། རྒན་བསྟན་འཛིན་རྒྱ་མཚོའི་མཚམས་སྦྱོར་ལ་གསན་གཞིགས་གནང་།


བཟོ་རྩལ་མཐོ་པའི་ཐང་གའི་བརྩམས་ཆོས་ཀྱི་ཞིབ་ཆ་གླེང་བ།


          ཕྱི་དྲོ་རྫོང་དམངས་ཆེན་རྒྱུན་ཨུ་ཁང་གི་ཀྲུའུ་རེན་གཞོན་པ་མགོན་པོ་དབང་སྡུད་དང་། གདུགས་དཀར་དྲི་མ།  ཞོའུ་ཧྲུའུ་ཡོན་རྣམ་པ་གསུམ་འགྲེམ་སྟོན་ཡུལ་དངོས་སུ་ཕེབས་ཏེ་མཐུན་ཚོགས་ཀྱི་དྲུང་ཡིག་སྐལ་བཟང་ཚེ་བརྟན་གྱི་སྣེ་ཤན་འོག་བརྩམས་ཆོས་ཀྱི་སྒྱུ་རྩལ་ལ་རོལ་བ།



ཡིག་གཟུགས་དང་མཛེས་རིས་བརྩམས་ཆོས་ལ་གཟིགས་སྐོར་དུ་སྐྱོད་པའི་མི་དམངས་འཐུས་མི་དང་ཨུ་ཡོན



ཡིག་གཟུགས་དང་མཛེས་རིས་ལ་གཟིགས་ཞིབ་གནང་མཁན་གྱི་མི་དམངས་འཐུས་མི།



མཐུན་ཚོགས་ཀྱི་ཚོགས་མི་འམ་ཀུན་ཕན་རིག་གནས་ཚད་ཡོད་ཀུང་སིའི་ལས་སྤྱི་ཤཱཀྱ་ལགས་ཀྱིས་བོད་ཀྱི་ཐང་གའི་སྒྱུ་རྩལ་དང་ཁོ་རང་ཚོའི་བརྩམས་ཆོས་མཚམས་སྦྱོར་བྱེད་བཞིན་པ།



སྒྱུ་རྩལ་གྱི་མངར་ཁའི་ཁྲོད་ན་འཛུམ་མདངས་རྒོད་པའི་མི་དམངས་འཐུས་མི་དང་སྲིད་གྲོས་ཨུ་ཡོན།




ལྷ་མོ་གྲོང་བརྡལ་གྱི་མགོ་གཙོ་ཚེ་རིང་སྐྱབས་དང་མཚོ་ཉིན་ཞང་དཔོན་ཨ་གདུགས་སོགས་ཀྱིས་མི་དམངས་འཐུས་མི་དང་མཉམ་དུ་ཡིག་གཟུགས་ཀྱི་འཚོ་བཅུད་ལ་རོལ་བཞིན་པ།




མཐུན་ཚོགས་ཀྱི་ཚོགས་མི་ཨ་ལ་དུང་དཀར་གྱིས་བོད་ཀྱི་ཡིག་གཟུགས་འབྲི་བཞིན་པ།



གསར་འགོད་པ། རི་བོ་ཉི་ཟླ།  པར་ལེན་པ་མགོན་པོ་སྐྱབས། བཀྲ་ཤིས་རྒྱ་མཚོ། ཆོས་འཁོར་བསྟན་འཛིན།

རྒྱ་ཡིག་གསར་འགོད་པ་དཔལ་མགོན་ཚེ་རིང་། བོད་ཡིག་གསར་འགོད་པ་ཧེ་རམ་པ།




上一页
1
会员登录
登录
我的资料
留言
回到顶部