设为首页 | 收藏本站
 
གསར་འགྱུར།新闻中心སྤྱི་བསྒྲགས།公告གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文ཐུན་མོང་འགྲེམ་སྟོན་ཁང་།集体展厅ས་ཁུལ་འགྲེམ་སྟོན་ཁང་།地区展厅ཡིག་གཟུགས་མཁས་དབང་།书法名家ཡིག་གཟུགས་མཁན་པོ།书法家ཡིག་གཟུགས་བྲིས་ཆེན།书法达人ཡིག་གཟུགས་བྲིས་ཆུང་།书法新秀ཡིག་གཟུགས་དགའ་ཞེན་པ།书法爱好者སྐྱེ་མའི་ཡིག་གཟུགས།女性书法展厅སློབ་རའི་འགྲེམ་སྟོན་ཁང་།校园展厅ཡིག་གཟུགས་དུས་ཆེན་ཆེད་སྒྲིག书法日专题བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家སྡེ་ཁག་འོས་སྦྱོར།团体推介ཡིག་གཟུགས་ཁེ་ལས།书法企业ཡིག་ཆ་ཕབ་ལེན།文件下载སྣ་ཚོགས་ཕབ་ལེན།其它下载

ཡིག་ཐམ་སྐོར་ཅུང་ཟད་གླེང་བ།

 二维码 16737
发表时间:2018-05-31 15:40作者:པདྨ་རྟ་མགྲིན来源:བོད་ཀྱི་ཡིག་གཟུགས་དྲ་བ།

ཅུང་ཟད་རིགས་པས་ཐམ་ག་གླེང་བ།


  ཐམ་ག་ནི་ཐེལ་རྩེའམ་དམ་ཕྲུག་ལ་ཟེར། དེའང་ཐེལ་རྩེ་ནི་ང་ཚོས་རྒྱུན་དུ་སྤྱོད་པའི་ཁ་སྐད་དུ་བསམ་ཞིང་། དམ་ཕྲུག་ནི་སྔོན་དོ་ནན་པའི་ཐམ་ག་ཏེ། བཀའ་རྒྱ་དེ་ལ་དམ་ཕྲུག་དམར་པོ་ཕབ་འདུག་ཅེས་པ་ལྟ་བུའོ།

  དེའི་འཕེལ་འགྱུར་ལ་རང་ཉིད་ནས་བསམ་ན་སྔོན་འགྲོ་མགོན་ཆོས་རྒྱལ་འཕགས་པ་ལགས་ཁོང་གིས་ཧོར་ཡིག་ཞེས་པའི་ཡིག་གཟུགས་དེ་ཆེད་མངགས་ཐམ་ཀ་དང་ལྡེབས་བྲིས་ཟུར་རྒྱན་སོགས་སོགས་ལ་མཁོ་ཆེ་བར་དགོངས་ཞིང་བཀའ་དྲིན་བསྩལ། ཐ་ན་ཡོན་རྒྱལ་རབས་དུས་རྒྱའི་དཔོན་པོ་འགའི་ཐམ་ཀར་ཡང་ཧོར་ཡིག་སྤྱོད་པ་ཡིན་ཤས་ཆེ། འོན་ཀྱང་ཕྱེས་བོད་ཀྱི་ཐམ་གའི་རིག་གནས་དེ་ཙམ་གྱི་འགྱུར་ཆེན་པོ་མེད་ལ་ཐམ་ག་བཟོ་མཁན་ཉུང་ཞིང་། རྒྱུན་འཛིན་མཁན་ཡང་ཨ་མཆིས་སྙམ།

