གསར་འགྱུར།新闻中心སྤྱི་བསྒྲགས།公告ས་ཁུལ་འགྲེམ་སྟོན་ཁང་།地区展厅ཐུན་མོང་འགྲེམ་སྟོན་ཁང་།集体展厅ཆེད་མཁས།书坛名家ཡིག་མཁན།书坛达人ཡིག་བྲིས་པ།书坛新秀གངས་ལྗོངས་བུ་མོའི་ཡིག་གཟུགས།雪域女性展厅སློབ་རའི་འགྲེམ་སྟོན་ཁང་།校园展厅འགྲན་ཞུགས་ཁང་།参赛厅གནའ་དཔེ་ཉར་ཚགས།古籍收藏ཡིག་གཟུགས་སྒྱུ་རྩལ།书法艺术ཤེས་བྱའི་ཟེགས་མ།书法常识དཔྱད་རྩོམ།  论  文བརྙན་གཟུགས་དཔེ་ཁྲིད།视频教程འཆད་ཁྲིད་དོ་ར།书法讲堂ཡིག་གཟུགས་ཀ་དཔེ། 字帖བསླབ་དེབ།学习资料སྡེ་ཁག་འོས་སྦྱོར།团体推介གནའ་ཉེ་རབས་ཡིག་མཁན།古近代名家དེང་རབས་ཡིག་མཁན།现代名家

ཐེ་བོའི་ཡིག་མཁན་གྱིས་ལོ་སར་བསུ་བའི་བྱ་འགུལ་གཞི་རིམ་དུ་སྐྱོད་པ།

 二维码 1700
发表时间:2018-02-08 12:20作者:རྟ་མགྲིན་མགོན་པོ།来源:བོད་ཀྱི་ཡིག་གཟུགས་དྲ་བ།

ཐེ་བོ་རྫོང་ནི་མདོ་སྨད་ཀན་ལྷོ་ཁུལ་ཀྱི་ཤར་ལྷོའི་མཚམས་སུ་ཆགས་ཡོད་པ་དང་།  མངའ་ཁུངས་སུ་ཞིང་དང་གྲོང་བརྡལ༡༡དང་། མི་གྲངས་ལྔ་ཁྲི་དྲུག་སྟོང་ཙམ་ལས་མེད་པའི་རྫོང་མཁར་ཆུང་ཆུང་ཞིག་ཡིན།  རྫོང་ཡོངས་ལ་བོད་རིགས་སྤྱིའི་མི་གྲངས་ཀྱི་རྒྱ་ཆའི་བདུན་ཅུ་དོན་དགུ་ཙམ་ཟིན་ཡོད།



         གོ་ཐོས་ལྟར་ན་ཐེ་བོའི་མི་རྒྱུད་ཀྱི་རྩ་བ་ནི་བོད་བཙན་པོའི་རྒྱལ་རབས་ཀྱི་དུས་སུ་མཐའ་མཚམས་ལ་བཏང་པའི་དབུས་དམག་གི་རྒྱུད་དུ་བཤད་པ་མ་ཟད།  ཐེ་བོ་རང་གི་དམངས་ཁྲོད་ངག་རྒྱུན་དུ་ཏེ་པུ་གཡག་འཁུར་གྱི་ལོ་རྒྱུས་ལས་མིང་གི་ཐོག་ཚུལ་བཤད་པའང་ཡོད།  གང་ལྟར་ཀྱང་ཐེ་བོ་ནི་བོད་རིགས་འདུས་སྡོད་ཀྱི་ས་ཁུལ་ཞིག་ཡིན་ལ།  མངའ་ཁུངས་སུ་བན་བོན་གཉིས་ཀྱི་ཆོས་ལུགས་དགོན་སྡེའང་རེ་འགའ་ཡོད་པ་དང་། བོད་ཀྱི་ཡུལ་སྲོལ་གོམས་གཤིས་མི་ཉུང་བ་ཞིག་སྔར་བཞིན་རྒྱུན་སྲིང་བཞིན་བདའ། གནས་དེ་ནི་རི་མཐོ་ས་གཙང་དང་ཡན་ལག་བརྒྱད་ལྡན་གྱི་ཆུ་དང་ཆུ་ཕྲན་ལྷུང་ལྷུང་དུ་འབབ་ལ། ནགས་ཚལ་སྟུག་པོར་གཅན་གཟན་རི་དྭགས་དང་། བྱ་བྱིས་སྣ་ཚོགས་ཀྱིས་སྐད་སྙན་སྒྲོག་པའི་མཛེས་སྡུག་གི་ཡུལ་གྲུ་ཞིག་ཀྱང་ཡིན།





