གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

མཚོ་སྔོན་རྨ་ལྷོ་ཁུལ་ནས་ཡིག་གཟུགས་འགྲན་བསྡུར་གྱི་བྱེད་སྒོ་སྤེལ་ནས་དུས་ཆེན་བསུས་པ།

 二维码 3576
发表时间:2018-04-29 22:50作者:མཚོ་སྔོན་རྨ་ལྷོ་ཁུལ་ཡིག་མཁན་མཐུན་ཚོགས།来源:བོད་ཀྱི་ཡིག་གཟུགས་དྲ་བ།


         སྤྱིར་ཡི་གེའི་གཟུགས་རིས་ལ་བརྟེན་ནས་ཤེས་བྱ་རིག་པའི་གནས་ཐམས་ཅད་ཀྱི་བརྡ་དོན་ཇི་བཞིན་ཡིད་ལ་བྱེད་པ་ཡིན་པས་ན།  ཡིག་གཟུགས་ནི་ཤེས་བྱ་སྤྱི་སློབ་པ་ལ་དོ་གལ་ཆེ་ལ་བོད་ཀྱི་རིག་གནས་སྤྱིའི་གྲུབ་ཆ་གལ་ཆེན་ཞིག་ཀྱང་ཡིན་ལ།  བོད་ཀྱི་ཡིག་གཟུགས་ལ་དུས་ཡུན་ཤིན་ཏུ་རིང་བའི་ལོ་རྒྱུས་ཡོད་ཅིང་དུས་རབས་རིམ་བརྒྱུད་ཀྱི་ཁྱད་ཆོས་མི་འདྲ་བ་གང་མང་ཐོན་ཡོད་པས།  ཡིག་རིགས་སྣ་མང་ཕུན་སུམ་ཚོགས་ཤིང་།  དེ་རེ་རེའི་འབྲི་ཚུལ་ཐད་ལའང་ཐུན་མིན་གྱི་ཁྱད་ཆོས་མངོན་གསལ་དོད་པོ་ཡོད།  དེ་བས་བོད་ཀྱི་ཡིག་གཟུགས་ནི་བོད་ཀྱི་རིག་གནས་ཙམ་དུ་མ་ཟད།  འགྲོ་བ་མིའི་རིགས་སྤྱིའི་ཤེས་རིག་གི་ནོར་བུའི་ཁྲོད་ནས་འོད་དུ་འཚེར་བའི་མུ་ཏིག་རྡོག་གཅིག་ཡིན།





 རྒྱལ་ཡོངས་བོད་ཀྱི་ཡིག་གཟུགས་དུས་ཆེན་སྐབས་གཉིས་པ་འཆར་ཉེར།  མཚོ་སྔོན་རྨ་ལྷོ་ཁུལ་ཡིག་གཟུགས་མཐུན་ཚོགས་དང་།  རེབ་གོང་རིག་གནས་ཁང་།  རེབ་གོང་རིག་གནས་ཡུལ་སྐོར་ཅུའུ་སོགས་ཀྱི་དབུ་འདྲེན་འོག  རེབ་གོང་ས་ཁུལ་གྱི་ཡིག་མཁན་མཁས་པ་དང་།  དམངས་ཁྲོད་ཡིག་བྲིས་པ། ཡིག་གཟུགས་རྒྱུད་འཛིན་མཁན་དག་གི་བོད་ཡིག་ཡིག་གཟུགས་བརྩམས་ཆོས་ཉིས་བརྒྱ་ལྷག་བསྡུ་རུབ་ཀྱིས་བརྩམས་ཆོས་འགྲེམ་སྤེལ་དང་ཡིག་གཟུགས་འགྲན་བསྡུར་གྱི་བྱེད་སྒོ་གཅིག་ལྕོགས་སུ་གཟབ་རྒྱས་ངང་སྤེལ།