   ཡིན་ཡང་རྒྱའི་ཐམ་གའི་རིག་གནས་དེ་སྤྱོད་མཁན་གྱི་མིའི་ཆ་ནས་རྒྱལ་པོའི་ཐམ་ཀ་汉官印)དང་མི་སྒེར་གི་ཐམ་ཀ་汉私印སོགས་སུ་དབྱེ་བ་དང་། རྐོས་པའི་ཡི་གེར་དབྱེ་ན་བརྐོས་མ་(白文དང་འབུར་མ་朱文དང་བརྐོས་འབུར་གཉིས་ལྡན་朱白相间印དང་ད་དུང་肖形印和鸟虫篆印སོགས་ཡོད། དེ་ལྟར་རིམ་བཞིན་སྒྱུ་རྩལ་གྱི་ཤས་ཇི་ཆེ་ནས་ཇི་ཆེར་སོང་བཞིན་ཡིག་གཟུགས་སྒྱུ་རྩལ་རྡོ་བརྐོས་ལྷན་གཅིག་ཏུ་འབྲེལ་བའི་སྒྱུ་རྩལ་སུ་འགྱུར་ཡོད། འོན་ཀྱང་དེང་དུས་བོད་ཀྱི་ཡིག་གཟུགས་དང་རི་མོའི་བརྩམ་བྱ་སོགས་ཀྱི་སྟེང་མིང་ཐེལ་དང་ཐ་ན་རྣམ་བཅུ་དབང་ལྡན་དང་བཀྲ་ཤིས་རྟགས་བརྒྱད་སོགས་ཀྱི་གཙོས་པའི་རི་མོ་དང་ཨོཾ་སོགས་སྔགས་ཡིག་གམ་ལཉྫའི་ཐམ་ག་སོགས་ཕབ་པ་ལས་བོད་ཀྱི་ཐམ་གའི་སྒྱུ་རྩལ་མངོན་པ་མ་ཡིན་ནམ་ཞེ་ན། གུས་པ་རང་ཉིད་ནས་བསམ་ན་ཡིག་གཟུགས་དང་རི་མོ་སོགས་ཀྱི་བརྩམ་བྱའི་སྟེ་ཐམ་ག་ཕབ་པ་དེ་ནི་ཡིག་གཟུགས་བརྩམ་བྱའི་སྟེང་སུག་འབྲི་བའི་མཆན་འགོད་པ་དང་འདྲ་བར་རྒྱའི་ལུགས་ནས་དར་བ་མིན་ནམ་སྙམ་པ་ལས་སྔོན་གྱི་བོད་མཁས་པས་ཡིག་གཟུགས་བརྩམ་བྱར་མཆན་འགོད་དང་ཐམ་ག་ཕབ་པ་ཡོད་པ་རང་མཐོང་དཀོན། ད་དུང་དེང་དུས་བོད་ཀྱི་ཡིག་གཟུགས་བརྩམ་བྱའི་སྟེང་ཕབ་པའི་ཐམ་ག་མང་དག་གཅིག་ནི་གློག་གིས་བརྐོས་པ་ཡིན་པས་དེ་དག་ལ་སྒྱུ་རྩལ་གྱི་རིན་ཐང་རང་མ་མཆིས་པ་ནི་གློག་པར་རྒྱབ་པའི་ཡིག་གཟུགས་དང་གཉིས་སུ་མ་མཆིས། འོན་ཀྱང་རང་ཉིད་ཤེས་བྱ་དམན་པས་དེར་བཤད་པ་ལ་སྐྱོན་དང་ནོར་འཕྲུལ་མང་པོ་མཆིས་ངེས་པས་མཁས་དབང་རྣམ་ནས་སྐྱོན་བཅོས་དང་མཛུབ་སྟོན་ཡོད་པ་མཁྱེན་མཁྱེན།། མཐར་རང་ཉིད་ནས་ཧོར་ཡིག་ལ་འཛིན་སྐྱོང་དང་སྦྱོང་སྤྱོད་དར་སྤེལ་སོགས་ལ་བཅང་བའི་བསམ་པ་མཚོན་ཕྱིར་རང་ཉིད་ཀྱིས་བརྐོས་པའི་ཐེལ་རྩེ་འགའ་སྤྱན་འབུལ་ཞུ་རྒྱུ་ཡིན།   







          པདྨ་རྟ་མགྲིན་ནམ་འདམ་སྐྱེས་ནས།