བླ་བྲང་དྲ་གླིང་རྟགས་མའི་ཡིག་གཟུགས་འགྲན་བསྡུར་དང་བརྩམས་ཆོས་འགྲེམ་སྟོན་ཀན་ལྷོ་ཁུལ་ནས་སྤེལ།
2018-11-11 09:13来源:ཀན་ལྷོ་ཉིན་རེའི་ཚགས་པར།作者:བཀྲ་ཤིས་ཚེ་རིང་།浏览数:13014 

       ཟླ 11པའི་ཚེས11ཉིན་ལ། བླ་བྲང་དྲ་གླིངརྟགས་མའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་ཕུལ་བྱུང་བརྩམས་ཆོས་འགྲེམས་སྟོན་དེ་ཀན་ལྷོ་ཁུལ་རིག་དངོས་བཤམས་སྟོན་ཚོམས་ཆེན་དུ་སྤེལ་ཞིང་། བསྡོམས་པས་ཁྱད་འཕགས་བྱ་དགའ་དང་བྱ་དགའ་ཨང་དང་བོ་སོགས་བརྩམས་ཆོས་ནང་དུ་ཚུད་པའི་བོད་ཀྱི་ཡིག་མཁན172ཀྱི་བོད་ཡིག་མཁྲེགས་སྨྱུག་བརྩམས་ཆོས302 བཀྲམས།





         ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ། ཁུལ་ཨུའི་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་གསར་གཏོད་རང་བཞིན་གྱི་བསྒྱུར་བཅོས་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བཀོད་སྒྲིག་དང་བླང་བྱ་ལག་ལེན་མཐར་ཕྱིན་བྱེད་པ་དང་། བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་དར་སྤེལ་གཏོང་བ། བོད་ཀྱི་རིག་གནས་འཕེལ་རྒྱས་བཏང་ནས་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་དང་ཡར་ཐོན་ཡོང་བར་སྐུལ་འདེད་གཏོང་ཆེད། ཀན་ལྷོ་ཉིན་རེའི་གསར་འགྱུར་ཁང་གིས་ན་ནིང་ལོ་ནས་འགོ་བརྩམས་ཏེབླ་བྲང་དྲ་གླིངརྟགས་མའི་རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཆེན་མོ་སྤེལ་རྒྱུ་གྲ་སྒྲིག་བྱས་ཤིང་། བླ་བྲང་དྲ་གླིང་དྲ་སྦྲེལ་ཚན་རྩལ་ཀུང་སིའི་རོགས་རམ་དང་རྒྱབ་སྐྱོར་འོག  ཆེད་མཁས་པ་གདན་དྲངས་ཏེ་དཔྱད་འདེམས་ཨུ་ཡོན་ལྷན་ཁང་བཙུགས་པ་དང་། དྲ་རྒྱའི་དཔྱད་འདེམས་དང་ཆེད་མཁས་ཀྱི་དཔྱད་འདེམས་ཀྱི་ཐོག་མའི་དཔྱད་འདེམས་དང་བསྐྱར་འདེམས་སོགས་དཔྱད་འདེམས་རིམ་པ་བརྒྱུད་དེ་དྲང་གཞག་དང་ཡོངས་བསྒྲགས་ཀྱིས་ཕུལ་བྱུང་ཡིག་གཟུགས་བརྩམས་ཆོས་འདེམས་གསེས་བྱས་ཏེ་དཀའ་ཚེགས་ཆེ་ཞིང་ཞིབ་ཚགས་ཀྱི་དཔྱད་འདེམས་བརྒྱུད་མཐར་མཐའ་མཇུག་གི་མཇུག་འབྲས་བྱུང་བ་སྟེ།  བོད་ལྗོངས་ལྷོ་ཁ་ས་ཁུལ་མཐོ་རིམ་སློབ་འབྲིང་གཉིས་པའི་བསྟན་འཛིན་བག་གྲོའི་བརྩམས་ཆོས་ལ་ཁྱད་འཕགས་ཀྱི་བྱ་དགའ་ཐོབ་པ་དང་། བོད་ལྗོངས་ལྷོ་ཁ་ས་ཁུལ་སྣེ་གདོང་ཁུལ་གྱི་བློ་བཟང་པདྨ་ལ་བྱ་དགའ་ཨང་དང་པོ། མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རོང་བོ་རྫོང་གི་དགེ་འདུན་བསྟན་པ་ལ་བྱ་དགའ་ཨང་གཉིས་པ། མཚོ་སྔོན་ཞིང་ཆེན་མགོ་ལོག་ཁུལ་དམངས་ཨུའི་གཞུང་ལས་ཁང་གི་སྐལ་བཟང་ཡེ་ཤེས་ལ་བྱ་དགའ་ཨང་གཉིས་པ་ཐོབ། རང་ཁུལ་བསང་ཆུ་རྫོང་གི་ཡིག་མཁན་ཐུབ་བསྟན་རྒྱ་མཚོ་དང་ཀླུ་ཆུ་རྫོང་གི་ཡིག་མཁན་ཤིས་ཚང་སྒར་གསར་དགོན་པའི་བསྟན་འཛིན་རྒྱ་མཚོ་ལ་བྱ་དགའ་ཨང་གསུམ་པ།  སི་ཁྲོན་ཞིང་ཆེན་རྔ་བ་རྫོང་སྒོ་མང་དགོན་པའི་ཡིག་མཁན་ཕུན་ཚོགས་ཐུབ་ཆེན་ལ་བྱ་དགའ་ཨང་གསུམ་པ་ཐོབ།  


