རྒྱལ་མོ་རོང་གི་བྱིས་པའི་ཡིག་གཟུགས་བསླབ་འབྲས་འགྲེམ་སྟོན།
2018-02-15 09:42来源:བོད་ཀྱི་ཡིག་གཟུགས་དྲ་བ།作者:འདི་ག་རྩོམ་སྒྲིག་པ།浏览数:443 

རྒྱལ་མོ་རོང་གི་བྱིས་པའི་ཡིག་གཟུགས།


ཤར་རྒྱལ་མོ་རོང་གི་ཡུལ་ལུང་སོ་སོའི་སློབ་གྲྭ་ཆུང་འབྲིང་ན་བོད་ཡིག་མེད་ཁར་མང་ཚོགས་ནང་ནའང་བོད་ཡིག་ཤེས་མཁན་ཧ་ཅང་ཉུང་པའི་ཚད་དུ་གནས་ཤིང་། བོད་ཀྱི་ཡིག་གཟུགས་འབྲི་བ་ནི་ཧ་ལམ་དར་མེད་ཅེས་སྨྲ་ཆོག་ཆོག་རེད། རྐྱེན་དེའི་དབང་གིས་བོད་ཀྱི་ཡིག་མཁན་རྒྱལ་རོང་བ་འཚམས་ཕྲུག་གིས་མ་སྐུལ་དང་བླང་ངང་སྣེ་ཁྲིད་བྱས་ཤིང་།  བོད་ཡིག་ཡིག་གཟུགས་ཀྱི་དགེ་རྒན་གྱི་འགན་གཅིག་ལྕོགས་སུ་བཞེས་ཏེ། རྒྱལ་རོང་ཚོ་བདུན་ཀིརྟི་དགོན་གྱི་ནང་བསྟན་སྔོན་འགྲོའི་གཙུག་ལག་སློབ་གཉེར་ཁང་ལ་ཡིག་གཟུགས་སློབ་ཁྲིད་ཀྱི་སྲོལ་ཐོག་མར་བཙུགས་ཤིང་།  ཡུན་རིང་གི་དཀའ་སྤྱད་འབད་བརྩོན་གྱི་སློབ་ཁྲིད་བརྒྱུད། 2018ལོའི་ཟླ་2པར་སློབ་མཇུག་རྒྱུགས་སྤྲོད་ཀྱི་གོ་སྐབས་དང་བསྟུན་ནས་སློབ་མ་རྣམས་ལ་ཡིག་གཟུགས་ཀྱི་རྒྱུགས་ལེན་དང་འགྲན་བསྡུར་བྱ་འགུལ་སྤེལ་བར་མ་ཟད། ཡིག་གཟུགས་ཀྱི་དུས་དེབ་སྨྱུ་གུའི་ལམ་ཞེས་པ་པར་བསྐྲུན་བྱས་ཏེ་མི་སེམས་ལ་བོད་ཀྱི་ཡིག་གཟུགས་ཀྱི་བག་ཆགས་ཟབ་མོ་བཞག་པ་རེད།

ད་རེབ་ང་ཚོས་དེའི་སྐོར་ཀྱི་སློབ་མའི་སྦྱང་འབྲས་ཁག་ཅིག་འདིར་བཀོད་པ་སློབ་སྦྱོང་གི་སྐུལ་ཁྲིད་དང་བོད་ཀྱི་ཡིག་གཟུགས་ཀྱི་བསྟན་པ་རྒྱས་པའི་མཐུན་རྐྱེན་དུ་གྱུར་ཅིག་གུ།


ཡིག་གཟུགས་དགེ་རྒན་འཚམས་ཕྲུག་ལགས།

ཡིག་གཟུགས་དུས་དེབ་ཀྱི་པར།



དགེ་སློབ་མཉམ་པར།

会员登录
登录
我的资料
留言
回到顶部