མཛད་སྒོའི་ཡུལ་དངོས།
ཟླ་འདིའི་ཚེས་༢༢ཉིན་གྱི་ཞོགས་པའི་ཆུ་ཚོད་༩:༣༠སྟེང་གུང་གཞོན་ཚོགས་པ་ཀླུ་ཆུ་རྫོང་ཨུ་དང་རྫོང་རིག་གནས་ཁང་གིས་གཙོ་སྒྲུབ་དང་། རྫོང་མཛེས་རྩལ་དང་ཡིག་མཁན་མཐུན་ཚོགས་ཀྱིས་འགན་སྒྲུབ་བྱས་ཤིང་། རྫོང་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་རོགས་སྒྲུབ་བྱས་པའི་༼ ཀླུ་ཆུ་རྫོང་གིས་ཐེངས་གཉིས་པའི་བོད་ཀྱི་ཡིག་གཟུགས་ཉིན་མོ་དང་ལྔ་གཅིག་ལྔ་བཞི་བསུ་བའི་ཡིག་གཟུགས་དང་མཛེས་རྩལ་བརྩམས་ཆོས་འགྲེམ་སྟོན་ ༽ ཀླུ་ཆུ་རྫོང་མི་དམངས་ཚོམས་ཁང་གི་མདུན་ནས་དབུ་ཚུགས་མཛད་སྒོ་སྤེལ།
མཛད་སྒོའི་ཡུལ་དངོས།
མཛད་སྒོའི་སྟེང་ཀན་ལྷོ་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་གཙོའམ། ཀྲུའུ་ཞི། ཀན་སུའུ་ཞིང་ཆེན་གྱི་མཛེས་རིས་སྒྱུ་རྩལ་པ་གྲགས་ཅན། ཡིག་མཁན་བང་ཡོན་ཅུས་ལགས་དང་། ཀན་སུའུ་ཞིང་ཆེན་ཡིག་མཁན་མཐུན་ཚོགས་ཀྱི་བོད་ཡིག་དཔྱད་འདེམ་པའམ་དཔྱད་བརྫོད་པ། ཀན་ལྷོ་ཁུལ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞིའམ། བོད་ཀྱི་ཡིག་གཟུགས་པ་གྲགས་ཅན། སྨོན་ལམ་ཡིག་རྒྱུན་གྱི་རྒྱུན་འཛིན་བྲིས་རབས་གཉིས་པ་རྒན་སངས་རྒྱས་བཀྲ་ཤིས་ལགས་དང་། ཀན་སུའུ་ཞིང་ཆེན་མཛེས་རྩལ་མཐུན་ཚོགས་ཀྱི་ཚོགས་མིའམ། ཀན་ལྷོ་ཁུལ་མཛེས་རྩལ་མཐུན་ཚོགས་ཀྱི་ཀྲུའུ་ཞི། རི་མོ་བ་དང་ཡིག་གཟུགས་པ་གྲགས་ཅན་མ་ལུན། ཀན་སུའུ་ཞིང་ཆེན་ན་གཞོན་ཡིག་མཁན་མཐུན་ཚོགས་ཀྱི་དྲུང་ཡིག་ཟུར་བའམ་ཀན་ལྷོ་ཁུལ་ཡིག་མཁན་མཐུན་ཚོགས་ཀྱི་དྲུང་ཆེན། ཁུལ་རིག་གནས་སྒྱུ་རྩལ་ཁང་གི་མགོ་ཁྲིད་ཟུར་བ་ཧོའུ་ཝེ་ཐེན། ཀན་ལྷོ་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱི་ཀྲུའུ་ཞི་ཟུར་བའམ་ཡིག་མཁན་གྲགས་ཅན་བསོད་ནམས་ཚེ་རིང་། ཀླུ་ཆུ་རྫོང་ཨུའི་ཧྲུའུ་ཅི་ཟུར་བ་ཝང་ཅོན་ཧེ། རྫོང་དམངས་ཆེན་ཀྲུའུ་རིན་ཟུར་བ་མགོན་པོ་དབང་སྡུད། རྫོང་སྲིད་གྲོས་ཀྲུའུ་ཞི་ཟུར་བ་མ་ཧྥུའུ་ལེན། ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བའི་རྩོམ་སྒྲིག་པ་ཀླུ་ལྡེའུ་བཀྲ་ཤིས་དོན་གྲུབ། གཞན་རྫོང་རིག་གནས་ཅུས་དང་གཞོན་ཚོགས། རིག་གནས་ཁང་། རྫོང་རིག་གནས་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་སོགས་ཀྱི་མགོ་ཁྲིད་དང་སྐུ་ཚབ་པ་བཅས་ཀྲུའུ་ཞི་སྟེགས་བུར་བཞུགས་པ་མ་ཟད། རྫོང་བོད་རིགས་སློབ་འབྲིང་། རྫོང་སློབ་འབྲིང་། རྫོང་བོད་རིགས་སློབ་ཆུང་། རྫོང་གྲོང་རྡལ་སློབ་ཆུང་བཅས་ཀྱི་སློབ་མ་500ལྷག་དང་རྫོང་ཕྱི་ནང་ནས་ཕེབས་པའི་ཡིག་གཟུགས་དགའ་ཞེན་པའམ་ས་གནས་མང་ཚོགས་མི་གྲངས་དྲུག་བརྒྱ་ལྷག་བཅས་མཛད་སྒོར་ཞུགས།
རྫོང་ཨུའི་ཧྲུའུ་ཅི་ཝང་ཅོན་ཧེ་ལགས་ཀྱིས་མཛད་སྒོའི་གསུང་བཤད་གནང་བཞིན་པ།
དབུ་ཚུགས་མཛད་སྒོའི་ཚོགས་རིམ་ལ་རྫོང་གུང་གཞོན་ཚོགས་པའི་ཧྲུའུ་ཅི་མགོན་པོ་དོན་གྲུབ་ཀྱིས་མདོ་འཛིན་བྱས་ཤིང་། རྫོང་ཨུའི་ཧྲུའུ་ཅི་ཟུར་བ་ཝང་ཅོན་ཧེ་ལགས་ཀྱིས་གཏམ་བཤད་གནང་། མདོ་འཛིན་པ་མགོན་པོ་དོན་གྲུབ་ཀྱིས་འགྲེམ་སྟོན་གྲ་སྒྲིག་གི་གནས་ཚུལ་ངོ་སྤྲོད་བྱས། མཇུག་མཐར་ཀན་ལྷོ་ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་གཙོ་བང་ཡོན་ཅུས་ལགས་ཀྱིས་འགྲེམ་སྟོན་གྱི་སྒོ་མོ་ཕྱེས་པ་ཁྱབ་བསྒྲགས་གནང་།
གཟིགས་མོ་བའི་ཟུར་ཅིག
རེབ་འདིའི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་ནི་ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་ཀླུ་ཆུ་རྫོང་གི་བྲིས་པ་རྣམས་ཀྱིས་དུས་ཡུན་ཐུང་ངུའི་ནང་མྱུར་བྲིས་སུ་བཏབ་སྟེ་ཐེངས་གཉིས་པའི་བོད་ཀྱི་ཡིག་གཟུགས་ཉིན་མོར་ཕུལ་པའི་བསུ་མ་དང་བསྟོད་གླུ་ཡིན། འགྲེམ་སྟོན་ཁྲོད་དུ་གཙོ་བོ་སྨོན་ལམ་ཡིག་རྒྱུན་གྱི་དབུ་ཅན་དང་། དབུས་བྲིས་འབྲུ་ཚ། ས་སྐྱའི་དུས་ཀྱི་འབྲུ་ཚ་ཞབས་རིང་། གཙང་བྲིས། ཁམས་བྲིས། སྡེ་ནང་ས་བྲིས། སྙེ་བྲིས། བླ་བྲང་དགོན་པའི་བྲིས་རྒྱུན་ནམ་དཔང་ལོའི་ཕྱག་རྒྱུན་གྱི་ལཉྫ་དང་ཝརྟུ། སྨོན་ལམ་ཡིག་རྒྱུན་གྱི་སུག་ཐུང་དང་སུག་རིང་། རྒྱུག་འཁྱུག་སོགས་བྲིས་རྒྱུན་མི་འདྲ་བ་བཅུ་གསུམ་ལྷག་ལ་བརྩམས་ཆོས་༨༨དང་། མཛེས་རྩལ་རི་མོ་༧་ལྷག རྒྱ་ཡིག་གི་ཡིག་གཟུགས་བརྩམས་ཆོས་༥་ལྷག་བཅས་བསྡོམས་པས་བརྩམས་ཆོས་༡༠༠ཙམ་གཟིགས་མོ་བའི་མིག་གི་དགའ་སྟོན་ཏུ་བསྟར་ཡོད།
