འབྲི་རུ་རྫོང་ཡིག་གཟུགས་གསོ་སྦྱོང་གླིང་བཙུགས་པ།
2018-11-08 15:03来源:སུམ་པ་འཕྲིན་སྟེགས།作者:མི་གསལ།  རྩོམ་སྒྲིག་པ་བྱ་མདོ་སྐྱ་རེངས།浏览数:1459 
文章附图


འབྲི་རུ་རྫོང་ཡིག་གཟུགས་གསོ་སྦྱོང་གླིང་བཙུགས་པ།

   2018ལོའི་ཟླ་བ11ཚེས6ཉིན་འབྲི་རུ་རྫོང་ཨུད་དང་རྫོང་མི་དམངས་སྲིད་གཞུང་། རྫོང་སློབ་གསོ་ཅུད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་མཆོག་གིས་སློབ་དེབ་ཀྱི་ཐོག་ནས་སློབ་སྦྱོང་བྱེད་དགོས་ལ། ལག་ལེན་གྱི་ཐོག་ནས་སློབ་སྦྱོང་བྱེད་དགོས་གསུངས་པའི་དགོངས་དོན་ལྟར་འབྲི་རུ་རྫོང་དུ་བོད་ཡིག་ཡིག་གཟུགས་གསོ་སྦྱོང་གླིང་གསར་དུ་བཙུགས་ནས་འབྲི་རུ་རྫོང་ཡོངས་ཀྱི་སློབ་ཆུང་དང་བྱིས་གསོ་ཁང་ཁག་གི་དགེ་སློབ་རྣམས་ཡིག་གཟུགས་སྦྱོང་བརྡར་བྱ་ཡུལ“འབྲི་རུ་རྫོང་སློབ་ཆུང་གི་བོད་སྐད་ཡིག་ཡིག་གཟུགས་གསོ་སྦྱོང་གླིང་”ཞེས་པ་འདི་འབྲི་རུ་རྫོང་སློབ་ཆུང་དང་པོ་རུ་སྒོ་འབྱེད་བྱས་པ་རེད།


微信图片_20181108145409.jpg


སྒོ་འབྱེད་ཀྱི་མཛད་སྒོར་ཕེབས་པའི་དབུ་ཁྲིད་ནི་འབྲི་རུ་རྫོང་གི་རྫོང་དཔོན་གཞོན་པ། སློབ་གསོ་ཅུད་ཀྱི་ཏང་ཨུད་ཧྲུའུ་ཅི། སློབ་གསོ་ཅུད་ཀྱི་ཅུད་ཀྲང་དམ་ཆོས་རིན་ཆེན་དང་སློབ་ཆུང་གཉིས་པའི་ཧྲུའུ་ཅི་སྐྱིད་གྲུབ། སློབ་ཆུང་གསུམ་པའི་སློབ་སྤྱི་རྡོ་རྗེ་བཀྲ་ཤིས་སོགས་སློབ་གྲྭ་ཁག་གི་འགན་འཁུར་དབུ་ཁྲིད་སོགས་ཕེབས་ཡོད་པ་རེད།


微信图片_20181108145419.jpg


སྒོ་འབྱེད་ཀྱི་གོ་རིམ་དང་པོ་ནི་ཡིག་གཟུགས་གསོ་སྦྱོང་གླིང་གི་དགེ་རྒན་བསླབ་གསུམ་གྱིས་གསུང་བཤད་གནང་བ།


微信图片_20181108145423.jpg


གོ་རིམ་གཉིས་པ་ཡིག་གཟུགས་གསོ་སྦྱོང་གླིང་གི་སློབ་མའི་ཚབ་མི་བསམ་དཀར་གྱིས་གཏམ་བཤད་བྱས་པ།  གོ་རིམ་གསུམ་པ་རྫོང་དཔོན་གཞོན་པ་དམ་ཆོས་རིན་ཆེན་མཆོག་གིས་གལ་ཆེན་གསུང་བཤད་གནང་བ་མ་ཟད་དགེ་རྒན་དང་སློབ་མ་རྣམས་ལ་བོད་ཡིག་ཡིག་གཟུགས་ཚུད་པའི་འབྲི་རུའི་སློབ་གསོ་ལ་ལེགས་སྐྱེས་འབུལ་དགོས་པའི་བཀའ་སློབ་གང་མང་གནང་། འབྲི་རུ་རྫོང་སློབ་ཆུང་དང་པོའི་སློབ་སྤྱི་སྤེན་པ་ལགས་ནས་གསུང་བཤད་དང་སྒོ་འབྱེད་མཛད་སྒོའི་ཕྱོགས་བསྡོམས་བྱས།


微信图片_20181108145437.jpg


微信图片_20181108145427.jpg


མཇུག་ཏུ་དབུ་ཁྲིད་རྣམས་དང་དགེ་སློབ་ཡོངས་བོད་ཡིག་ཡིག་གཟུགས་གསོ་སྦྱོང་གླིང་གི་སྒོ་བྱང་བཀལ་ནས་དེ་ནས་སློབ་ཁང་ནང་དུ་གཟིགས་སྐོར་ཕེབས་པ་དང་མཚན་རྟགས་བཀོད་ནས་བྱེད་སྒོ་ཡོངས་སུ་མཇུག་བསྡུས་པ་རེད། དེ་ཉིན་ནས་བཟུང་རེས་གཟའ་ཕུར་བུའི་ཉིན་གུང་དང་། གཟའ་སྤེན་པ་དང་ཉི་མའི་དུས་ཚོད་བེད་སྤྱད་ནས་འབྲི་རུ་རྫོང་ཐོག་གི་སློབ་ཆུང་གསུམ་དང་བུ་བཅོལ་ཁང་གསུམ་བཅས་ཀྱི་དགེ་རྒན་ཡོངས་ལ་བོད་ཡིག་ཡིག་གཟུགས་ཀྱི་གསོ་སྦྱོང་བྱེད་རྒྱུའི་གཏན་ཁེལ་བྱས་པ་རེད།


微信图片_20181108145437.jpg


微信图片_20181108145443.jpg


微信图片_20181108145447.jpg


微信图片_20181108145453.jpg


微信图片_20181108145511.jpg


微信图片_20181108145501.jpg


微信图片_20181108145506.jpg


微信图片_20181108145517.jpg


微信图片_20181108145600.jpg


微信图片_20181108145615.jpg


微信图片_20181108145622.jpg


微信图片_20181108145638.jpg

会员登录
登录
我的资料
留言
回到顶部