      ཐེངས་འདིའི་འགྲན་བསྡུར་ཆེན་མོའི་ཁྱབ་རྒྱ་ཆེ་བ་སྟེ། བརྩམས་ཆོས 302ནི་བོད་ལྗོངས་དང་ཀན་སུའུ། མཚོ་སྔོན། སི་ཁྲོན། ཡུན་ནན། པེ་ཅིན། ཧྲན་ཞི་སོགས་ཞིང་ཆེན་དང་རང་སྐྱོང་ཁུལ་གྱི་བོད་ཡིག་ཡིག་མཁན172ཀྱི་ལག་ནས་ཐོན་པས།འགྲན་ཞུགས་མི་གྲངས་དང་བརྩམས་ཆོས་ཀྱི་གྲངས་ཀ  བྱ་དགའི་མ་དངུལ་བཅས་ཀྱིས་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་ལོ་རྒྱུས་ཟིན་ཐོ་གསར་བ་བསྐྲུན་ཡོད། འགྲན་བསྡུར་དུ་ཐེ་བའི་བརྩམས་ཆོས་དག་ནི་བརྗོད་དོན་ཟབ་ཅིང་རྒྱ་ཆེ་བ། བྲིས་རྒྱུན་དག་ཅིང་ལེགས་ཆ་འཛོམས་པས། བོད་ཀྱི་ཡིག་མཁན་རྣམས་ཀྱིས་འབྲི་རྩལ་ཐད་ཀྱི་རྒྱུན་འཛིན་དང་གསར་གཏོད་གང་ལེགས་ཀྱིས་མཚོན་འདུག  ཆེད་མཁས་པ་རྣམས་ཀྱིས་འགྲན་ཞུགས་བརྩམས་ཆོས་དག་གིས་དེང་སྐབས་བོད་ཁུལ་གྱི་ཡིག་གཟུགས་བརྩམས་ཆོས་ཀྱི་ཆེས་མཐོའི་ཆུ་ཚད་མཚོན་ཡོད་པས་གསར་སྐྱེས་གཞོན་རབས་པའི་བོད་ཀྱི་ཡིག་གཟུགས་བརྩམས་ཆོས་གཅིག་བསྡུས་སུ་བཀྲམ་པའི་སྒྱུ་རྩལ་གྱི་སྟོན་ཆེན་འཐོབ་དཀའ་བ་ཞིག་ཏུ་འདོད།


         ཁུལ་ཨུའི་དྲིལ་བསྒྲགས་པུའུ་དང་ཀན་ལྷོ་ཉིན་རེའི་གསར་འགྱུར་ཁང་། ཁུལ་རིག་གནས་དང་རྒྱང་སྒྲོག་བརྙན་འཕྲིན་ཅུས་སོགས་སྡེ་ཁག་དང་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་དང་། བོད་ལྗོངས་ཡིག་གཟུགས་མཁས་པའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལྷག་པ་ཚེ་རིང་དང་མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་རིག་གཞུང་དུས་དེབ་རྩོམ་སྒྲིག་ཁང་གི་ཀྲུའུ་རེན་དོན་གྲུབ་ཚེ་རིང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རྩོམ་སྒྲིག་རྒྱང་བསྒྲགས་ཁང་གི་ཀྲུའུ་རེན་འཇིགས་མེད་ཆོས་འཕགས། སི་ཁྲོན་ཞིང་ཆེན་རྔ་བ་རྫོང་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་དགེ་མང་འཇམ་དཔལ་སོགས་ཁུལ་ཕྱི་ནང་གི་མཁས་པ་དང་། ཡིག་གཟུགས་མཁས་ཅན་འགྲེམ་སྟོན་གྱི་མཛད་སྒོར་ཞུགས།



       ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་དང་ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས། འགྲན་ཞུགས་ཡིག་མཁན་དང་གྲོང་ཁྱེར་གྱི་མང་ཚོགས་མི300ལྷག་ཉིན་དེའི་བྱ་འགུལ་དུ་ཞུགས།།

གསར་འགོད་པ་བཀྲ་ཤིས་ཚེ་རིང་གིས།


会员登录
登录
我的资料
留言
回到顶部