设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

ཀན་ལྷོའི་ཡིག་མཁན་མཐུན་ཚོགས་ཅོ་ནེ་རུ་བོད་ཀྱི་ཡིག་མཁན་ཆེན་མོ་༧དྲུང་ཡིག་སྨོན་ལམ་རྒྱ་མཚོའི་ཕྱག་བྲིས་དངོས

 二维码 3962
发表时间:2018-06-11 15:01作者:དྲ་ཚིགས་རྩོམ་སྒྲིག་ཁང་།来源:བོད་ཀྱི་ཡིག་གཟུགས་དྲ་བ།

ཀན་ལྷོའི་ཡིག་མཁན་མཐུན་ཚོགས་ཅོ་ནེ་རུ་བོད་ཀྱི་ཡིག་མཁན་ཆེན་མོ་༧དྲུང་ཡིག་སྨོན་ལམ་རྒྱ་མཚོའི་ཕྱག་བྲིས་དངོས་ལ་མཇལ་དུ་ཆས་པ།


     ༢༠༡༨ལོའི་ཟླ༦ཚེས་༡༠ཉིན་གྱི་ཕྱི་དྲོ། ཀན་ལྷོའི་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་གཙོ་སངས་རྒྱས་བཀྲ་ཤིས་ལགས་ཀྱི་སྣེ་ཁྲིད་འོག   ཀན་ལྷོའི་ཡིག་མཁན་སྐོར་ཞིག་ཅོ་ནེ་རྫོང་གི་གཞི་རིམ་ལ་ཡིག་གཟུགས་འགྲེམ་སྟོན་དུ་ཕེབས་པའི་གོ་སྐབས་དང་བསྟུན། ཆེད་དུ་ཅོ་ནེ་ཉིན་པ་སློབ་གྲྭར་ཀན་ལྷོའི་བྲིས་རྒྱུན་གཙོ་བོ། བོད་ཀྱི་ཡིག་གཟུགས་རྩ་ཆེན་༧དྲུང་ཡིག་སྨོན་ལམ་རྒྱ་མཚོའི་དབུ་ཅན་དུ་གྲགས་པའི་ཕྱག་བྲིས་དངོས་ལ་མཇལ་དུ་ཆས་པ་ཡིན།

      ཅོ་ནེ་ཉིན་པ་སློབ་གྲྭ་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཅོ་ནེ་རྫོང་གི་ཁོངས་གཏོགས་ཉིན་པ་ཞང་ན་ཆགས་ཡོད་ལ། རྫོང་མཁར་དང་བར་ཐག་སྤྱི་ལེ་༩༣.༢ཙམ་དང་། ཀན་ལྷོ་གཙོས་གྲོང་ཁྱེར་དང་བར་ཐག་སྤྱི་ལེ་༩༦ཙམ་ཡོད། གཙོས་གྲོང་ཁྱེར་ནས་ལམ་ལ་ཆས་ན་ཕར་ཆེར་ཆུ་ཚོད་གཅིག་ཙམ་ནས་སློབ་གྲྭ་དེར་འབྱོར་ཐུབ།

     སློབ་གྲྭ་འདིར་༧དྲུང་ཡིག་སྨོན་ལམ་རྒྱ་མཚོ་མཆོག་གིས་༡༩༨༧ལོའི་ཟླ༡༠ཚེས༢༠ཉིན་ཕྱག་བྲིས་གནང་པའི་ཀུན་མཁྱེན་ལྔ་བ་ཆེན་མོས་རབ་བྱུང་༡༦པའི་ཆུ་རྟ་སྟེ་སྤྱི་ལོ་༡༩༤༣ལོའི་ཟླ༢ཚེས་༡༡ཉིན་བླ་བྲང་བཀྲ་ཤིས་འཁྱིལ་དུ་རྩེའི་སློབ་གྲྭ་ཐོག་མར་བཙུགས་ནས་དུས་ཡུན་རིང་བོ་མ་ལོན་པར་གསུངས་པའི་རྣམ་ཐར་དུ་གྲགས་པའི་སློབ་གཉེར་བསླབ་བྱ་དེ་ཡིན་ལ།  སློབ་གྲྭ་འདིས་ཁོང་གི་ཕྱག་སོར་ལས་འཁྲུངས་པའི་རིན་བྲལ་གཅེས་ནོར་འདི་ལོ་ངོ་སུམ་ཅུའི་རིང་ལ་བོད་ཀྱི་ཡིག་གཟུགས་ལས་ཡིག་མཁན་༧སྨོན་ལམ་རྒྱ་མཚོ་མཆོག་གི་ཕྱག་བྲིས་ལ་མཇལ་འདོད་མཁན་ཚོར་མིག་གི་དགའ་སྟོན་དང་སློབ་གྲྭའི་ཡིག་གཟུགས་ཁང་གི་ནང་རྟེན་གཙོ་བོར་ཉར་ཡོད།

