ཡིག་བྲིས་པ་ཁོ་ལེའམ་ཁྱུང་སྲས་ཀྱི་ངོ་སྤྲོད་མདོར་བསྡུས།
2018-10-30 08:03来源:བོད་ཀྱི་ཡིག་གཟུགས་དྲ་བ།作者:བྲིས་པ། ཁོ་ལེ། རྩོམ་སྒྲིག་པ་ཧེ་རམ་པ།浏览数:304 


      ཁོ་ལེ། སྨྱུག་མིང་ལ་ཁྱུང་སྲས་སུ་འབོད། 1976ལོར་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་བྲག་དཀར་རྫོང་ནས་སྐྱེས། 2000ལོ་ནས2002ལོའི་བར་སློབ་ཆེན་འགྲིམ་སྐབས། དགེ་རྒན་དམ་པ་མཚོ་སྐྱེས་སམ་རྨོག་རུ་དོན་གྲུབ་ཚེ་རིང་ལས་དབུ་མེད་སུག་རིང་གི་སྐོར་ལ་སློབ་སྦྱོང་བྱས། 2008ལོར་ཡང་བསྐྱར་རྒན་ཁོང་ལས་དབུས་བྲིས་སུག་རིང་དང་། སུག་ཐུང་། ཚུགས་བྲིས། རྒྱུགས་བྲིས་བཅས་ལ་འབྲི་སྦྱོང་བྱེད་པའི་སྐལ་བ་ལྡན། 2015ལོའི་ཟླ7པར། མཚོ་སྔོན་དགེ་འོས་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གིས་གཙོ་སྒྲུབ་གནང་བའི་མཚོ་སྔོན་ཞིང་ཆེན"ཐོན་མིའི་ཡིག་རྒྱུན"ཡིག་གཟུགས་གསོ་སྦྱོང་འཛིན་གྲྭར་ཞུགས་ཏེ། བོད་ཀྱི་ཡིག་མཁན་ཆེན་མོ་ལྷ་ཁང་བློ་བཟང་རྡོ་རྗེ་མཆོག་ལས་གཙང་བཀྲ་ཤིས་ལྷུན་པོའི་རྩེ་སློབ་གྲྭའི་ཁུངས་ལྡན་ཡིག་གཟུགས་གཙང་བྲིས་ཚུགས་ཆེན་དང་ཚུགས་ཆུང་། ཚུགས་མ་འཁྱུག་བཅས་དང་། སྙེ་འཕྲིན་ལས་རྒྱལ་མཚན་ལས་རྒྱལ་བའི་བཀའ་དང་བསྟན་བཅོས་འབྲི་བཞེངས་བྱེད་པའི་ཚད་ལྡན་ཡིག་གཟུགས་སྙེ་བྲིས་དང་སྔོན་མ་གཞུང་ཕྱོགས་ཀྱིས་བཀའ་རྒྱ་གཏོང་བྱེད་ཀྱི་ངེས་གཏན་ཡིག་གཟུགས་གཞུང་བྲིས། མཆོག་སྤྲུལ་མི་ཕམ་རྣམ་རྒྱལ་ལས་བཀའ་བརྒྱུད་བྲབ་བྲིས་དང་ནང་བྲིས་ནོར་བུ་མ། ཨ་ཁུ་ངག་དབང་རྒྱ་མཚོ་ལས་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཏེ། མགོ་ལོག་སྡེར་ནང་ས་བྲིས་བཅས་བོད་ཡིག་གཟབ་གཤར་གཉིས་ཀྱི་བྲིས་རྒྱུན་ཆེན་མོ་བརྒྱད་ཀྱི་ཁྲིད་རྒྱུན་ཐོབ།

ད་ལྟ་བྲག་དཀར་རྫོང་མི་རིགས་སློབ་འབྲིང་གཉིས་པ་རུ་དགེ་རྒན་གྱི་ལས་ཀ་གཉེར་གྱིན་མཆིས།






























དགེ་རྒན་ཁོ་ལེས་བརྩམས་པའིདབུ་མེད་ཡིག་གཟུགས་བློ་གསལ་ཕན་གྲོགསཞེས་པ་མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་ནས་དངོས་སུ་པར་སྐྲུན་ལེགས་འགྲུབ་བྱུང་། དེབ་འདི་ལ་མཚོན་ན། མགོ་ཡིག་གཟུགས་ལ་འཇུག་པའི་སྟ་གོན་ནས་མཇུག་ཡིག་གཟུགས་ཀྱི་མཐའ་མའི་སྦྱངས་གོམས་བར་གོ་རིམ་བསྒྲིགས་པ་ཞིབ་ཚགས་ལྡན་པར་མ་ཟད། གསལ་བྱེད་སུམ་ཅུ་ལའང་འབྲི་དཀའ་སླའི་རིགས་བཀར་ནས་འབྲི་སྦྱོང་བྱེད་ཚུལ་བར་དུ་བཅུག་ཡོད་པས། གསར་སློབ་པ་དག་ལ་མཚོན་ན། དུས་ཚོད་ཐུང་ངུའི་ནང་སྦྱངས་པ་མཐར་ཐོན་པའི་ཁྱད་ཆོས་ལྡན་པས། ངེས་དོན་གྱིས་བློ་གསལ་རྣམས་ལ་ཕན་པའི་གྲོགས་ལྟ་བུའི་དེབ་སྤུས་ལེགས་ཤིག་ཏུ་མངོན་ནོ།།

会员登录
登录
我的资料
留言
回到顶部