“བླ་བྲང་དྲ་གླིང”རྟགས་མའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་བརྩམས་ཆོས་བསྡུ་བའི་བརྡ་སྦྱོར།
2018-02-02 18:47来源:བོད་ཀྱི་ཡིག་གཟུགས་དྲ་བ།作者:གངས་དཀར།浏览数:3656 

“བླ་བྲང་དྲ་གླིང”རྟགས་མའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་

བརྩམས་ཆོས་བསྡུ་བའི་བརྡ་སྦྱོར།


   བོད་ཀྱི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་དང་བོད་ཀྱི་རིག་གནས་མ་ཉམས་གོང་སྤེལ་གཏོང་བ། མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་འཆམ་མཐུན་ཡར་རྒྱས་ལ་སྐུལ་འདེད་གཏོང་བ། བོད་ཀྱི་ཡིག་གཟུགས་སྒྱུ་རྩལ་གྱིས་བོད་ཁུལ་ལ་ཁ་ཕྱོགས་ཏེ་འཛམ་གླིང་དུ་ཁྱབ་པར་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བའི་སྙན་ཞུས་གསལ་བོར་བཏོན་པའི“རིག་གནས་ཡིད་ཆེས་སྲ་བརྟན་བཏང་ནས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་ཕུན་ཚོགས་ལ་སྐུལ་འདེད་གཏོང་དགོས”ཞེས་པའི་འབོད་སྐུལ་དང་ལེན་ཧུར་ཐག་བྱ་ཆེད། ཀན་ལྷོ་ཉིན་རེའི་གསར་འགྱུར་ཁང་དང་ཀན་ལྷོ་བླ་བྲང་དྲ་གླིང་གིས་མཉམ་འབྲེལ་སྒོས“བླ་བྲང་དྲ་གླིང”རྟགས་མའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཆེན་མོ་ཐེངས་དང་པོ་སྤེལ་རྒྱུ་ཡིན་པས། འབྲེལ་ཡོད་དོན་ཚན་གཤམ་གསལ་ལྟར།

གཅིག   སྒྲུབ་གཉེར་སྡེ་ཚན།

གཙོ་སྒྲུབ་ལས་ཁུངས། ཀན་ལྷོའི་ཉིན་རེའི་གསར་འགྱུར་ཁང་།

སྒྲུབ་རོགས་ལས་ཁུངས། ཀྲུང་གོ་ཀན་ལྷོ་བླ་བྲང་དྲ་གླིང་།

ཇུས་འགོད་འགྲེམ་སྟོན་ལས་ཁུངས། ཀྲུང་གོ་ཀན་ལྷོ་བླ་བྲང་དྲ་གླིང་།

སྨྱན་སྦྱོར་དྲིལ་བསྒྲགས། མདོ་ལྷོ་དྲ་བ། ཀན་ལྷོ་བླ་བྲང་དྲ་གླིང་།


གཉིས།   བརྩམས་ཆོས་བསྡུ་བའི་ནང་དོན།


   (གཅིག)འགྲན་ཞུགས་བརྩམས་ཆོས། སྤྱི་ཚོགས་ལས་རིགས་སོ་སོའི་བོད་ཀྱི་ཡིག་གཟུགས་ལ་དུངས་པ་ཡོད་མཁན་ཚང་མས་བརྩམས་ཆོས་བསྐུར་ནས་འགྲན་བསྡུར་དུ་ཞུགས་ཆོག་ཅིང་། བསྐུར་བྱའི་བརྩམས་ཆོས་ཚང་མར་རང་གི་རུས་མིང་དངོས་འབྲི་དགོས།

   (གཉིས)འགྲན་ཞུགས་བརྩམས་ཆོས་ཀྱི་བླང་བྱ།

   1བརྩམས་ཆོས་ཀྱི་ནང་དོན་བཟང་ཞིང་ཡར་ཐོན་ཅན་ཡིན་དགོས་པ་མ་ཟད། རྣམ་པ་གསར་བ་ཡིན་དགོས་ཤིང་། ཡིག་རྒྱུན་དང་ཡིག་གཟུགས་འབྲི་སྟངས་ལ་ཚད་བཟུང་མེད(གསར་གཏོད་ཡིད་བརྙན་ཡིག་གཟུགས་ཕུད)། བྲིས་ཀྱི་ནང་དོན་དེ་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དང་མི་རིགས་མཐུན་སྒྲིལ་དར་སྤེལ་བརྗོད་གཞིར་བྱེད་དགོས་ཤིང་། མི་རེའི་འགྲན་ཞུགས་བརྩམས་ཆོས་གཉིས་ལས་བརྒལ་མི་ཆོག་ཅིང་ཐེངས་གཅིག་ལ་བསྐུར་དགོས།