        ཡུལ་འདི་ན་བོད་ཡིག་བོད་སྐད་བཀོལ་སྤྱོད་དེ་འདྲའི་ཁྱབ་རྒྱ་མི་ཆེ་ནའང་།  ལོ་འདི་འགར་ས་དེ་གའི་བོད་ཀྱི་ཡིག་མཁན་ཚོས་རང་ནུས་ཅི་ལྕོགས་ཀྱིས་མི་རིགས་རིག་གནས་རྒྱུད་འཛིན་དར་སྤེལ་དང་།  རང་ཉིད་ལ་ལྡན་པའི་བོད་ཀྱི་ཤེས་རིག་གི་རྨང་གཞིའི་ཐོག་བོད་ཀྱི་ཡིག་གཟུགས་ཀྱི་འཇོན་ཐང་དེ་སྟོང་ཟད་དུ་མ་བཏང་བར་ས་གནས་མི་དམངས་ལ་ཞབས་འདེགས་ཞུ་གང་ཐུབ་བྱེད་ཅིང་མཆིས།



       ཡིག་མཁན་དེ་ནི་ང་ཚོའི་ཀན་ལྷོ་བོད་ཀྱི་ཡིག་གཟུགས་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་སོགས་ཡིན་ལ། བདག་ལ་མཚོན་ན་ཐེ་བོ་རྫོང་མཁར་ན་རྒྱུས་མངའ་ཡོད་པའི་ཡིག་མཁན་གལ་ཆེན་ཞིག་ཡིན།  ཁོའི་མིང་ལ་ང་ཚོས་ཐེ་བོ་རིན་ཆེན་དུ་འབོད་པའམ། མང་ཆེས་བས་ཀྲང་ཡོན་ཅེ་ཞིས་འབོད་བཞིན་ཡོད།




        ཁོང་གི་ཐུགས་ཁུར་དང་སྣེ་ཁྲིད་འོག་ཐེ་བོ་རྫོང་ཁོངས་སུ་ཡིག་གཟུགས་མཐུན་ཚོགས་བཙུགས་པ་དང་ལོ་རེ་བཞིན་དུས་ཆེན་སྐར་ཆེན་གྱི་གོ་སྐབས་དམ་འཛིན་གྱིས་གཞི་རིམ་ནས་བོད་ཡིག་གི་ལོ་སར་ཤིས་ཚིག་སོགས་འབྲི་རྒྱུ་རྒྱུན་འཁྱོངས་བྱེད་པ་མ་ཟད།  ཡིག་མཁན་ཚོགས་མི་གསོ་སྐྱོང་དང་སྐུལ་སློང་བྱས་ནས་ས་གནས་བོད་ཀྱི་ཡིག་གཟུགས་དཔུང་སྡེའི་སྟོབས་ཤུགས་རྒྱ་བསྐྱེད་དང་། ས་གནས་ཀྱི་རིག་གནས་འཚོ་བའི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་བཏང་བའི་རྣམ་པ་དག་ས་ཆ་དང་ཡུལ་མི་གང་མང་ཞིག་ལ་མཚོན་ན་རྗེས་སུ་ཡི་རང་དང་སློབ་སྦྱོང་བྱེད་པའི་གནས་སུ་གྱུར་ཡོད།









会员登录
登录
我的资料
留言
回到顶部