གངས་ཅན་ཡིག་གཟུགས་ཀུན་བཏུས་སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་སྤེལ་སྐྲུན་འགྲེམ་སྤེལ་བྱས་པ།
2018-07-28 13:48浏览数:256 

    《གངས་ཅན་ཡིག་གཟུགས་ཀུན་བཏུས》པར་བསྐྲུན་འགྲེམ་སྤེལ་བྱས།



             ཉེ་ཆར་བོད་ཀྱི་བྲིས་གཟུགས་སྒྱུ་རྩལ་པ་གྲགས་ཅན་དགེ་རྒན་དཔག་བསམ་དོན་གྲུབ་མཆོག་གིས་བྲིས་གནང་མཛད་པའི《གངས་ཅན་ཡིག་གཟུགས་ཀུན་བཏུས》སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་ནས་པར་བསྐྲུན་འགྲེམ་སྤེལ་བྱས།


    20180726



           འདི་ནི་སི་ཁྲོན་བོད་ཁུལ་གྱི་བྲིས་གཟུགས་སྒྱུ་རྩལ་གྱི་རིན་ཐང་མངོན་པར་མཐོ་བའི་བརྩམས་ཆོས་ཕྱོགས་བསྡུས་བྱས་ནས་གྲུབ་པའི་བརྩམས་པོད་ཞིག་ཡིན་ལ།   ལང་ཚོའི་མེ་ཏོག་གཞི་རིམ་སློབ་གསོའི་ལས་རྐང་དུ་བཞད་དེ་བགྲང་བྱ་སུམ་ཅུ་ཙམ་གྱི་དུས་ཡུན་རིང་མོའི་ཁྲོད་དུ།


    20180726


            གནའ་དཔེ་དང་དཔྱད་གཞི་ཡིག་ཆ་གང་མང་ནས་འཚོལ་བསྡུ་དཔེ་ཀློག་བྱས་ཤིང་། བོད་ཡིག་བྲིས་གཟུགས་ཐད་ལ་སྦྱོང་བ་དང་ཞིབ་འཇུག་གིས་བརྩོན་པའི་རྒྱུན་བསྐྱངས།  ལྡེབས་རིས་དང་། པར་ཤིང་། རྡོ་རིང་གི་ཡི་གེ་སོགས་ལ་འཚོལ་ཞིབ་བྱས་ཤིང་། བོད་རིག་པའི་ཆེད་མཁས་དང་། མཁས་དབང་དག་གི་མཛུབ་སྟོན་འོག་ནས་བོད་ཁུལ་གྱི་ས་ཆ་གང་མང་དུ་དངོས་སུ་རྟོག་ཞིབ་ཀྱི་གོ་སྐབས་ཐོབ་པ་དང་། སྒྱུ་རྩལ་ལ་དགའ་ཞེན་གྱིས་མདུན་ནས་ཁྲིད་ཅིང་རང་ས་རང་ཡུལ་གྱི་རིག་གནས་པའི་འགན་འཁྲི་དང་དུ་བླངས་ནས་བགྲང་བྱ་གང་མང་གི་རིང་ལ་བརྩོན་པ་བསྐྱེད་པའི་གྲུབ་འབྲས་སུ་སྲོལ་རྒྱུན་བརྒྱུད་འཛིན་དང་སྔོན་མེད་གསར་གཏོད་རང་བཞིན་གྱི་བྲིས་གཟུགས་ཕྱོགས་བསྡུས་ཀྱི་བརྩམས་པོད་འདི་ཉིད་ཀུན་གྱི་སྤྱན་ལམ་དུ་བཤམས་ཡོད་པ་འདིའོ།།


    20180726


             ཁོང་གིས་གསུང་རྒྱུར།“ངས་ཡིག་གཟུགས་འབྲི་བཞིན། སྒྱུ་རྩལ་གྱི་བྲོ་བ་མྱོང་། ངས་སྒྱུ་རྩལ་གྱི་རིན་ཐང་འཚོལ་བཞིན། སེམས་ཀྱི་ཟབ་ས་ན་ཉུལ་ལ། ཟང་ཟིང་གི་ཚོར་བའི་གསེབ་ཏུའང་ཉུལ། ངས་ཐམས་ཅད་རྙེད་མི་སྲིད་ཀྱང་། ངས་ཐམས་ཅད་འཚོལ་ངེས་ཡིན། གང་ཡིན་ཞེ་ན། སྒྱུ་རྩལ་གྱི་རིན་ཐང་ནི་གཞལ་དུ་མེད་ལ། ང་ལ་ཡང་ཞུམ་མེད་ཀྱི་སྟོབས་ཤུགས་ཤིག་བསྩལ་བས་སོ།།”ཞེས་ཡིག་གཟུགས་དང་སྒྱུ་རྩལ་ནི་ཁོང་གི་སེམས་བསམ་པའི་ཟབ་ས་ཞིག་གི་དམིགས་བྱ་དེ་ཡིན་ལ། དམིགས་བྱ་དེར་འཚོལ་སྙེགས་བྱེད་པར་ཞུམ་མེད་ཀྱི་སྙིང་སྟོབས་ཤིག་ལ་ཆོད་སེམས་ཀྱི་དཔའ་དཔུང་ཞིག་གིས་ཀུན་ནས་བཅིངས་ཡོད་པའོ།།


