རྐང་ཚ་བ་དྷརྨ་བཛྲ་ནི་སྤྱི་ལོ༢༠༠༠ལོའི་ཟླ༩པའི་ཚེས་༢༨ཉིན་རྨ་ཡུལ་དགའ་བདེའི་ལུང་ཡག་གཡང་སྡེ་ཕྱུག་མོའི་འབྲོག་ཁྱིམ་དཀྱུས་མ་ཞིག་ནས་སྐྱེས་ཤིང་ཆུང་དུས་ནས་ས་གནས་སློབ་གྲྭ་ཆུང་འབྲིང་དག་ལ་འགྲིམ། ད་ལྟའང་མཐོ་འབྲིང་སློབ་མ་ཞིག་གི་མིང་བྱང་ཁུར་ནས་མི་ཚེའི་དོན་སྙིང་འཚོལ་བཞིན་ཡོད།
|