མཐུ་སྟོབས་དབང་ཕྱུག
2018-06-08 23:23来源:ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ།作者:མཐུ་སྟོབ་དབང་ཕྱུག浏览数:788 



        སྨན༌པ༌ཡིག་བྲིས་པ་མཐུ་སྟོབས་དབང་ཕྱུག་ནི།༡༩༩༠ལོར་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་ལྷ་རྩེ་རྫོང་ཁོངས་སུ་སྔགས༌རྒྱུད༌ཀྱི༌སྐུ༌འབུམ༌བླ༌བྲང༌ཚང༌དུ༌སྐྱེས་ཤིང་རང་ལོ་བདུན་ཙམ་ནས་ལོ་དགུའི་འགན་བབས་སློབ་གསོ་དང་དུ་བླངས་རྗེས་མཐོ་འབྲིང་ལོ་གསུམ་གྱི་ཤེས་རིག་གི་ལམ་ལ་ཞུགས། དེ༌རྗེས་སློབ་ཆེན་ལ་བསྐྱོད་པའི་འགྲུལ་བཞུད་ཀྱི་ཁ་ལོ་བོད༌ཀྱི༌གསོ་རིག་གི་ལམ་ལ་བསྒྱུར་ཏེ་གཞིས་རྩེ་གྲོང་ཁྱེར་ཧའོ་དགོན་ཐར་ལམ་ཕན་བདེ་སྨན་ཁང་དུ་ལྷ༌རྗེ༌ཚེ༌དབང༌མཁས༌བཙུན༌སྒོ༌གསུམ༌དད༌འདུན༌དྲག༌པོས༌བསྟེན༌ནས༌བོད་ཀྱི་གསོ་བ་རིག་པ་སྤྱིའི༌རྨང༌གཞི༌ལག༌ལེན༌ཟུང༌འབྲེལ༌དང་ནུབ་ལུགས་གསོ་རིག་བཅས་ལ་སྦྱངས་པ་ལོ༌བདུན༌ཙམ༌བྱས་ཤིང་གསོ་རིག་གི་ལག་འཁྱེར་འཐོབ་པའི་བྱས་འབྲས་སྨིན། ཕྱིས་སླར་ཧའོ་དགོན་ཐར་ལམ་དམ་ཅན་མཚན་ཉིད་གླིང་དུ་བསྡུས༌གྲྭ༌ནང་རིག་ལ་ཐོས་བསམ་བྱས།ད༌ལྟ༌ལྷ༌རྩེ༌ལྷ༌རྒོད༌ཡིག༌ལྷན༌གྱི༌ཁོངས༌མི༌དང༌ཡུལ༌དེ༌གའི༌འགྲོ༌བ༌ནད༌པ༌གསོ༌བའི༌ལས༌ལ༌འབད༌མུས༌སོ།།

       རང༌སོའི༌དགའ༌ཞེན༌ལས༌ཆེད༌དུ༌བོད་ལྗོངས་ཡིག་གཟུགས་མཁས་དབང་རྒན་འགྱུར་མེད་ཚུལ་ཁྲིམས་ལགས་ཀྱི་བཀའ་སློབ་འཛུབ་སྟོན་འོག་བོད་ཡིག་ཡིག་གཟུགས་ཀྱི་ཐད་ལ་འབད་པ་བྱས་རྗེས་སྔ་གཞུག་ཏུ་གཞིས་རྩེ་གྲོང་ཁྱེར་དང་། ཆོས་ལུགས་ལས་དོན་དོ་དམ་ཁུལ། དངུལ༌ཆུའི༌སྐབས༌གཉིས༌པའི༌ཡིག༌འགྲན། སྐབས༌དང༌པོའི༌ཚངས༌དབྱངས༌རྒྱ༌མཚོའི༌རིག༌གནས༌བྱེད༌སྒོ༌སོགས་ནས་སྤེལ་བའི་ཡིག་གཟུགས་འགྲན་བསྡུར་ཁྲོད་ཨང་དང༌པོ། གཉིས་པ། གསུམ༌པ་དང༌ཕུལ༌བྱུང༌བྱ་དགའ་སོགས་ཐོབ་མྱོང་ཡོད༎


















































































会员登录
登录
我的资料
留言
回到顶部