    20180726

    དཔེ་དེབ་ཀྱི་ཁྱད་ཆོས་གཙོ་བོ་ནི།

    གཅིག


          བརྩམས་ཆོས་པོ་ཏི་འདི་ཉིད་དུ་བོད་ཡིག་གི་བྲིས་གཟུགས་སྣ་ཁ༦༠ལྷག་གི་ཡིག་གཟུགས་དང་དེ་ངོ་སྤྲོད་བྱས་ཡོད་པར་བརྟེན། བོད་ཡིག་གི་བྲིས་གཟུགས་ཞིབ་འཇུག་བྱེད་པར་གསོན་ཉམས་ལྡན་པའི་དཔེ་ཆ་ཞིག་ཁ་སྐོང་བ་དང་། བོད་ཡིག་གི་བྲིས་གཟུགས་རྒྱུན་སྤྱོད་འཚོ་བའི་ཁྲོད་ཀྱི་སྤྱོད་སྒོ་དང་བརྒྱུད་འཛིན་ཐད་ལ་གྲུབ་འབྲས་ལེགས་པོ་ཐོབ་པར་དཔེ་སྟོན་རང་བཞིན་གྱི་ནུས་པ་གལ་ཆེན་ཐོན་པ་རེད།


    གཉིས།

            རྒྱ་བོད་ཡིག་གཉིས་ཀྱི་ལམ་ནས་ཡིག་གཟུགས་ཀྱི་ལོ་རྒྱུས་ངོ་སྤྲོད་གནང་ཡོད་པས། བོད་ཀྱི་ཡིག་གཟུགས་ལ་དགའ་མོས་ཅན་ཚོས་དཔེ་ཀློག་དང་ཉར་ཚགས་ཀྱི་རིན་ཐང་ལྡན་པ་ཡིན།



    20180726


    གསུམ།

               བརྩམས་པོད་འདིར་དམིགས་བསལ་གྱི་ཁྱད་ཆོས་ལྡན་ལ།   ཐང་གའི་མཐའ་རྒྱན་ལྟར་ཡིག་གཟུགས་ལ་མཛེས་བཟོ་བྱས་ཡོད་ལ། ཤེས་བྱ་བརྒྱུད་སྒྲོག་དང་སྒྱུ་རྩལ་བརྩམས་ཆོས་མཉམ་འདྲེས་བྱས་པ་ཞིག་ཡིན།


    20180726


    བཞི།

             ཤོག་བུའི་རྒྱུ་བཟང་ཞིང་དེབ་ཀྱི་སྤུས་ཀ་ལེགས་བས་བྲིས་གཟུགས་བརྩམས་ཆོས་འགྲེམ་སྟོན་ལ་དགེ་མཚན་བླ་ན་མེད་པ་ཐོན་ཡོད་ལ། དཔེ་ཆ་རང་ཉིད་ཀྱང་ཉར་ཚགས་ཀྱི་རིན་ཐང་ལྡན་པ་རེད།


    རྩོམ་པ་པོའི་ངོ་སྤྲོད།


    20180726


              དགེ་རྒན་དཔག་བསམ་དོན་གྲུབ་ནི་ཁམས་དཀར་མཛེས་རྫོང་གི་མི་ཡིན། ད་ལྟར་ཞིང་ཆེན་རིམ་པའི་ཡིག་གཟུགས་རྒྱུན་འཛིན་པ་དང་སི་ཁྲོན་ཞིང་ཆེན་སྨྱུག་ཐོགས་པ་མཐུན་ཚོགས་ཀྱི་རྒྱུན་ལས། སི་ཁྲོན་ཞིང་ཆེན་ཡོངས་ཀྱི“ཕུལ་བྱུང་རིག་གནས་དང་ལེན་པ་བཅུ”ཡི་མཚན་སྙན་ཐོབ་མཁན་དང་། སློབ་འབྲིང་གི་མཐོ་རིམ་དགེ་རྒན། དཀར་མཛེས་ཁུལ་སྨྱུག་ཐོགས་པ་མཐུན་ཚོགས་ཀྱི་ཚོགས་མི་དང་། དཀར་མཛེས་ཁུལ་བགྲེས་པོ་སྨྱུག་ཐོགས་པའི་མཐུན་ཚོགས་ཀྱི་ཚོགས་མི། དཀར་མཛེས་ཁུལ་བོད་ཡིག་གི་སྨྱུག་ཐོགས་པའི་མཐུན་ཚོགས་ཀྱི་ཚོགས་མི་བཅས་ཡིན་ཞིང་། ད་ལྟར་དཀར་མཛེས་རྫོང་མི་རིགས་སློབ་འབྲིང་དུ་བོད་ཀྱི་སྐད་ཡིག་སློབ་ཁྲིད་ཀྱི་ཕྱག་ལས་གནང་ནས་སློབ་མ་མང་པོ་བསྐྱངས་དང་སྐྱོང་བཞིན་ཡོད་པ་རེད།


    དཔག་བསམ་དོན་གྲུབ་ཀྱིས་པར་མཁོ་འདོན་གནང་།

    ཨོ་རྒྱན་གྱིས་བྲིས།རྩོམ་སྒྲིག་པ། མགར་རྒྱལ་སྲས།

    རྒྱུད་འགོད་རྩོམ་སྒྲིག་པ། ཧེ་རམ་པ།


会员登录
登录
我的资料
留言
回到顶部