ཚོགས་ཐོག་ཏུ།  མཚོ་སྔོན་ཞིང་ཆེན་དམངས་སྲོལ་རིག་རྩལ་མཁས་པའི་མཐུན་ཚོགས་ཀྱི་ལས་འཛིན་དང་ཚོགས་མི། ཞིང་ཆེན་ཏང་གི་སློབ་གྲྭའི་གདན་ཞུའི་དགེ་རྒན་ཆེན་མོ།  མཚོ་སྔོན་ཞིང་ཆེན་བོད་བརྒྱུད་ནང་བསྟན་སློབ་གླིང་གི་དགེ་རྒན་ཆེན་མོ།  ཞིང་ཆེན་སྲིད་གྲོས་སློབ་སྦྱོང་དང་རིག་གནས་ལོ་རྒྱུས་ཨུ་ཡོན་ཚོགས་པའི་ཀྲུའུ་རིན་མཁར་རྩེ་རྒྱལ་ལགས་དང་། རྨ་ལྷོ་ཁུལ་ཡིག་གཟུགས་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཆས།  རྨ་ལྷོ་ཁུལ་ཡིག་གཟུགས་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་བྱམས་རྒྱལ།  རེབ་གོང་རྫོང་རིག་གནས་ལུས་རྩལ་བརྙན་འཕྲིན་རྒྱང་སྒྲོག་ཡུལ་སྐོར་ཅུའུ་ཡི་འགོ་གཙོ་གཞོན་པ་བྱམས་པ་བསྟན་འཛིན།  རེབ་གོང་རྫོང་རིག་གནས་ཁང་གི་འགོ་གཙོ། མཚོ་སྔོན་ཞིང་ཆེན་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་མི།  རྨ་ལྷོ་ཁུལ་ཡིག་གཟུགས་མཐུན་ཚོགས་ཀྱི་དྲུང་ཡིག་གཞོན་པ་གཅོད་པ་ཚེ་རིང་།  རྨ་ལྷོ་ཁུལ་ཡིག་གཟུགས་ལྷན་ཚོགས་ཀྱི་ཚོགས་མི།  རེབ་གོང་རྫོང་རིག་གནས་གནའ་རྫས་དོ་དམ་ཁང་གི་འགོ་གཙོ་ཀྲང་ཡའོ་ཏུང་སོགས་ཆེད་ཕེབས་ཀྱིས་མི་རིགས་རིག་གནས་དར་སྤེལ་བཏང་སྟེ་རེབ་གོང་རིག་གནས་རྒྱུད་འཛིན་དང་འཕེལ་རྒྱས་གཏོང་རྒྱུའི་ཐད་ནས་གསུང་བཤད་གལ་ཆེན་གནང་།




བློ་མཐུན་མཁར་རྩེ་རྒྱལ་ལགས་ཀྱིས་ཐེངས་འདིའི་བརྩམས་ཆོས་འགྲེམ་སྤེལ་དང་འགྲན་བསྡུར་གྱི་བྱེད་སྒོ་ལ་གདེང་འཇོག་གལ་ཆེན་གནང་ཞིང་།  ལྷག་པར་ཏུ་བོད་ཀྱི་ཡིག་གཟུགས་འབྲི་སྟངས་དང་།  ཁྱད་ཆོས།  སྣག་ཚོན་སྡེབ་སྟངས།  ཐམ་གའི་གདབ་ལུགས་སོགས་ཀྱི་ཐད་ནས་སློབ་སྟོན་དང་ཕྱག་བྲིས་གནང་ལ།  མཚོ་སྔོན་ཞིང་ཆེན་ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི་མགོན་པོ་ཚེ་བརྟན་དང་ཀླུ་རྒྱལ་དོན་འགྲུབ། དགེ་འདུན་དར་རྒྱས་སོགས་ཡིག་མཁན་རྣམས་ཀྱིས་ཀྱང་ཡུལ་དངོས་ནས་ཡིག་གཟུགས་བྲིས་པས་རྒྱ་ཆེའི་གཟིགས་མོ་བ་དང་ཡིག་གཟུགས་ལ་དགའ་མཁན་མང་ཚོགས་རྣམས་ཀྱིས་དགའ་བསུ་མི་དམན་པ་ཐོབ།།








བརྩམས་ཆོས་སྐོར་ཤོག་ངོས་རྗེས་མར་གཟིགས་པར་འཚལ།


上一页 1 2 下一页
会员登录
登录
我的资料
留言
回到顶部