ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་བྱ་བའི་བསྡུས་འཕྲིན།
2018-11-20 07:42来源:བོད་ཀྱི་ཡིག་གཟུགས་དྲ་བ།作者:འཇམ་དཔལ་ཚེ་ལོ།浏览数:73 

ཀན་ལྷོཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་བྱ་བའི་བསྡུས་འཕྲིན།

ཐེ་བོ་རོང་དུ་བསྐྱོད་པའི་ལེའུ



         རབ་གནས་ས་ཕོ་ཁྱི་ལོའི་སྨིན་དྲུག་ཟླ་བ་དཀར་ཕྱོགས་ཀྱི་རྫོགས་པ་གཉིས་པ་སྟེ་ཕྱི་ལོ་༢༠༡༨ལོའི་ཟླ་༡༡པའི་ཚེས་༡༠ཉིན་གྱི་ཞོགས་པའི་ཆརཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི་བཅུ་གྲངས་འཛོམས་པ་ཀན་ལྷོ་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་མགོ་གཙོ་སྐུ་ཞབས་ཝང་ཡོན་ཅིག་དང་ཚོགས་པ་དེའི་ཚོགས་གཙོའམ་ཀྲུའུ་ཞི་རྒན་སངས་རྒྱས་བཀྲ་ཤིས་ལགས་ཀྱི་སྣེ་ཁྲིད་འོག་མདོ་སྨད་རོང་ཆེན་བཞིའི་ཡ་གྱལ་གསེང་གཞོང་ཐེ་བོ་རོང་དུ་ཕེབས་མགོ་བརྩམས


ཚོགས་མི་ཁ་ཤས་ཀྱིས་ལམ་བར་དུ་བསྐྱོན་པའི་པར།


      ཐེངས་འདིའི་བྱ་འགུལ་ནི་ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་༢༠༡༨ལོའི་བྱ་བའི་འཆར་གཞི་ལས་ཁུལ་ཡོངས་ཀྱི་རྫོང་རིམ་པར་བསྐོར་བསྐྱོད་བྱེད་པའི་ལས་རིམ་གསུམ་པ་ཡིན་ལ། རྫོང་རིམ་པ་ལས་ཁད་ཐག་ཆེས་རིང་ཤོས་དེ་ཡང་ཡིན།


ཉིན་དེའི་ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་། རྫོང་བོད་རིགས་སློབ་འབྲིང་གི་དགེ་སློབ་ཚོས་ཕེབས་བསུ་ཞུ་བཞིན་པའི་ཚུལ།


         ཕྱི་དྲོའི་ཆུ་ཚོད་གཉིས་དང་ཕྱེད་ཀའི་སྟེང་། རྫོང་བོད་རིགས་སློབ་འབྲིང་གི་དགེ་སློབ་ཡོངས་ཀྱི་རེ་འདུན་ལྟར། ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་བསྐོར་བསྐྱོད་བརྩམས་ཆོས་བརྒྱ་ལྷག་སློབ་རའི་ནང་ཁུལ་དུ་འགྲེམས་སྟོན་དང་ཡུལ་དངོས་ལ་ཕེབས་པའི་བྲིས་པ་ཚོས་ཕྱོགས་དེའི་དགེ་སློབ་ཚོར་བྲིས་ཆོས་གང་དགོས་སོ་སོའི་འདོད་མོས་ལྟར་ཕྱག་བྲིས་གང་མང་གནང་།


རྫོང་བོད་རིགས་སློབ་འབྲིང་དང་ཐག་ཉེའི་སློབ་གྲྭ་ནས་ཕེབས་པའི་སློབ་མ་ཚོས་ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཡིག་གཟུགས་བརྩམས་ཆོས་ལ་གཟིགས་བཞིན་པ།



རྒན་སངས་རྒྱས་ལགས་ཀྱིས་ཡུལ་དངོས་ནས་ཕྱག་བྲིས་གནང་བཞིན་པ།



འཇིགས་མེད་ཆོས་དར་ལགས་ཀྱིས་ཡུལ་དངོས་ནས་ཕྱག་བྲིས་གནང་བཞིན་པ།




ཁ་གྱ་འཇིགས་མེད་ལགས་ཀྱིས་ཡུལ་དངོས་ནས་ཕྱག་བྲིས་གནང་བཞིན་པ།



ཆོས་འཁོར་བསྟན་འཛིན་ལགས་ཀྱིས་ཡུལ་དངོས་ནས་ཕྱག་བྲིས་གནང་བཞིན་པ།




བསོད་ནམས་ཚེརིང་ལགས་ཀྱིས་ཡུལ་དངོས་ནས་ཕྱག་བྲིས་གནང་བཞིན་པ།




བསོད་ནམས་རབ་བརྟན་ལགས་ཀྱིས་ཡུལ་དངོས་ནས་ཕྱག་བྲིས་གནང་བཞིན་པ།




རྡོ་རྗེ་སྐྱབས་ལགས་ཀྱིས་ཡུལ་དངོས་ནས་ཕྱག་བྲིས་གནང་བཞིན་པ།


          ཚེས་༡༡ཉིན་གྱི་ཞོགས་པའི་ཆུ་ཚོད་དགུའི་སྟེང་། ས་གནས་དེ་གའི་སློབ་གྲྭ་སོ་སོའི་མགོ་ཁྲིད་དག་གི་རེ་འདུན་ལྟར། རྒན་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་བོད་ཀྱི་ཡིག་གཟུགས་ཀྱི་བྱུང་འཕེལ་དང་འབྲེལ་བའི་འཆད་ཁྲིད་གནད་འགངས་ཅན་ཞིག་གནང་ལ། ཐག་ཉེ་རིང་ནས་ཕེབས་པའི་ཐེ་བོ་རོང་ཁོག་གི་བོད་ཀྱི་ཡིག་གཟུགས་དགེ་རྒན་རྣམས་དང་ཐུགས་སེམས་ལྷོད་ལྷོད་ཀྱིས་ཞེ་མཐུན་གྱི་དགྱེས་མོལ་གནང་བའང་གཤམ་གསལ་ལྟར་རོ། །



རྒན་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་བོད་ཀྱི་ཡིག་གཟུགས་ཀྱི་བྱུང་འཕེལ་དང་འབྲེལ་བའི་འཆད་ཁྲིད་གནང་བཞིན་པ།




ཐེ་བོ་རིན་ཆེན་ལགས་ཀྱིས་བགྲོ་གླེང་གི་མགོ་སློང་བཞིན་པ།




བསྟན་པ་ཚེ་རིང་ལགས་ཀྱིས་ཁོང་ཚོའི་ཡིག་གཟུགས་སློབ་ཁྲིད་ཀྱི་གནས་ཚུལ་ཞུ་བཞིན་པ།




རྡོ་རྗེ་རིན་ཆེན་ལགས་ཀྱིས་ཁོང་ཚོའི་ཡིག་གཟུགས་སློབ་ཁྲིད་ཀྱི་གནས་ཚུལ་ཞུ་བཞིན་པ།




རྒན་བསོད་ནམས་ཚེ་རིང་ལགས་ཀྱིས་ཁོང་ཚོའི་ཡིག་གཟུགས་སློབ་ཁྲིད་ཀྱི་གནས་ཚུལ་ཞུ་བཞིན་པ།




རྒན་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་མཐའ་མཇུག་གི་གཏམ་བཤད་གནང་བཞིན་པ།




གསར་འགོད་པ་འཇམ་དཔལ་ཚེ་ལོས།

会员登录
登录
我的资料
留言
回到顶部