བོད་རབ་གནས་མེ་མོ་བྱ་ལོའི་རྒྱལ་ཟླ་དམར་ཕྱོགས་ཀྱི་རྫོགས་པ་དང་པོ་སྟེ་སྤྱི་ཟླ་༢པའི་ཚེས་༥ཉིན། ངེད་ཀན་ལྷོ་བོད་རིགས་རང་སྐྱོང་ཁུལ་བོད་ཀྱི་ཡིག་མཁན་མཐུན་ཚོགས་ཀྱིས་ཁུལ་རིག་རྩལ་ལྷན་ཚོགས་ཀྱི་མཛུབ་སྟོན་འོག་རྒྱའི་ཡིག་མཁན་མཐུན་ཚོགས་དང་མཉམ་འབྲེལ་སྒོས་གཙོས་གྲོང་ཤམ་བྷ་ལའི་རིག་གནས་ཐང་ཆེན་དུ་ད་ལོའི་ལོ་སར་ཤིས་ཚིག་འབུལ་བའི་སྤྱི་ཕན་བྱེད་སྒོ་བདེ་བླག་ངང་སྤེལ།
སྔ་ཕྱིར་ཆུ་ཚོད་བཞིའི་རིང་ལ། ངེད་མཐུན་ཚོགས་ཀྱི་ཚོགས་མི་ཆོས་འཁོར་བསྟན་འཛིན་དང་ཁ་གྱ་འཇིགས་མེད། བསོད་ནམས་ཚེ་རིང་དང་བན་དེ་ཚེ་རིང་སོགས་གཙོ་བྱས་པའི་བྲིས་པ་རྣམ་པས་སྟོང་ཕྲག་བཞི་ལ་ཉེ་བའི་རྒྱ་ཆེའི་མི་དམངས་མང་ཚོགས་ལ་ཡིག་བྲིས་ཀྱི་ཕྱྭ་གཡང་ལ་རྒྱུན་པའི་ལོ་སར་གྱི་ཤིས་ཚིག་གྱ་ནོམ་པ་ཕུལ།
སྡོམ་རྩིས་ལྟར་ན། ཐེངས་འདིའི་བྱེད་སྒོའི་ཁྲོད་སྡོམ་པས་ཤིས་ཚིག་ཡུག་མ་བདུན་བརྒྱ་ལྷག་དང་སྡིག་བཤགས་ཀྱི་སྒོ་དར་ཉིས་བརྒྱ། དེའི་མི་ཚད་ངེད་མཐུན་ཚོགས་ཀྱིས་ད་ལོར་ཆེད་དུ་བཟོས་པའི་ས་ཁྱི་ལོའི་ལི་ཐོ་ཡིག་བྲིས་ཕྱག་བསྟར་མ་བརྒྱད་བརྒྱར་ཉེ་བ་བཅས་རིན་མེད་གཟིགས་འབུལ་གནང་བས་ཀུན་གྱི་དགའ་བསུ་ཆེན་པོ་ཐོབ།
|