设为首页 | 收藏本站
 
新闻中心གསར་འགྱུར།公告སྤྱི་བསྒྲགས།古籍收藏གནའ་དཔེ་ཉར་ཚགས།书法艺术ཡིག་གཟུགས་སྒྱུ་རྩལ།书法常识ཤེས་བྱའི་ཟེགས་མ།论  文དཔྱད་རྩོམ།集体展厅ཐུན་མོང་འགྲེམ་སྟོན་ཁང་།地区展厅ས་ཁུལ་འགྲེམ་སྟོན་ཁང་།书法名家ཡིག་གཟུགས་མཁས་དབང་།书法家ཡིག་གཟུགས་མཁན་པོ།书法达人ཡིག་གཟུགས་བྲིས་ཆེན།书法新秀ཡིག་གཟུགས་བྲིས་ཆུང་།书法爱好者ཡིག་གཟུགས་དགའ་ཞེན་པ།女性书法展厅སྐྱེ་མའི་ཡིག་གཟུགས།校园展厅སློབ་རའི་འགྲེམ་སྟོན་ཁང་།书法日专题ཡིག་གཟུགས་དུས་ཆེན་ཆེད་སྒྲིག视频教程བརྙན་གཟུགས་དཔེ་ཁྲིད།书法讲堂འཆད་ཁྲིད་དོ་ར།字帖ཡིག་གཟུགས་ཀ་དཔེ།学习资料བསླབ་དེབ།古近代名家གནའ་ཉེ་རབས་ཡིག་མཁན།现代名家དེང་རབས་ཡིག་མཁན།团体推介སྡེ་ཁག་འོས་སྦྱོར།ཡི书法企业ག་གཟུགས་ཁེ་ལས།文件下载ཡིག་ཆ་ཕབ་ལེན།其它下载སྣ་ཚོགས་ཕབ་ལེན།商用下载རིན་ལྡན་ཕབ་ལེན།

རོང་བོ་དགེ་འདུན་དར་རྒྱས།

 二维码 1564
发表时间:2018-04-23 03:24作者:རོང་བོ་དགེ་འདུན་དར་རྒྱས།来源:བོད་ཀྱི་ཡིག་གཟུགས་དྲ་བ།

རོང་བོ་དགེ་འདུན་དར་རྒྱས།

     

