ཁམས་ལི་ཐང་དུ་ཡིག་གཟུགས་ཀྱི་སྐྱ་རེངས་ཤར་ཡོད།
གསར་འགོད་པ་གཞག་བསོད། རྩོམ་སྒྲིག་པ་ཧེ་རམ་པ།
2018ལོའི་ཟླ༢ཚེས་༢ཉིན་བཀྲ་ཤིས་བདེ་ལེགས་ངང་མཇུག་སྡུད་བྱུང་པའི་ཁམས་ལི་ཐང་དུང་དཀར་ཤེས་རིག་བྱམས་བརྩེའི་སློབ་གྲྭའི་གསབ་སྦྱོང་ཐེངས་ཉེར་གསུམ་པའི་སྟེང་། མཚོ་སྔོན་བཀའ་བསྟན་གསེར་བྲིས་ཁང་གི་ན་གཞོན་བྲིས་པ་ལྷག་བསམ་ཅན་ཡུལ་མདོ་སྨད་ཀྱི་སྙེ་བྲིས་ཡིག་མཁན་དུ་འབོད་པ་རྒན་ལྷུན་གྲུབ་རྒྱ་མཚོ་ལགས་ཆེད་དུ་གདན་ཞུ་བྱས་ཏེ་ཉིན་ཉི་ཤུའི་རིང་བླ་བྲང་བཀྲ་ཤིས་འཁྱིལ་གྱི་དབུ་ཅན་སྨོན་ལམ་ཡིག་གཟུགས་དང་། དབུས་ཀྱི་དབུ་མེད་གཞུང་བྲིས་ཚུགས་རིང་གཉིས་ཀྱི་བྲིས་རྒྱུན་གཙང་མ། གཙང་མཁས་གཞན་ཕན་གྱིས་སློབ་ཁྲིད་བྱས་ཤིང་། སློབ་བུ་རེ་རེས་བློ་གསལ་ཤེས་འདོད་བླ་མར་གུས་པའི་སྒོ་ནས་སྦྱོང་བརྩོན་བྱས་པས་དུས་ཚོད་ཐུང་ཐུང་ཞིག་གི་ནང་གཡུར་དུ་ཟ་བའི་འགྲུབ་འབྲས་སྨིན་པའི་འབྲས་རྟགས་སུ་མཇུག་བསྡུའི་མཛད་སྒོའི་སྟེང་སློབ་མའི་ཡིག་གཟུགས་ལས་བྱའི་འགྲེམ་སྟོན་གྱི་བྱ་འགུལ་ཞིག་སྤེལ་བར་དགེ་སློབ་སྤྱི་དང་། ཕྱོགས་བཞིའི་སྐུ་མགྲོན་ཡོངས་ཀྱིས་བསྟོད་བསྔགས་ཀྱི་མེ་ཏོག་བར་མེད་དུ་གཏོར་དང་གཏོར་བཞིན་མཆིས་ལགས་སོ། །
དགེ་སློབ་གཉིས་ཀྱི་བརྩམས་ཆོས་འགྲེམ་སྟོན་ཟུར་བཀོད།
གསབ་སྦྱོང་སྐབས་སུ་དགེ་རྒན་གྱིས་ཡིག་གཟུགས་ཁྲིད་སྟོན་གནང་བཞིན་པ།
སློབ་མ་བསྟན་འཛིན་རང་གྲོལ་གྱི་ཡིག་གཟུགས་སྦྱང་བྱ།
སློབ་མ་འཇམ་དབྱངས་ཚེ་རིང་གི་ཡིག་གཟུགས་སྦྱང་བྱ།
སློབ་མ་འཇམ་དབྱངས་ལྷ་མོའི་སྦྱང་བྱ།
སློབ་མ་ངག་དབང་ཚེ་འཕེལ་གྱི་སྦྱང་བྱ།
ཐེངས་འདིའི་ཕུལ་བྱུང་སློབ་མ་དང་དགེ་རྒན་གྱི་མཉམ་པར།
ཡིག་གཟུགས་ཟབ་སྦྱོང་འཛིན་གྲྭའི་དགེ་རྒན་དང་འགན་འཛིན་མི་སྣའི་མཉམ་པར།
གསབ་སྦྱང་འཛིན་གྲྭ་མཇུག་སྡུད་སྐབས་ཀྱི་གཟེངས་བསྟོད་ཚོགས་རའི་ཟུར་ཅིག
|