བོད་ཀྱི་ཡིག་གཟུགས་ཨ་རིར་བསྐྱོད་པ།
རྩོམ་པ་པོ་དང་སློབ་གསོ་བ་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་ལགས་དང་བྲིས་པ་ལྷུན་གྲུབ་རྒྱ་མཚོ་གཉིས་ཀྱི་མཉམ་པར།
གངས་ལྗོངས་ཤེས་རིག་ནོར་བུའི་སློབ་གླིང་གི་སློབ་དཔོན་ཆེན་མོ་ལྡོང་ཡོན་ཏན་རྒྱ་མཚོ་མཆོག་ཨ་རིར་ཕེབས་ཏེ་ཀོ་ལོམ་པུ་ཡ་སློབ་ཆེན་དང་། སྦུར་ཇི་ནེ་ཡ་སློབ་ཆེན། ཧྭ་ཧྲིན་ཏུན་སློབ་ཆེན་བཅས་ལ་ཕེབས་ནས་རིག་གཞུང་འཆད་ཁྲིད་དང་། ཉམས་མྱོང་བརྗེ་རེས་སོགས་ལེགས་པར་གནང་ཏེ་མཛད་འཕྲིན་ནུབ་ཕྱོགས་སུ་བསྐྱང་བ་དང་ཆབས་ཅིག་ཁོང་གི་སློབ་བུ་བྲིས་པ་ལྷུན་གྲུབ་རྒྱ་མཚོའི་སོར་རྩེ་ལས་ཐོན་བའི་བོད་ཀྱི་ཡིག་གཟུགས་སྐོར་ཞིག་ཨ་རིའི་སློབ་གྲྭ་ཁག་ཅིག་ལ་དྲན་རྟེན་དུ་གནང་ཡོད། དེ་ནི་བོད་ཀྱི་ཡིག་གཟུགས་ལོ་རྒྱུས་ཀྱི་ཐོད་བརྒལ་གསར་བ་ཞིག་དང་རྒྱང་བསྐྱོད་ཆེན་པོ་ཞིག་ཀྱང་ཡིན་ཞེས་བཤད་ཆོག་ལ། མ་ཟད་རྒྱུན་རིང་བའི་ལོ་རྒྱུས་ཀྱི་དཀྱོག་མཚམས་མང་པོ་ཞིག་ནས་ལངས་གོག་གིས་ཐོན་པའི་བོད་ཀྱི་ཡིག་གཟུགས་འདིའི་སྒྱུ་རྩལ་རིག་པ་འཛམ་གླིང་ཅན་དུ་འགྱུར་མགོ་བརྩམས་པའི་དུས་རབས་གསར་བ་ཞིག་གི་དབུ་བརྙེས་པའང་ཡིན་ནོ།།
བཀའ་བརྒྱུད་ཆོས་ཀྱི་ཉི་མའི་དགོན་པར་ཕུལ་བའི་བོད་ཀྱི་ཡིག་གཟུགས།
ཀུ་ལིན་པས་ཡཱ་སློབ་ཆེན་དུ་ཕུལ་བའི་བོད་ཀྱི་ཡིག་གཟུགས།
ཝུ་ཇེས་ནཱས་ཡཱ་སློབ་ཆེན་ཕུལ་བའི་བོད་ཀྱི་ཡིག་གཟུགས།
|