   2བརྩམས་ཆོས་ཀྱི་སྨྱུག་རིམ། མཁྲེགས་སྨྱུག་སྟེ་ལྕགས་པིར་དང་སྨྱུག་པིར་གྱིས་འབྲི་དགོས་ཤིང་། བོད་ཤོག་གམ་ཤོག་བུ་བཙོས་མ་ཆེ་ཆུང 180×97cmལས་བརྒལ་མི་ཆོག  གཞུང་ཞེང་ལ་ངེས་པ་མེད། ལཉྫ་དང་ཝརྟུ། སྨར་ཡིག ཧོར་ཡིག གཟི་ཡིག་སོགས་བརྩམས་ཆོས་ཡོད་དོ་ཅོག་གི་ལོགས་སུ་བོད་ཡིག་དབུ་ཅན་གྱི་མཆན་འགོད་དགོས།

   3བརྩམས་ཆོས་གང་ཡིན་ལ་མཐའ་རྒྱན་སྤྲད་མི་དགོས།(དམིགས་བསལ་གྱི་རྣམ་པ་དེ་སྦྱར་ཆུས་ཏོག་ཙམ་སྦྱར་ཆོག)ཞ་སྨྱུག་གིས་བརྩམས་ཆོས་རྒྱབ་ལོགས་ཀྱི་གཡས་ཟུར་དུ་བརྩམས་ཆོས་ཀྱི་མིང་དང་འབྲི་ལུགས། རུས་མིང་། ཕོ་མོ། ཐོབ་ཐང་ལག་ཁྱེར་གྱི་ཨང་གྲངས། འབྲེལ་གཏུག་ཁ་པར། འབྲེལ་གཏུག་ས་གནས། སྦྲགས་སྲིད་ཨང་གྲངས་བཅས་གསལ་བོ་བྲི་བར་བྱ།

   (གསུམ)ཐེངས་འདིའི་འགྲན་ཞུགས་བརྩམས་ཆོས་བསྡུ་བའི་བྱ་འགུལ་གྱིས་འགྲན་ཞུགས་གྲོན་དངུལ་བསྡུ་རྒྱུ་མིན། འགྲན་ཞུགས་བརྩམས་ཆོས་མཚམས་འཇོག་དུས་ཚོད་ནི 2018ལོའི་ཟླ 6 པའི་ཚེས 30ཉིན་བར་ཡིན། བརྩམས་ཆོས་མྱུར་སྐྱེལ་གྱིས་བསྐུར་རོགས། ཐེངས་འདིའི་འགྲན་ཞུགས་བརྩམས་ཆོས་བསྡུ་བའི་མི་སྣ་ཉུང་བ་སོགས་ཀྱི་རྐྱེན་གྱིས་བརྩམས་ཆོས་དག་ཕྱིར་བསྐུར་རྒྱུ་མིན།

   (བཞི)འགྲན་ཞུགས་བརྩམས་ཆོས་བསྐུར་ཡུལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་འགག་ཆུ་ལམ 198པ། ཀན་ལྷོ་ཉིན་རེའི་གསར་འགྱུར་ཁང་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་བརྩམས་ཆོས་བསྡུ་སྒྲིག་གཞུང་ལས་ཁང་།

  甘肃省甘南州合作市沿河路198号 甘南日报社藏文 书法大赛征稿办公室

འབྲེལ་གཏུག་བྱེད་མི།   བཀྲ་ཤིས་ཚེ་རིང་།  扎西才让

འབྲེལ་གཏུག་ཁ་པར།  13893990006  手机:13893990006

སྦྲགས་ཨང་།    747000  邮编:747000

   (ལྔ)བརྩམས་ཆོས་དཔྱད་འདེམ། དཔྱད་བསྡུར་ཆེད་མཁས་ཚན་ཆུང་གིས་ཐེངས་འདིའི་དཔྱད་འདེམ་ཨུ་ཡོན་ལྷན་ཁང་གྲུབ་པ་དང་དཔྱད་ཞིབ་བྱ་བའི་འགན་འཁུར་ནས་དཔྱད་འདེམ་བྱ་བ་ཡོངས་བསྒྲགས་དང་འདྲ་མཉམ་དྲང་གཞག་ཡོང་བ་བྱ་རྒྱུ།

