རིག་གནས་འབྲེལ་འདྲིས་དམ་འཛིན་བྱས་ནས་སྔོན་ཐོན་སྲོལ་རྒྱུན་རྒྱུད་འཛིན་བྱེད་པ།
བསང་ཆུ་རྫོང་བོད་རིགས་སློབ་འབྲིང་གིས་ཀན་ལྷོའི་བོད་ཀྱི་ཡིག་མཁན་
མཐུན་ཚོགས་དང་མཉམ་འབྲེལ་སྒོས་ཡིག་གཟུགས་
འགྲེམ་སྟོན་གྱི་བྱེད་སྒོ་སྤེལ་བ།
ཀན་ལྷོའི་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱིས་བསང་ཆུ་རྫོང་བོད་རིགས་སློབ་འབྲིང་ལ་ཡིག་གཟུགས་ལེགས་སྐྱེས་འབུལ་བཞིན་པ།
མི་རིགས་ཀྱི་སྔོན་ཐོན་རིག་གནས་རྒྱུད་འཛིན་ནམ་ཕན་ཚུན་འབྲེལ་འདྲིས་དང་སློབ་སྦྱོང་ཤུགས་ཆེར་གཏོང་ཕྱིར། ༢༠༡༨ལོའི་ཟླ༦པའི་ཚེས་༣༠ཉིན་བླ་བྲང་བཀྲ་ཤིས་འཁྱིལ་བསང་ཆུ་རྫོང་བོད་རིགས་སློབ་འབྲིང་ནས་ཀན་ལྷོའི་ཡིག་མཁན་མཐུན་ཚོགས་དང་རྫོང་བོད་རིགས་སློབ་འབྲིང་གཉིས་ཀྱིས་མཉམ་འབྲེལ་ཡིག་གཟུགས་འགྲེམ་སྟོན་གྱི་བྱེད་སྒོ་སྤེལ་བ་ལེགས་འགྲུབ་བྱུང་།
བྲིས་པ་ལྷན་རྒྱས་དང་སློབ་གྲྭའི་མགོ་ཁྲིད་པའི་མཉམ་པར
བྲིས་པ་ཚོས་སློབ་གྲྭའི་གསུང་རབ་དཔེ་མཛོད་དུ་བཞུགས་མོལ་གནང་བཞིན་པ།
སློབ་གྲྭའི་མཛེས་རྩལ་སློབ་ཁང་དང་གསར་འཛུག་གནང་བཞིན་པའི་ཡིག་གཟུགས་སློབ་ཁང་ལ་གཟིགས་ཞིབ་བྱེད་པ།
ཡིག་གཟུགས་སྒྱུ་རྩལ་ལ་ཐིམ་པའི་སློབ་མ།
ཉིན་འདིའི་ཞོགས་པ་ཆུ་ཚོད་བཅུའི་སྟེང་། ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞིའམ་ཀན་སུའུ་ཞིང་ཆེན་མི་རིགས་དགེ་འོས་སློབ་གླིང་གི་མཛེས་རྩལ་སྡེ་ཁག་གི་ཏང་གཙོ། རྒན་སངས་རྒྱས་བཀྲ་ཤིས་དང་། རྫོང་སྲིད་གྲོས་ཀྲུའུ་ཞི་ཟུར་བ་ཀླུ་མོ་འཚོ། ཟམ་ཚ་ཚེ་རིང་དོན་གྲུབ། འཇིགས་མེད་ཆོས་དར་དང་ཁ་གྱ་འཇིགས་མེད། ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་དྲ་གཙོ་རྟ་མགྲིན་མགོན་པོ་སོགས་ཡིག་མཁན་༢༠ལྷག་ལྷན་འཛོམས་བྱུང་ཞིང་། སློབ་གྲྭའི་དགེ་སློབ་༡༤༠༠ལྷག་འགྲེམ་སྟོན་ལ་ཞུགས།
འགྲེམ་སྟོན་མཛད་སྒོའི་སྟེང་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་གཙོ་སངས་རྒྱས་བཀྲ་ཤིས་དང་། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཟུར་བ་ཀླུ་མོ་འཚོ། སློབ་གཙོ་ཚེ་དཔག་སྐྱབས་སོགས་ཀྱིས་བྱ་འགུལ་གྱི་དམིགས་ཡུལ་དང་དོན་སྙིང་སོགས་ཀྱི་ཆ་ནས་གཏམ་བཤད་གནང་ལ་ཤིས་ཚིག་ཕུལ། འགྲེམ་སྟོན་མཛད་སྒོ་མཇུག་རྫོགས་རྗེས་ཡིག་མཁན་དང་དགེ་སློབ་ཚང་མ་བཤམས་སྟོན་ལ་མཉམ་རོལ་བྱས།
