ལྗོངས་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དགེ་རྒན་གྱི་རྒྱ་བོད་ཡིག་གཟུགས་འགྲན་སྡུར་དང་
འགྲེམ་སྟོན་ཆེན་མོའི་སྒོ་མོ་ཕྱེ་བ།
ཟླ༢ཚེས་༡ཉིན་བོད་རང་སྐྱོང་ལྗོངས་རིག་གནས་ཐེན་དང་སློབ་གསོ་ཐེན་གྱིས་གཙོ་སྒྲུབ་དང་། བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་། ཀྲུང་དབྱང་མི་དམངས་ཀུན་ཁྱབ་རླུང་འཕྲིན་ལས་ཁུངས་མི་རིགས་རྒྱང་བསྒྲོགས་ལྟེ་གནས། བོད་རང་སྐྱོང་ལྗོངས་ཡིག་གཟུགས་མཐུན་ཚོགས། ལྷ་ས་གཡག་གུ་བྱིས་པའི་རིག་གནས་འཕེལ་རྒྱས་འགན་འཁྲི་ཚད་ཡོད་ཀུང་སིས་རོགས་སྒྲུབ་བྱས་པའི། ལྗོངས་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དགེ་རྒན་གྱི་གཡག་གུའི་པིར་རྩལ་ཞེས་པའི་ཡིག་གཟུགས་འགྲན་སྡུར་དང་འགྲེམ་སྟོན་ཆེན་མོ་བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་ནས་སྤེལ།
ཐེངས་འདིའི་འགྲན་སྡུར་ཁྲོད་འགྲན་ཞུགས་བརྩམས་ཆོས༤༠༠ལྷག་ཡོད་ལ་དཔྱད་འདེམ་བྱས་རྗེས་བརྩམས་ཆོས༡༤༤འདམ་ཐོན་བྱུང་ལ་། དེའི་ཁྲོད་ཀྱི་བརྩམས་ཆོས༦༤ལ་ཨང་དང་པོ་དང་ཨང་གཉིས་པ། གསུམ་པ་དང་ཕུལ་བྱུང་བྱ་དགའ་སོགས་ཐོབ་ཡོད།
དང་པོ། དཔྱད་འདེམ་གྱི་རིམ་པ།
བོད་ཀྱི་ཡིག་མཁན་ཆེན་མོ་རྡོ་དགོན་སངས་བདག་རྡོ་རྗེ་ལགས་༼ གཡོན་གསུམ་པ ༽ གཙོ་བྱས་པའི་ཡིག་མཁན་རྣམ་པས་དཔྱད་འདེབས་གནང་བཞིན་པ།
བོད་ཀྱི་ཡིག་མཁན་བསྟན་འཛིན་དང་ལྷག་པ་ཚེ་རིང་ལགས་ནས་དཔྱད་འདེབས་གནང་བཞིན་པ།
རྒན་བསྟན་འཛིན་ལགས་ཀྱི་འགྲན་ཞུགས་བརྩམས་ཆོས་ཀྱི་ལེགས་ཉེས་གླེང་བཞིན་པ།
གཉིས་པ། འགྲེམ་སྟོན་མཛད་སྒོའི་རིམ་པ།
བོད་ལྗོངས་གཡག་གུའི་པིར་རྩལ་ཡིག་གགཟུགས་འགྲན་སྡུར་དང་འགྲེན་སྟོན་ཆེན་མོའི་སྒོ་མོ་ཕྱེ་པའི་མཛད་སྒོ།
འགྲན་སྡུར་གྱི་ཨང་རིམ་གསལ་བསྒྲགས།
གསུམ་པ། བརྩ་མས་ཆོས་འགྲེམ་སྟོན་གྱི་རིམ་པ།
ལྗོངས་རིམ་པའི་མགོ་ཁྲིད་ཡུལ་དངོས་སུ་ཕེབས་ཏེ་ཡིག་གཟུགས་བསྒྱུ་རྩལ་ལ་རོལ་མྱོང་གནང་བཞིན་པ།
རྒན་རྡོ་དགོན་གསང་བདག་རྡོ་རྗེ་ལགས་ཀྱིས་ཡིག་མཁན་རྣམས་དང་ལྷན་དུ་ཡིག་གཟུགས་ལ་རོལ་བ།
ཡུལ་དངོས་བཅར་འདྲི་བྱེད་བཞིན་པ།
བཞི་བ། ཡུལ་དངོས་བརྩ་མས་ཆོས་ཁག་ཅིག་དཔེ་མཚོན་དུ་བཀོད་པའི་རིམ་པ།
ལྔ་བ། མཇུག་བསྡུའི་མཉམ་པར་གྱི་རིམ་པ།
གསར་འགྱུར་རྒྱུ་ཆ་མཁོ་འདོན་པ། རྒན་བསྟན་འཛིན་ལགས་དང་།
དྲ་མིང་ཕྲད་རང་དབང་ཅན་དང་
འཕྱིངས་དཀར་རྣམ་པ་ཚོར་
ཆེད་དུ་ཐུགས་རྗེ་ཆེ་ཞུ།
|