收藏本站
我的资料
   
查看手机网站
གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

མགོ་ལོག་སྡེར་ནང་ས་བྲིས་འགྲན་སྡུར་ཆེན་མོ།

 二维码 1348
发表时间:2018-05-03 12:19作者:འདོན་སྤྲོད་པ་ངག་དབང་རྒྱ་མཚོ།来源:བོད་ཀྱི་ཡིག་གཟུགས་དྲ་བ།

རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་ཐེངས་གཉིས་པ་དང་སྟབས་བསྟུན་གྱིས། ལོ་རྒྱུས་དྭངས་གསལ་གྱི་ཆུ་རྒྱུན་རིང་ཞིང་སྔོན་བྱོན་མེས་པོ་དག་གི་མན་ངག་བྱིན་རླབས་ཀྱི་བརྒྱུད་པ་ཟམ་མ་ཆད་པའི་སྡེར་ནང་ས་བྲིས་ཏེ། རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་གྲས་སུ་འོད་དུ་འཚེར་བའི་སྐར་ཆེན་མགོ་ལོག་སྡེར་ནང་ས་བྲིས་འགྲན་སྡུར་ཆེན་མོ་སྤྱི་ཟླ་༤བའི་ཚེས་༢༩ཉིན་སྤེལ་ཅིང་། ཚེས་༣༠ཉིན་བྱ་དགའ་སྟེར་བའི་མཛད་སྒོ་གཟབ་རྒྱས་སུ་སྤེལ།




ཐེངས་འདིའི་འགྲན་སྡུར་འདི་ནི་དར་ལག་རྫོང་མི་དམངས་སྲིད་གཞུང་དང་མགོ་ལོག་ཁུལ་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། དར་ལག་རྫོང་རིག་རྩལ་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་དང་སྡེར་ནང་ཡུལ་ཚོའི་མི་དམངས་སྲིད་གཞུང་།  སྡེར་ནང་ས་བྲིས་ཚད་མཐོའི་བོད་ཀྱི་ལག་རྩལ་ཐོན་རྫས་སྤྱི་གཉེར་ཁང་བཅས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བའི་མགོ་ལོག་སྡེར་ནང་ས་བྲིས་འགྲན་སྡུར་ཆེན་མོ་ཐེངས་དང་པོ་དེ་ལགས་ཤིང་། འགྲན་སྡུར་ཆེན་མོ་འདིར་མགོ་ལོག་སྡེར་ནང་ས་བྲིས་བོད་ཀྱི་རིག་གནས་རྒྱུད་འཛིན་སློབ་གླིང་གི་བྲིས་སློབ་དག་གིས་གཙོས། བོད་ལྗོངས་དང་། སི་ཁྲོན། ཀན་སུའི་མཚོ་སྔོན་བཅས་ཁྱོན་ཞིང་ལྗོངས་བཞིའི་གྲྭ་གྲོང་དང་། ཕོ་མོ། རྒན་གཞོན་རེས་སུ་མ་ཆད་པའི་འགྲན་ཞུགས་པ་མི་གྲངས་བདུན་ཅུ་མ་ཟིན་ཙམ་མཉམ་ཞུགས་གནང་ཞིང་། གདན་ཞུའི་དཔྱད་འདེམས་པ་ཕོ་བྲང་པོ་ཏ་ལའི་གཞུང་བྲིས་རྒྱུད་འཛིན་པ་དང་བོད་ཡིག་ཡིག་གཟུགས་སྒྱུ་རྩལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན་དགེ་མང་འཇམ་དཔལ་ལགས་དང་། མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་འོས་སློབ་གླིང་གི་མཚན་འཛིན་སློབ་དཔོན་མགོ་ལོག་སྡེར་ནང་ས་བྲིས་ཀྱི་རྒྱུན་འཛིན་པ་ངག་དབང་རྒྱ་མཚོ་དང་ངག་དབང་བརྩོན་འགྲུས་སོགས་ཆེད་མཁས་མི་སྣ་གདན་དྲངས་ཏེ་སྤེལ་བའི་གཞི་རྒྱ་ཆེས་ཆེ་བའི་མགོ་ལོག་སྡེར་ནང་ས་བྲིས་ཀྱི་འགྲན་སྡུར་ཞིག་ཡིན་ལ། ཁུལ་དང་རྫོང་རིམ་པའི་འབྲེལ་ཡོད་འགོ་ཁྲིད་དང་ལས་བྱེད་མི་སྣ་དག་ཆེད་ཕེབས་ཀྱིས་ཐེངས་འདིའི་ཡིག་གཟུགས་འགྲན་སྡུར་ཆེན་མོ་བཀྲ་ཤིས་དང་བདེ་ལེགས་ཀྱི་ངང་ནས་མཇུག་ལེགས་པར་བསྐྱངས་པ་ལགས་ན། འདིས་ཀྱང་བོད་གངས་ཅན་གྱི་ཡི་གེའི་འཕྲིན་ལས་ཀྱི་འོད་སྣང་དཀར་པོ་འཛམ་གླིང་ཐ་གྲུ་ཀུན་ཏུ་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པའི་རྒྱུར་གྱུར་ཅིག་གུ།


དུས་ཆེན་གྱི་བསུ་མར་ཕུལ་བའི་རིག་རྩལ་འཁྲབ་སྟོན།


མཛད་སྒོའི་ཟུར་ཅིག


ཡིག་མཁན་ངག་དབང་རྒྱ་མཚོ་ལགས་ཀྱིས་ཕྱག་བྲིས་གནང་བཞིན་པ།



དཔྱད་འདེམ་གནང་བཞིན་པ།

གཡོན་ཕྱོགས་ཀྱི་གཉིས་པ་རྒན་ངག་དབང་རྒྱ་མཚོ།གསུམ་པ་རྒན་དགེ་མང་འཇམ་དཔལ།


འགྲན་བསྡུར་བརྩམས་ཆོས་འབྲི་བཞིན་པ།


བྱ་དགའ་གནང་པའི་ཡུལ་དངོས་གནས་ཚུལ།




ཡིག་གཟུགས་རིག་དངོས་བཤམས་སྟོན་ལ་གཟིགས་པ།