   (དྲུག)བྱ་དགའ་འགོད་སྟངས། ཐེངས་འདིའི་འགྲན་བསྡུར་ཆེན་མོར་དམིགས་བསལ་གྱི་བྱ་དགའ་གཅིག་ཡོད་དེ་བྱ་དགའི་མ་དངུལ་ནི་སྒོར 20000 ཡིན། བྱ་དགའ་ཨང་དང་པོ་གཅིག་སྟེ་བྱ་དགའི་མ་དངུལ་ནི་སྒོར 10000 ཡིན། བྱ་དགའ་ཨང་གཉིས་པ་གཉིས་ཏེ་བྱ་དགའི་མ་དངུལ་ནི་བརྩམས་ཆོས་རེ་ལ་སྒོར 6000 ཡིན། བྱ་དགའ་ཨང་གསུམ་པ་གསུམ་སྟེ་བྱ་དགའི་མ་དངུལ་ནི་བརྩམས་ཆོས་རེ་ལ་སྒོར 3000 ཡིན། ཕུལ་བྱུང་བྱ་དགའ་སྐོར་ཞིག་ཡོད་དེ་བྱ་དགའི་མ་དངུལ་ནི་བརྩམས་ཆོས་རེ་ལ་སྒོར 1000ཡིན། བྱ་དགའ་ཐོབ་མཁན་ཚང་མར་མཚན་སྙན་དཔང་ཡིག་སྟེར་རྒྱུ།


གསུམ།  དོན་ཚན་གཞན་པ།


   (གཅིག)བྱ་འགུལ་གྱི་བརྒྱུད་རིམ།

      1དཔྱད་ཞིབ་དུས་ཚོད། 2018ལོའི་ཟླ 8པ།

      2བྱ་དགའ་ཐོབ་པའི་བརྩམས་ཆོས་འགྲེམ་སྟོན་དུས་ཚོད་དང་ས་གནས། 2018ལོའི་ཟླ 8པར“བླ་བྲང་དྲ་གླིང”རྟགས་མའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཆེན་མོ་དེ་ཀན་ལྷོ་ཁུལ་གཙོས་གྲོང་ཁྱེར་ཀན་ལྷོ་བླ་བྲང་དྲ་གླིང་དུ་འགྲེམ་སྟོན་བྱ་རྒྱུ།

   (གཉིས)འགྲན་བསྡུར་དུ་ཞུགས་མཁན་ཚང་མས་ཐེངས་འདིའི་བརྩམས་ཆོས་བསྡུ་བའི་བརྡ་སྦྱོར་གྱི་ཐག་གཅོད་ཁག་བརྩི་སྲུང་དང་ཁས་བླངས་པ་ལྟར་བརྩི་རྒྱུ།

   (གསུམ)བཅའ་ཁྲིམས་ཀྱིས་འདོམ་པའི་ཁྱབ་ཁོངས་སུ་འགྲན་བསྡུར་ཆེན་མོའི་རྩ་འཛུགས་ཨུ་ཡོན་ལྷན་ཁང་ལ་ཐེངས་འདིའི་བྱ་འགུལ་གྱི་མཐའ་མཇུག་གི་འགྲེལ་བཤད་བྱེད་དབང་ལྡན།

   (བཞི)བྱ་དགའ་ཐོབ་པའི་མིང་ཐོ་དེ《ཀན་ལྷོ་ཉིན་རེའི་གསར་འགྱུར》(བོད་ཡིག་དང་རྒྱ་ཡིག་པར་མ)དང་སྨྱན་སྦྱོར་གསར་བར་ཡོང་བསྒྲགས་བྱ་རྒྱུ།


བཞི། བྱ་དགའ་སྤྲོད་པའི་དུས་ཚོད།


   ཐེངས་འདིའི་འགྲན་བསྡུར་ཆེན་མོ་དེ 2018ལོའི་ཟླ 8པའི་ཟླ་མཇུག་ཏུ་ཀན་ལྷོ་ཁུལ་དུ་བྱ་དགའ་སྤྲོད་པའི་མཛད་སྒོ་ཆེན་མོ་སྤེལ་རྒྱུའོ།།


ཞེས“བླ་བྲང་དྲ་གླིང”རྟགས་མའི་བོད་ཀྱི་ཡིག་གཟུགས་འགྲན་བསྡུར་ཆེན་མོའི་

རྩ་འཛུགས་ཨུ་ཡོན་ལྷན་ཁང་ནས།

2018ལོའི་ཟླ 2ཚེས 2ཉིན་ལ།


会员登录
登录
我的资料
留言
回到顶部