          ཁོང་ནི་སྤྱི་ལོ་༡༩༧༨ལོར་མདོ་སྨད་རེབ་གོང་སྒྱུ་རྩལ་གྱི་ཕ་ཡུལ་རྐ་སར་སྡེ་བར་སྐྱེས། ལོ་བཅུ་གཅིག་སྟེང་འདུལ་འཛིན་ཆེན་མོ་རྗེ་དགེ་འདུན་ཆོས་འཕེལ་ལས་རབ་ཏུ་བྱུང་ཤིང་། རྐ་སར་དགོན་པའི་ཚོགས་གྲལ་དུ་ཞུགས་ཏེ་འདོན་ཆོས་སྤྱོད་དང་ཞོར་དུ་དགེ་བའི་བཤེས་གཉེན་བློ་བཟང་དགེ་འདུན་དང་སྨྱུག་ཐོགས་དབང་བོ་བློ་བཟང་འོད་ཟེར་གྱི་མཛུབ་སྟོན་འོག་སུམ་རྟགས་དག་གསུམ་དང་ཡིག་བྲིས་ལ་བསླབ། ལོ་བཅུ་དྲུག་སྟེང་རོང་བོ་དགོན་ཆེན་གྱི་ཆོས་གྲལ་དུ་ཞུགས། སྔ་ཕྱིར་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་དང་། རེབ་གོང་སྐྱབས་མགོན་བརྒྱད་པ་ཆེན་མོ། ཆོས་པ་རིན་པོ་ཆེ་འཇམ་དབྱངས་དགེ་འདུན་རྒྱ་མཚོ། རྗེ་ཤར་གདོང་བློ་བཟང་བཤད་སྒྲུབ་རྒྱ་མཚོ། བསེ་ཚང་བློ་བཟང་དཔལ་ལྡན་ཆོས་ཀྱི་རྡོ་རྗེ། ལ་མོ་ཡོངས་འཛིན་མཁས་གྲུབ་རྒྱ་མཚོ། རྗེ་དགེ་འདུན་བསྟན་འཛིན། འདན་མ་བློ་ཆོས་རིན་པོ་ཆེ། རྗེ་བློ་གསལ་རྒྱ་མཚོ། མཁན་ལས་ཐོགས་པ་དགེ་ལེགས་རྒྱ་མཚོ། སེར་བྱེས་ལྷ་རམས་པ་རོང་བོ་བློ་བཟང་སྙན་གྲགས། དགེ་བའི་བཤེས་གཉེན་བློ་བཟང་ཆོས་གྲགས། མཁན་ཟུར་འཇམ་དབྱངས་ཆོས་འཕེལ། རྟོག་གྲོལ་ཡོན་ཏན་རྒྱ་མཚོ། རྒན་བསྟན་པ་ཆོས་འཕེལ། རྒན་རྡོ་རྗེ་རྒྱལ་སོགས་ལས་དབང་ལུང་ཁྲིད་དང་། མདོ་སྔགས་རིག་གནས་ཀྱིས་བསྡུས་པའི་གཞུང་ལུགས་ལ་སློབ་གཉེར་གནང་ཁུལ་མཛད། སེ་ར་ནས་ཟླ་གཅིག་གི་རིང་ལ་བྲིས་ཀྱི་ཕྱོགས་ནས་སྐལ་བ་ཅུང་ཟད་ཐོབ། སྔ་གཞུག་ཏུ་རྐ་གསེར་ཞུན་དང་བྱང་ཆུབ་ཤིང་སོགས་ཀྱི་པིར་མིང་བཀོད་དེ་<སྦྲང་ཆར>དང་། <མཚོ་སྔོན་མང་ཚོགས་སྒྱུ་རྩལ།> <གངས་རྒྱན་མེ་ཏོག> <བོད་ཀྱི་རྩོམ་རིག་སྒྱུ་རྩལ།>   <གངས་ལྗོངས་རིག་གནས།> <ལྷོ་ཁའི་རྩོམ་རིག་སྒྱུ་རྩལ།><བདག་པོ> <མཚོ་སྔོན་སློབ་གསོ།> <དགེ་ལུགས་ཞིབ་འཇུག> < མཚོ་སྔོན་རེབ་གོང་།>སོགས་དུས་དེབ་ཁག་ཏུ་སྙན་ངག་དང་དཔྱད་རྩོམ། རྟོགས་བརྗོད། རྣམ་ཐར། ཡིག་གཟུགས་བཅས་བརྩམས་ཆོས་ཉིས་བརྒྱ་ལྷག་སྤེལ་མྱོང་། བརྩམས་ཆོས་མི་ཉུང་བ་ཞིག་ལ་ཞིང་ཆེན་རིམ་པ་དང་ཁུལ་རིམ་པ། རྫོང་རིམ་པ་དུ་མ་ནས་གཟེངས་རྟགས་ཐོབ། ད་ལྟ་རོང་བོ་དགོན་ཆེན་དུ་ཕྱོགས་སོ་སོའི་དགོན་པ་དང་སློབ་གྲྭ་ཁག་གི་དོན་གཉེར་ཅན་མང་པོར་ཚད་མ་དང་གྲུབ་མཐའི་སྐོར། སྒོས་སུ་རེབ་གོང་བྲིས་རྒྱུན་གཙོ་བྱས་པའི་ཐུན་མོང་རིག་གནས་སྐོར་འཆད་སྤེལ་གནང་མུས་སུ་བཞུགས།


20180423


20180423


20180423


20180423


20180423


20180423


20180423



20180423



20180423


20180423


20180423


20180423


20180423



20180423


20180423


20180423



20180423



20180423


20180423



20180423


20180423


20180423



20180423



20180423



20180423



20180423



20180423



20180423