设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

བཀྲ་ཤིས་ནོར་བུ།

 二维码 4906
发表时间:2018-10-05 00:14作者:བཀྲ་ཤིས་དནོར་བུ། རྩོམ་སྒྲིག་པ་ཧེ་རམ་པ།来源:བོད་ཀྱི་ཡིག་གཟུགས་དྲ་བ།

       དངོས་མིང་། བཀྲ་ཤིས་ནོར་བུ།   སྨྱུག་མིང་། ལྷོ་ཡི་དྲི་བཞོན།   སྤྱི་ལོ༡༩༩༤ལོའི་ཟླ་༤པར་བོད་ལྗོངས་ལྷོ་ཁ་ས་ཁུལ་ལྷོ་བྲག་རྫོང་ལྷ་ཁང་གྲོང་བརྡལ་དུ་ལྟེ་ཁྲག་འཕོས། ཆུང་དུས་ནས་ཕ་མ་བཟང་པོ་བཀའ་སློབ་དང་སློབ་དཔོན་བཟང་པོའི་གདམས་ངག་འོག་རང་རིགས་ཀྱི་རིག་གནས་ལ་སྦྱང་བརྩོན་བྱེད་པར་བློ་སྒོ་ཕྱེ་བ་དང་།ལྷག་པར་དུ་བྱེ་བྲག་བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་ལ་སྦྱང་པ་བྱེད་པར་དེ་བས་སྤྲོ་བ་ཞིག་ཏུ་འགྱུར་ཡོད།

        ཁོ་བོ་༢༠༡༧ལོར་བོད་ལྗོངས་ལྷ་ས་དགེ་འོས་སློབ་ཆེན་ནས་མཐར་ཕྱིན།   ད་སྐབས་ཁོ་བོས་རང་ཉིད་ཀྱི་དགའ་ཕྱོགས་དེ་རྒྱུན་བསྐྱངས་ནས། དུས་དང་རྣམ་པ་ཀུན་དུ་འབད་བརྩོན་ལྷོད་མེད་བྱེད་བཞིན་མཆིས།དེ་དང་ལྷན་དུ་ལྷག་བསམ་གངས་ལ་འགྲན་པའི་སློབ་དཔོན་མི་ཉུང་བ་ཞིག་གིས་རིན་བྲལ་བཀའ་སློབ་གཅིག་རྗེས་གཉིས་མཐུད་གནང་བས་ད་ལྟ་གྲུབ་འབྲས་གང་ལ་གང་ཙམ་ཞིག་ཐོབ་ཡོད།

         དེ་སྔོན་ཡིག་གཟུགས་བྲི་བའི་རྒྱུད་རིམ་ཁྲོད། སློབ་ཆེན་ནང་སྤེལ་བའི་ཡིག་གཟུགས་འགྲན་བསྡུར་ནང་དབུ་ཅན་ཡིག་གཟུགས་ཨང་དང་པོ་གཉིས་པ་ཁ་ཤས་ཐོབ་པ་དང་༢༠༡༧ལོར་བོད་ལྗོངས་ཚངས་དབྱངས་རྒྱ་མཚོའི་རིག་གནས་དུས་ཆེན་ཐེངས་དང་པོའི་བོད་ཡིག་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་ནང་ཕུལ་བྱུང་བྱ་དགའ་དང་བོད་ཀྱི་ཡིག་མཁན་བརྒྱ་ཡི་ “སྣང་ཆེན་བཞི་དང་དགའ་ཞེན་བཞིའི་ ”བརྗོད་བྱ་གཙོ་བོའི་འཕྲིན་ཕྲན་འགྲེམ་སྟོན་དང་ཏང་གི་ཚོགས་ཆེན་བཅུ་དགུ་པ་སྤྲོ་བས་བསུ་བའི་བོད་ཀྱི་དེང་རབས་ཀྱི་མཛེས་རིས་དང་།   ཡིག་གཟུགས་འགྲེམ་སྟོན་ནང་འགྲེམས་བཞུགས་ལག་འཁྱེར་ཐོབ་པ་སོགས།