ཁུལ་རིག་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་དང་ཡིག་མཁན་སངས་རྒྱས་བཀྲ་ཤིས་རྣམ་གཉིས་ནས་རྫོང་ཨུའི་ཧྲུའུ་ཅི་ཝང་ཅོན་ཧེ་ལགས་ཀྱིས་བྲིས་པའི་ས་སྐྱ་ལེགས་བཤད་ཀྱི་བརྩམས་ཆོས་ལ་མྱོང་རོལ་གནང་བ།
ཉིན་གཅིག་གི་ཡུན་ཐུང་འགྲེམ་སྟོན་ནང་སྔར་ལུགས་བཞིན་ཡིག་མཁན་རྣམ་པས་ཡུལ་དངོས་སུ་བྲིས་རྩལ་ངོམ་པ་དང་། ནང་སྒོས་སུ་རྫོང་བོད་རིགས་སློབ་འབྲིང་སོགས་མཁར་གྲོང་ན་ཡོང་བའི་སློབ་མ་ལྔ་སྟོང་ལྷག་ལ་སོས་དལ་བག་ཕེབས་ངང་བོད་རྒྱ་ཡིག་གཟུགས་སྒྱུ་རྩལ་ལ་རོལ་མྱོང་བྱེད་པའི་གོ་སྐབས་བྱིན་པ་མ་ཟད། ཡིག་མཁན་མཐུན་ཚོགས་ཀྱི་ཚོགས་མི་སོ་སོས་རང་རང་གི་ཐད་ནས་སློབ་མ་རྣམས་ལ་བྲིས་རྒྱུན་མཚམས་སྦྱོར་དང་བརྩམས་ཆོས་ངོ་སྤྲོད་ཀྱི་ལས་འགན་གཙིགས་འཛིན་བྱས་ཏེ་སློབ་མའི་རོལ་མྱོང་ལ་ཡང་དག་པའི་སློབ་སྟོན་གནང་ཐོག སློབ་མའི་ཁྲོད་ཀྱི་ཡིག་གཟུགས་དགའ་ཞེན་པ་ཚོར་ཡུལ་དངོས་ནས་འབྲི་སྦྱོང་གི་གར་སྟེགས་ཡངས་པོ་བསྐྲུན་ནས་སློབ་མ་ཚོར་ཡིག་རྒྱུན་ཡུན་དུ་བསྲིང་བའི་བག་ཆགས་དང་དགའ་ཞེན་གྱི་ས་བོན་དྭངས་གཙང་གི་སེམས་པའི་གཤིན་ས་རུ་བཏབ་པ་དང་། མ་འོངས་ཀླུ་ཆུའི་བོད་ཀྱི་ཡིག་གཟུགས་ཐད་ཀྱི་མི་རབས་ཕྱི་མའི་བསྐྱེད་བསྲིང་དང་འཚར་ལོངས་ལ་སྨོན་འདུན་དང་རྟེན་འབྲེལ་ཡག་པོ་འགྲིག།
རེབ་འདིའི་ཡིག་གཟུགས་འགྲེམ་སྟོན་ལ་ཀླུ་ཆུ་རྫོང་དྲིལ་བསྒྲགས་པུའུ་དང་ཀྲུང་གོ་བོད་ཀྱི་ཡིག་གཟུགས་དྲ་བ། ཀླུ་ཆུ་རྫོང་རྒྱང་བསྒྲགས་བརྙན་འཕྲིན་ཅུས་སོགས་ཀྱིས་གསར་འགྱུར་བརྒྱུད་གཏོང་ལ་མཐུན་རྐྱེན་ལེགས་བསྐྲུན་བྱས་ཐོག ཀན་ལྷོ་ཁུལ་གྱི་ཡིག་གཟུགས་མཐུན་ཚོགས་ཀྱི་ཚོགས་གཙོ་མ་ལིན་ལགས་དང་ཀན་སུའུ་མི་རིགས་དགེ་འོས་སློབ་གླིང་གི་དགེ་རྒན་ཆེན་མོ་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་བསྟོད་བསྔགས་དང་གདེང་འཇོག་ཚད་མཐོན་པོ་བྱས་པ་དང་།ཡིག་མཁན་སྐུ་ཚབ་པ་ནོར་རྒྱན་ཡིག་གཟུགས་སམ་ཐང་དགེ་བླ་མ་སྐྱབས་ཀྱིས་རྟེན་འབྲེལ་ཞུ་བའི་ཤིས་ཚིག་ཕུལ།