ཐེངས་འདིའི་ཡིག་གཟུགས་བཤམས་སྟོན་ཁྲོད་དུ་ཕུལ་བྱུང་བརྩམས་ཆོས་བརྒྱ་ལྷག་གཟིགས་མོ་བའི་མིག་གི་ལོངས་སྤྱོད་དང་ཡིད་ཀྱི་དགའ་སྟོན་དུ་བཤམས་ཡོད་ལ། བྲིས་གཟུགས་ཀྱི་ཆ་ནས་དབུ་ཅན་དང་འཁྱུག་བྲིས། འབྲུ་ཚ་དང་སུག་རིང་། སུག་ཐུང་དང་ལན་ཝར་སོགས་རྣམ་གྲངས་བཅུ་ཕྲག་ལྷག་འདུས་ཡོད་པ་མ་ཟད། ཡིག་རྒྱུན་ཕལ་ཆེ་བ་མདོ་སྨད་ཀན་ལྷོའི་བྲིས་རྒྱུན་དུ་གྲགས་པའི༧་སྨོན་ལམ་ཡིག་རྒྱུན་ཁག་དང་བླ་བྲང་དགོན་པའི་༧ཨ་ཁུ་དཀོན་མཆོག་ཚང་གི་ཕྱག་རྒྱུན། ས་སྐྱའི་དུས་སུ་དར་ཁྱབ་ཆེ་བའི་བྲིས་རྙིང་སུག་རིང་དང་འབྲུ་ཚ་སོགས་ཡིན།
གཞན། ཡུལ་དངོས་ལྷན་འཛོམས་ཀྱི་གོ་སྐབས་དང་བསྟུན། ཡིག་མཁན་རྣམས་སློབ་གྲྭའི་ཡིག་གཟུགས་སློབ་ཁང་དང་མཛེས་རིས་སློབ་ཁང་། གསུང་རབ་དཔེ་མཛོད་སོགས་སུ་གཟིགས་ཞིབ་ལ་ཕེབས་པ་དང་། སློབ་གྲྭའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་གྱི་སྐོར་ལ་གཏམ་གླེང་སྣ་ཚོགས་བྱས།
གོང་གསོལ་གྱི་རྗེས་སུ་སློབ་གྲྭས་ཡིག་མཁན་རྣམས་ལ་ཕན་ཚུན་སློབ་སྦྱོང་དང་བསམ་བློ་བརྗེས་རེས་ཀྱི་མཐུན་རྐྱེན་བསྐྲུན་ཏེ་ཡུལ་དངོས་ནས་བྲིས་རྩལ་ངོམ་ལ། ཡིག་གཟུགས་བརྩམས་ཆོས་བརྒྱ་ལྷག་དགེ་སློབ་ཚོའི་འདུན་པ་ལྟར་འབྲི་གནང་མཛད།
ཐེངས་འདིའི་བྱེད་སྒོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་བའི་དགོངས་དོན་རྒྱུན་འཁྱོངས་དང་ཞི་ཅིན་ཕིང་གི་རིག་གནས་ཀྱི་སྟོབས་ཤུགས་ཆེར་སྐྱེད་གཏོང་པ་ཅེས་པའི་གསུངས་བཤད་ལག་བསྟར་བྱས་པའི་མཚོན་ཚུལ་དང་། ཕྱི་རབས་སློབ་བུ་རྣམས་ལ་སྲོལ་རྒྱུན་རིག་གནས་ཀྱི་བག་ཆགས་ཟབ་པའི་བྱ་འགུལ་གལ་ཆེན་ཞིག་ཡིན་པ་གོར་མ་ཆག་གོ།
加强文化交流 传承优秀传统
夏河县藏族中学开展“甘南州藏文书法家协会和夏河藏中联合书法交流展”活动
为传承优秀民族文化,加强交流与学习,2018年6月30日在夏河县藏族中学开展“甘南州藏文书法家协会和夏河藏中联合书法交流展”活动。
早上10时许,甘南州藏文书法家协会主席、甘肃民族师范学院美术系书记桑吉扎西同志,夏河县政协副主席鲁毛草同志,佛学院才让东知教授,著名书法家久美曲旦、卡加久麦,藏族书法网总编旦正贡保先生等20余名书法家,以及全校1400余名师生参加了书法展开幕仪式。
仪式上甘南州藏文书法家协会主席桑吉扎西,县政协主席鲁毛草,藏族中学校长才华杰作了重要讲话。开幕仪式结束后,大家一同参观了五楼展厅中陈列的优秀书法作品。
本次交流展上共展出优秀书法作品100余件,主要有乌坚、丘体、珠擦、草体、兰杂体等内容丰富、形式多样的全州优秀书法作品。
活动期间,为满足广大参观人员与全校师生的要求,书法家们现场撰写了100余幅作品,同时也创造了大家一同学习、一同交流、一同展示的机会,对全校师生及书法爱好者来说是一次难能可贵的学习机会。
གསར་འགོད་པ། མགོན་པོཚེ་རིང་། རྩོམ་སྒྲིག་པ་ཧེ་རམ་པ།
供稿:贡保才让 编辑:旦正贡保
|