      ད་ལྟའི་གྲུབ་འབྲས་དེ་རྣམས་ནི་ཁོ་བོར་ལྷག་བསམ་ཟོལ་མེད་ཀྱིས་བཀའ་སློབ་གནང་མཁན་གྱི་བཤེས་གཉེན་རྣམ་པའི་བཀའ་དྲིན་ཡིན་པས། ཁོ་བོས་སོར་བཅུའི་ཐལ་མོ་སྙིང་ཁར་སྦྱར་ནས་སློབ་དཔོན་རྣམས་ལ་སྙིང་ཁོངས་རུས་པའི་གཏིང་ནས་བཀྲིན་ཆེ་ཞུ་བ་མ་ཟད་ཁྱེད་རྣམས་མཛད་འཕྲིན་ཡར་ངོའི་ཟླ་ལྟར་འཕེལ་བའི་སྨོན་འདུན་ཞུ།

         ༢༠༡༧ལོར་བོད་ཀྱི་ཡིག་མཁན་ཆེ་མོ་རྒན་འགྱུར་མེད་ཚུལ་ཁྲིམས་མཆོག་གི་སྐུ་དྲུང་ནས་ལཉྩའི་ཡིག་གཟུགས་ལ་སྦྱང་འགོ་བཙུགས་པ་དང་། ༢༠༡༧ནས་འགོ་བརྩམས་ཏེ་རྒྱལ་ཁབ་རིམ་པའི་དགེ་རྒན་ཆེན་མོ་དང་དབང་རྡོ་དགོན་གསང་བདག་རྡོ་རྗེ་ལགས་ཀྱི་སྐུ་དྲུང་ནས་གཞུང་བྲིས་ཚུགས་རིང་ཐུང་དང་དགེ་རྒན་ཆེན་མོ་གླིང་དབོན་པདྨ་སྐལ་བཟང་ལགས་ཀྱི་སྐུ་དྲུང་ནས་འཁྱུག་ཡིག་ལ་སྦྱོང་བརྩོན་བྱས།   ཚེ་སྔོན་སྨོན་ལམ་བཟང་པོས་༢༠༡༨ལོར་དབུས་ལྷ་སར་རྒྱལ་ཁབ་རིམ་པའི་སྡེར་ས་བྲིས་བརྒྱུད་འཛིན་པ་རྒན་སེང་གེ་དར་རྒྱས་མཆོག་གི་སྐུ་དྲུང་ནས་སྡེར་ནང་ས་བྲིས་ཀྱི་བྲི་རྒྱུན་དངོས་ཐོབ།

        བརྗོད་འདོད་པའི་སྐད་ཆ་ནི་༼     རང་སྐད་ནི་སྲོག་ཡིན་པས་རྟག་ཏུ་སྤྱོད་པར་འཚལ།   ༽   མ་འོངས་ལོ་ཟླའི་ནང་ཁོ་བོས་གྲུབ་འབྲས་ཆུང་ཆུང་དེ་འདྲ་ཞིག་ལ་ཡིད་ཚིམས་ནས་མ་སྡད་པར་སྔར་ལས་ལྷག་པའི་འབད་བརྩོན་བྱེད་རྒྱུའི་གདམ་བཅའ་སྙིང་ལ་བརྟེན་པོར་བཅངས་ཡོད།

         ཁོ་བོ་ད་ལྟ་བོད་ལྗོངས་ལྷ་ས་གངས་བརྩེ་དམངས་གཉེར་སློབ་གྲྭར་རང་ཉིད་ཀྱིས་ཤེས་པའི་ཡིག་གཟུགས་རྣམས་སློབ་མ་རྣམས་ལ་བརྒྱུད་སྤྲོད་བྱེད་པ་དང་སློབ་མས་རང་མི་རིགས་ཀྱི་སྲོལ་རྒྱུན་ཡིག་གཟུགས་ལ་དགའ་ཞེན་དང་འབད་བརྩོན།བེད་སྤྱོད་སོགས་བྱེད་པའི་སྐུལ་འདེད་ཡང་ཡང་བྱས་ནས་རང་མི་རིགས་ཀྱི་ཕུན་སུམ་ཚོགས་པའི་མེས་པོའི་ཕྱག་རྒྱུན་གོང་འཕེལ་ཡོང་བར་རང་ནུས་ཅུང་ཟད་འདོན་མུས་སུ་མཆིས།






上一页 1 2 下一页