བང་ཡོན་ཅུས་ལགས་ཀྱིས་རིག་གནས་ཀླུ་ཆུ་ཞེས་པའི་ཡིག་གཟུགས་འབྲི་བཞིན་པ།
རྫོང་ཨུའི་ཧྲུའུ་ཅི་གཞོན་པ་བང་ཅོན་ཧེ་ལགས་ཀྱིས་༼མདུན་སྐྱོད་༽ཅེས་པའི་བརྩམས་ཆོས་འབྲི་བཞིན་པ།
ཡིག་མཁན་སངས་རྒྱས་བཀྲ་ཤིས་ལགས་ཀྱིས་ཀླུ་ཆབ་གཙང་མོ་ཞེས་པའི་བརྩམས་ཆོས་འབུལ་བཞིན་པ།
ཡིག་མཁན་མ་ལིན་ལགས་ནས་རྒྱ་ཡིག་གི་འཁྱུག་རྩལ་ངོམ་བཞིན་པ།
ཆོས་འཁོར་བསྟན་འཛིན་རྒྱ་མཚོ་ལགས་ཀྱིས་རྣམ་བཅུ་དབང་ལྡན་འབྲི་བཞིན་པ།
རྒན་རྟ་མགྲིན་མགོན་པོ་ལགས་ནས་བཀྲ་ཤིས་ལྷུན་གྲུབ་ཅེས་པའི་དབུ་ཅན་བརྩམས་ཆོས་འབུལ་བཞིན་པ།
ཡིག་མཁན་བླ་མ་སྐྱབས་ནས་མ་ཎི་ཡིག་དྲུག་འབྲི་བཞིན་པ།
སྐལ་བཟང་ཚེ་བརྟན་གྱིས་ཀླུ་ཆུའི་རླབས་སྒྲ་ཞེས་པའི་སྨོན་ལམ་དབུ་ཅན་ཡིག་གཟུགས་འབུལ་བཞིན་པ།
དཔལ་མགོན་ཚེ་རིང་ལགས་ནས་དབུས་བྲིས་འབྲུ་ཚའི་ལམ་ནས་བོད་ཀྱི་ཡིག་གཟུགས་ཉིན་མོ་ཞེས་པའི་བརྩམས་ཆོས་འབུལ་བཞིན་པ།
མགོན་པོ་སྐྱབས་ལགས་ནས་བོད་ཀྱི་ཡིག་གཟུགས་ཉིན་མོར་ཡིག་གཟུགས་ཀྱི་མཆོད་པ་འབུལ་བཞིན་པ།
ཡིག་མཁན་བཀྲ་ཤིས་དོན་གྲུབ་ལགས་ནས་སྨོན་ལམ་དབུ་ཅན་གྱི་ཡིག་གཟུགས་མཆོད་པ་འབུལ་བཞིན་པ།
སློབ་བུ་རྣམས་ཀྱིས་ཡུལ་དངོས་ནས་ཡིག་གཟུགས་འབྲི་སྦྱོང་ལ་བྲེལ་བ།
སློབ་བུ་རྣམས་ཀྱིས་ཡུལ་དངོས་ནས་ཡིག་གཟུགས་འབྲི་སྦྱོང་ལ་བྲེལ་བ།
སློབ་བུ་རྣམས་ཀྱིས་ཡུལ་དངོས་ནས་ཡིག་གཟུགས་འབྲི་སྦྱོང་ལ་བྲེལ་བ།
སློབ་བུ་རྣམས་ཀྱིས་ཡུལ་དངོས་ནས་ཡིག་གཟུགས་འབྲི་སྦྱོང་ལ་བྲེལ་བ།
མཇུག་མཐར་ཡིག་མཁན་མ་ལིན་ལགས་ཀྱིས་ཀླུ་ཆུའི་ཡིག་གཟུགས་འགྲེམ་སྟོན་ལ་ཞུགས་པའི་མྱོང་ཚོར་གླེང་བཞིན་པ།
ཡིག་མཁན་བླ་མ་སྐྱབས་ཀྱིས་ཐག་རིང་ནས་ཕེབས་པའི་ཡིག་མཁན་རྣམ་པའི་ཚབ་བྱས་ནས་ཤིས་ཚིག་དང་བཀྲ་ཤིས་རྟེན་འབྲེལ་ཞུ་བཞིན་པ།
སློབ་མའི་སྐུ་ཚབ་ཀྱིས་ཡིག་གཟུགས་འགྲེམ་སྟོན་བྱ་འགུལ་ལ་ཞུགས་པའི་མྱོང་ཚོར་གླེང་བ།
རྩོམ་སྒྲིག་པ་སྟག་ཐར། པར་ལེན་པ་མགོན་པོ་སྐྱབས།
|