     གཞན་ད་དུང་མཁས་དབང་༧དོར་ཞི་ཚང་དང་། མཁས་དབང་༧ བསེ་ཚང་བློ་བཟང་དབལ་ལྡན་མཆོག  དཔའ་རིས་སངས་རྒྱས། ཅོ་ནེ་གཡང་ཀྲིན། བློ་བཟང་དོན་གྲུབ་སོགས་ཀྱིས་སློབ་གྲྭར་གནང་པའི་ཕྱག་བྲིས་འགའ་ཡང་ཉར་ཚགས་བྱས་འདུག

      སློབ་གཙོ་རྟ་མགྲིན་དབང་རྒྱལ་ལགས་ཀྱིས་ཀན་ལྷོའི་བྲིས་པ་རྣམ་ལ་ཕྱག་བྲིས་རྣམས་ངོ་སྤྲོད་བྱེད་ཞོར།  ཡིག་གཟུགས་མཁན་དབང་རྣམ་པས་ཕྱག་བྲིས་གསོན་པོ་དེ་དག་ང་ཚོའི་སློབ་གྲྭར་གནང་པའི་ཐུགས་འདུན་ཟབ་མོ་དང་། ད་ལོ་ང་ཚོའི་སློབ་གྲྭས་ཡིག་གཟུགས་ཆེད་སྦྱོང་ཁང་འདི་གསར་དུ་བཙུགས་པ། དེ་རིང་ཡང་ཀན་ལྷོ་ཁུལ་གྱི་ཡིག་མཁན་མཐུན་ཚོགས་ཀྱི་བྲིས་པ་དགུ་རང་རེའི་སློབ་གྲྭར་ཕེབས་ནས་བརྩམས་ཆོས་ཕྱག་བྲིས་གནང་བ་སོགས་རྟེན་འབྲེལ་གསུམ་འཛོམས་ལ་བསམ་ན། རང་རེའི་སློབ་གྲྭར་བོད་ཀྱི་ཡིག་གཟུགས་ཀྱི་རྐང་ཡག་པོ་ཚུགས་ཐུབ་པའི་རྟེན་འབྲེལ་འགྲིག་ལ་སྨོན་ལམ་ཡག་བྱུང་ཟེར་ནས་ཡིག་མཁན་རྣམ་ལ་བརྩམས་ཆོས་རེ་འབྲི་རྒྱུའི་ཆ་རྐྱེན་བསྐྲུན།  ཀན་ལྷོའི་ཡིག་མཁན་རྣམས་ཀྱིས་ཀྱང་ཁོང་གི་རེ་བ་ལྟར་དུས་ཐོག་ནས་རང་རང་གི་སྨོན་འདུན་འདུས་པའི་ཡིག་གཟུགས་ཀྱི་ལེགས་སྐྱེས་རེ་ཕྱག་བྲིས་གནང་ནས་དྲན་རྟེན་དུ་བཞག། མཇུག་མཐར་སློབ་གཙོ་དང་ལྷན་དུ་མཉམ་པར་བརྒྱབ་ཅིང་མགྲོན་བསུ་དང་སྐྱེལ་མ་གཟབ་རྒྱས་གནང་།



བོད་ཀྱི་ཡིག་གཟུགས་མཁས་དབང་༧དྲུང་ཡིག་སྨོན་ལམ་རྒྱ་མཚོའི་ཕྱག་བྲིས།



༧བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་ཕྱག་བྲིས།



༧བསེ་ཚང་བློ་བཟང་དཔལ་ལྡན་མཆོག་གི་ཕྱག་བྲིས།




༧མཁས་དབང་དོར་ཞི་ཚང་གི་ཕྱག་བྲིས།



ཅོ་ནེ་བློ་བཟང་དོན་གྲུབ་གྱི་ཕྱག་བྲིས།



ནུབ་བྱང་མི་རིགས་སློབ་གྲྭའི་དཔའ་རིས་སངས་རྒྱས་ཕྱག་བྲིས།



ཅོ་ནེ་གཡང་ཀྲིན་གྱི་ཕྱག་བྲིས།


ཅོ་ནེའི་མགུར་གྲགས་ཀྱི་ཕྱག་བྲིས།






ཀན་ལྷའི་བྲིས་པ་རྣམས་ཀྱིས་ཉིན་པ་སློབ་གྲྭ་ནས་ལེགས་སྐྱེས་སུ་བྲིས་པའི་ཡིག་གཟུགས་བརྩམས་ཆོས།




སངས་རྒྱས་བཀྲ་ཤིས་ཀྱི་ཕྱག་བྲིས།



ཆོས་འཁོར་བསྟན་འཛིན་རྒྱ་མཚོའི་ཕྱག་བྲིས།





འཇིགས་མེད་ཆོས་དར་གྱི་ཕྱག་བྲིས།



ཁ་གྱ་འཇིགས་མེད་ཀྱི་ཕྱག་བྲིས།



རྟ་མགྲིན་མགོན་པོའི་ཕྱག་བྲིས།



མགོན་པོ་སྐྱབས་ཀྱི་ཕྱག་བྲིས།


བསོད་ནམས་ཚེ་རིང་གི་ཕྱག་བྲིས།


20180611.jpg

སློབ་གྲྭའི་མགོ་ཁྲིད་དང་བྲིས་པ་རྣམ་པའི་མཉམ་པར