ཁྱེད་ཀྱིས་བོད་ཀྱི་ཡིག་གཟུགས་ཉིན་མོ་ཤེས་ལགས་སམ།
2018-04-30 09:44来源:བོད་ཀྱི་ཡིག་གཟུགས་དྲ་བ།作者:བོད་ཀྱི་ཡིག་གཟུགས་མཐུན་ཚོགས།浏览数:1384 

          སྤྱི་ཟླ་ ༤ པའི་ཚེས་ ༣༠ ཉིན་དུས་ཆེན་གྱི་ཉིན་མོར་གཏན་འཁེལ་བྱུང་རྗེས། ངེད་བོད་ཀྱི་ཡིག་གཟུགས་དུས་ཆེན་རྩོམ་སྒྲིག་ཚན་ཆུང་གིས་ཕུལ་དུ་བྱུང་བའི་ཡིག་རིས་འཆར་བཀོད་པ་ཀླུ་རྒྱལ་དོན་གྲུབ་ལགས་ལ་མངགས་བཅོལ་བྱས་པ་བཞིན། ཁོང་གིས་ཚོགས་རྟགས་འདི་ཆེད་དུ་བཟོས་པ་ཡིན་ལ། བོད་ཀྱི་ཡིག་གཟུགས་དུས་ཆེན་མཐུན་ཚོགས་ཀྱི་ཚོགས་གཙོ་སྟེ་མཁས་དབང་རྡོ་རྗེ་ལགས་ཀྱིས་“བོད་ཀྱི་ཡིག་གཟུགས་དུས་ཆེན་”ཞེས་པའི་དཔེ་ཚུགས་ཡི་གེ་ཕྱག་བསྟར་མའི་བཀའ་དྲིན་བསྐྱངས་པ་ཡིན། མཚོན་རྟགས་ནི་མཚོན་དོན་བཀྲ་ཤིས་གྲངས་ལྡན་གྱིས་མཚོན་པ་ཡིན་པས་དེ་དག་རེ་རེ་ནི།


   ༼   དང་པོ།  ༽   ཕྱིའི་མུ་ཁྱུད་དཀར་པོས་བོད་ཀྱི་སྣོད་ཀྱི་འཇིག་རྟེན་གངས་རི་ར་བས་བསྐོར་བ་མཚོན།


   ༼   གཉིས་པ། ༽   ནང་གི་རྒྱབ་ལྗོངས་མཐིང་སྔོན་གྱིས་བོད་ཀྱི་བཅུད་ཀྱི་སེམས་ཅན་རྣམས་འཚེ་མེད་ཞི་བདེ་ལ་དགའ་བ་མཚོན།


   ༼   གསུམ་པ། ༽   སྨྱུག་བུམ་ཤོག་གསུམ་གྱིས་བོད་ཀྱི་ཡིག་མཁན་རྣམས་ཀྱི་གཅེས་ནོར་ཆེན་པོ་གསུམ་མཚོན།


   ༼   བཞི་པ།  ༽  བུམ་གཟུགས་སེར་པོས་བོད་ཀྱི་འོད་སྟོང་འབར་བའི་སྲོལ་རྒྱུན་ལྷ་ཆོས་རིག་གནས་དང་དབུས་གཙང་ཆོས་ཀྱི་ཆོལ་ཁ་མཚོན།


   ༼   ལྔ་པ།  ༽   ཤོག་བུ་དཀར་པོས་བོད་ཀྱི་མི་ཆོས་རིག་གནས་དང་མདོ་སྟོད་མིའི་ཆོལ་ཁ་མཚོན།


   ༼   དྲུག་པ།  ༽  སྨྱུག་གུ་ལི་ཁྲིས་བོད་ཀྱི་དེང་རབས་རིག་གཞུང་དང་མདོ་སྨད་རྟ་ཡི་ཆོལ་ཁ་མཚོན།


   ༼   བདུན་པ།  ༽  དེ་གསུམ་རྟེན་འབྱུང་ལྷན་དུ་འདུས་པའི་ཡི་གེ་“བོད”ཅེས་པས་བོད་མི་རིགས་ཀྱི་ངོ་བོ་དང་མཐུན་ལམ་སྙིང་སྟོབས་བཅས་མཚོན།


   ༼   བརྒྱད་པ།  ༽  ཟླུམ་རིས་རིམ་པ་གཉིས་ལྷན་དུ་སྦྱར་བས་ནི་གནའ་དེང་ཟུང་དུ་འབྲེལ་བའི་བོད་མིའི་རིག་གཞུང་གི་མ་འོངས་མདུན་ལམ་བཅས་མཚོན་ཡོད་པ་ཡིན་ནོ།།



“བོད་ཀྱི་ཡིག་གཟུགས་དུས་ཆེན་”ལས་སྒྲུབ་ཁང་ནས

༢༠༡༧ སྤྱི་ཟླ་ ༤ པའིི་ཚེས་ ༢༥ ཉིན་བསྒྲགས།


会员登录
登录
我的资料
留言
回到顶部